སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།(2)

(ཚེ་མཚོ་དང་གངས་སྐྱིད་གཉིས་ཀྱིས་བསྒྱུར།)        2013-01-31


ཝང་ཏུང་མིང་གིས་མཇུག་བསྒྲིལ་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ཞིང་།ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཚབ་ཞུས་ནས་ཚོགས་ཆེན་ལེགས་འགྲུབ་ཡོང་བ་དང་།གསར་དུ་བདམས་ཐོན་བྱུང་བའི་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚོ་པ་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།འགན་བཞེས་འཚམས་འཇོག་མ་ཐག་ཡིན་པའི་སྐབས་བཅུ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་ཐའོ་ཝུའུ་ཞན་དང་ཀྲུའུ་ཞི་གཞོན་པ་ཁ་ཤས་དང་།སྐབས་བཅུ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་རྫོགས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་དང་གུས་འདུད་ཞུས་པ་རེད།
ཝང་ཏུང་མིང་གིས་བསྟན་དོན།ཕྱིན་ཆད་ཀྱི་ལོ་ཁ་ཤས་རིང་།ང་ཚོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་།འཕེལ་རྒྱས་མགྱོ གས་པོ་གཏོང་རྒྱུའི་ལས་ཀའི་ནང་དོན་ཁོང་དུ་ཆུད་པ་བྱེད་དགོས།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུ་ནི་མི་གཙོ་བོར་འཛིན་པའི་སྲོག་ཤིང་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ཀྱི་རྩ་བའི་བླང་བྱ་དོན་འཁྱོལ་བྱེད་པ།གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པའི་རྩ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་པ་འཛུགས་ས་དེ་སྤུས་ཀ་དང་ཕན་འབྲས་མཐོ་རུ་གཏོང་བའི་ཐོག་ཏུ་སྤོ་བསྒྱུར་བྱེད་དགོས།འཕེལ་རྒྱས་མགྱོ གས་པོ་གཏོང་སྐབས།སི་ཁྲོན་ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ཆོས་གསལ་པོར་མཐོང་དགོས་པས།བརྗོད་བྱ་གཙོ་བོའི་གཙོ་ཕྱོགས་ཀྱི་སྔོན་འགྲོ་བའི་ཆ་རྐྱེན་འོག  རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་མྱུར་ཚད་ལས་མཐོ་བ་སྲུང་འཛིན་བྱེད་པ་དང་།མཆོང་བརྒལ་འཕེལ་རྒྱས་ཀྱི་གནས་ཚུལ་རྗེས་རྙེད་བྱེད་པར་སྲུང་འཛིན་བྱས་ནས་རྒྱལ་ཡོངས་ཀྱི་རྗེས་སུ་དམ་པོ་འབྲང་བ་དང་ཤར་རྒྱུད་མྱུར་དེད་བྱས་ནས་སི་ཁྲོན་དེ་དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོ་ནས་དཔལ་འབྱོར་གྱི་ཞིང་ཆེན་སྟོབས་འབྱོར་ལྡན་པའི་ལོ་རྒྱུས་རང་བཞིན་ལྡན་པའི་མཆོང་བརྒལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཕྱིན་ཆད་ཀྱི་ལོ་འགའི་ནང་ང་ཚོས་ཕྱོགས་མང་པོ་དང་སྣེ་མང་པོའི་རྒྱབ་རྟེན་འཐབ་ཇུས་ལག་ལེན་བསྟར་དགོས།  མུ་མཐུད་ནས་ཁྲེང་ཏུའུ་སྔོན་དུ་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་ཨང་དང་པོའི་གོ་གནས་མཐོ་རུ་སྤར་བར་རྒྱབ་སྐྱོར་བྱེད་པའི་དུས་མཚུངས་སུ།  