ཉག་རོང་རྫོང་གིས་གློག་ཤུགས་མཁའ་ལམ་གྱི་ཨར་ལས་སྐྲུན་རྒྱུར་མཐུན་སྦྱོར་བྱས།

དབྱངས་ཅན་གྱིས་བསྒྱུར།        2013-11-11

  ཉེ་ཆར།ཉག་རོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གློག་ཤུགས་མཁའ་ལམ་ཨར་ལས་ཀྱི་སྐུལ་འདེད་གྲོས་ཚོགས་འཚོགས་ནས་མཐུན་སྦྱོར་ལས་ཀར་བཀོད་སྒྲིག་བྱས་པར་མ་ཟད།མཐུན་སྦྱོར་ལས་སྒྲུབ་ཁང་གི་འགན་འཁྲི་དང་།ལས་ཀའི་ནང་རྐྱེན་དང་ལས་ཀའི་ལམ་ལུགས་བཅས་འཛུགས་གཉེར་དང་འཐུས་ཚང་དུ་བཏང་ནས་སྲུང་བྱའི་སྒྲིག་ལམ་ཡོད་དགོས་པ་དང་གཅིགཨར་ལས་སྡེ་ཚན་དང་བསམ་ཚུལ་བརྗེ་རེས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་དུ་གྲོས་མོལ་བྱེད་པའི་ནང་རྐྱེན་འཛུགས་གཉེར་བྱེད་པ་དང་ཕན་ཚུན་ཆ་འཕྲིན་བརྗེ་ལེན་བྱེད་དགོས་པ་དང་གཉིས།གློག་ཤུགས་མཁའ་ལམ་ཨར་ལས་ཀྱི་སྲིད་ཇུས་དྲིལ་བསྒྲགས་དཔྱད་ཡིག་དང་ས་ཞིང་བསྡུ་ལེན་ཐད་གསབ་དངུལ་སྤྲོད་པའི་དམིགས་ཚད་འཚོལ་བསྡུ་དང་།རྩོམ་སྒྲིག་པར་འདེབས་བྱེད་པ་དང་།ཤང་དང་གྲོང་རྡལ་སོ་སོར་རམ་འདེགས་བྱས་ཏེ་གཅིག་བསྡུས་དང་ཁ་ཐོར་གྱིས་དུད་ཚང་དུ་ཕྱིན་པའི་བྱེད་སྟངས་སྤྱད་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ།གསབ་དངུལ་སྤྲོད་པའི་སྲིད་ཇུས་བཅས་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་ཁྱིམ་ཚང་ཡོད་ཚད་ཀྱིས་ཤེས་ཐུབ་པ་བྱེད་དགོས་པ་དང་གསུམ།ཨར་ལས་དཔུང་སྡེ་ལ་རླངས་འཁོར་དང་།ཐོན་སྐྱེད་རྒྱུ་ཆ།ཨར་ལས་མི་སྣ་དོ་དམ་བྱེད་པའི་ལས་ཀ་སོགས་ལ་ཤུགས་སྣོན་རྒྱག་པ་དང་།ཡུལ་མིའི་གོམས་སྲོལ་ལ་བརྩི་འཇོག་དང་ཡུལ་དེ་རང་གི་མང་ཚོགས་དང་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཡ་རབས་ཚུལ་ལྡན་གྱི་སྒོས་ཨར་ལས་ལས་དགོས་པ་དང་བཞི།མཐུན་སྦྱོར་གཞུང་ལས་ཁང་གི་ལས་སྒྲུབ་མི་སྣས་མཐུན་སྦྱོར་ལས་ཀ་སྒྲུབ་རིང་དུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་།མང་ཚོགས་ཀྱི་ཁེ་ཕན།ཁེ་ལས་ཀྱི་ཕན་འབྲས་བཅས་ལ་བསམ་བློ་གང་ལེགས་གཏོང་བ་དང་སྒྲིག་ཁྲིམས་ལ་མཐུན་སྦྱོར་ནན་པོ་བྱས་ཏེ་མཐུན་སྦྱོར་གསལ་པོ་བྱེད་པ་དང་ལྔའི་བླང་བྱ་གསལ་པོ་བཏོན་པ་རེད།
  • ལེ་ཚན་སྔོན་མ།:ཞིང་དཔོན་གཞོན་པ་ཀྲུང་མེན་གྱིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།: ལི་ཐང་རྫོང་གིས་ཏང་གི་འཛུགས་སྐྲུན་ལས་ཀར་དམ་འཛིན་བྱས་ཏེ་དམངས་ལ་ཕན་པ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།