ཤུགས་ཆེན་པོས་གྲོང་ཁྱེར་རིམ་པ་གཉིས་པའི་འཕེལ་རྒྱས་གཏོར་བརྒལ་ཡོང་བ་དང་གཞི་རིམ་གྱི་རྨང་གཞི་སྲ་བརྟན་བཏང་སྟེ་ཁྲེང་ཏུའུ་གྲོང་ཁྱེར་སྔོན་དུ་གོང་འཕེལ་ཡོང་བ་དང་གྲོང་ཁྱེར་རིམ་པ་གཉིས་པ་དང་གསུམ་པའི་བར་འགྲན་རྩོད་ཀྱིས་འཕེལ་རྒྱས་མཆོང་རྒལ་ཡོང་བའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཐུབ་པ་བྱེད་དགོས།  ཕྱོགས་མང་པོ་འཕེལ་རྒྱས་གཏོང་བ་ཞེས་པ་ནི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་སྟོབས་ལྡན་གཏང་རྒྱུ་དེ་རེད།  ལོ་ལྔ་ཡས་མས་ཀྱི་འབད་འཐབ་བྱས་པར་བརྒྱུད།  གྲོང་ཁྱེར་དང་རང་སྐྱོང་ཁུལ་ཚོ་གཅིག་གི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར2000ལས་བརྒལ་གང་ཐུབ་བྱ་རྒྱུ་དང་།  གྲོང་ཁྱེར་དང་རང་སྐྱོང་ཁུལ་ཚོ་གཅིག་གི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར1500ལས་བརྒལ་གང་ཐུབ་བྱ་རྒྱུ།  སྣེ་མང་པོ་འཕེལ་རྒྱས་གཏོང་བ་ཞེས་པ་ནི་ཁྱབ་ཁོངས་དཔལ་འབྱོར་གོང་འཕེལ་ཇེ་དྲག་ཏུ་གཏང་རྒྱུ་དང་།  ཁྲེང་ཏུའུ་དང་ཁྲུང་ཆིན་གྱི་དཔལ་འབྱོར་ས་ཁུལ་དང་ཁྲེང་ཏུའུ་ཡི་གྲོང་ཁྱེར་གསར་པའི་ཁྱབ་ཁོངས་ཀྱི་འཆར་འགོད་ལག་ལེན་བསྟར་རྒྱུ།  གྲོང་ཁྱེར་ཆེན་པོ་བཞི་གསོ་སྐྱོང་བྱ་རྒྱུ།  དཔལ་འབྱོར་ས་ཁུལ་ཆེན་པོ་ལྔ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་སི་ཁྲོན་འཕེལ་རྒྱས་གཏོང་བར་རྒྱབ་རྟེན་བྱེད་སའི་འཕར་སྣོན་ཡོང་ས་གསར་པ་ཞིག་ཆགས་ཐུབ་པ་བྱ་རྒྱུ།  དུས་མཚུངས་སུ།  རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དེ་རྒྱ་སྐྱེད་དུ་བཏང་སྟེ་མི་རིགས་ས་ཁུལ་དང་།  གསར་བརྗེའི་གནས་གཞི་ས་ཁུལ་རྙིང་པ།  དབུལ་ཕོངས་ས་ཁུལ་བཅས་མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཕྱིན་ཆད་ཀྱི་ལོ་དགའི་ནང་ང་ཚོས་བཟོ་ལས་ཀྱིས་ཞིང་ཆེན་དར་སྤེལ་གཏོང་བ་དང་།  ཐོན་ལས་ཀྱིས་ཞིང་ཆེན་དར་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།  བཟོ་ལས་དང་ཁྱད་པར་དུ་དེང་རབས་ཀྱི་བཟོ་སྐྲུན་ལས་རིགས་མངོན་གསལ་དོད་པོས་འཕེལ་རྒྱས་གཏོང་དགོས།  ལོ་འགའི་དུས་ཚོད་སྤྱད་དེ་ཐོན་ལས་ཇེ་དྲག་ཏུ་བཏང་སྟེ་དེང་རབས་ཐོན་ལས་ཀྱི་མ་ལག་གསར་པ་ཆགས་པ་བྱས་ཏེ་ནུབ་རྒྱུད་དང་ཡང་ན་རྒྱལ་ཡོངས་ཀྱི་ཐོན་ལས་ནང་གལ་ཆེའི་གོ་གནས་ཤིག་བཟུང་གང་ཐུབ་བྱེད་དགོས།  ཁྱད་ཆོས་ལྡན་པའི་མཐུན་རྐྱེན་གྱི་ཐོན་ལས་དང་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་འཕེལ་རྒྱས་གཏོང་ཕྱོགས་གཙོ་བོ་བྱེད་དགོས།  གཙོ་གནད་དུ་མཐུན་རྐྱེན་གྱི་ཐོན་ལས་ཆེན་པོ7འཕེལ་རྒྱས་གཏོང་བ་དང་།  སྒོར་དུང་ཕྱུར་ཁྲི་ལྡན་པའི་ཐོན་ལས་དང་།  དུང་ཕྱུར་སྟོང་ལྡན་པའི་དཔལ་འབྱོར་སྡེ་ཁུལ། དུང་ཕྱུར་བརྒྱ་ལྡན་པའི་ཁེ་ལས་བཅས་གསོ་སྐྱོང་མགྱོ གས་པོ་བྱེད་དགོས།  བཟོ་ལས་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས།  ཁེ་ལས་ཀྱིས་གསར་སྐྲུན་བྱེད་པའི་གཙོ་གནད་ཀྱི་གོ་གནས་མངོན་གསལ་དོད་པོ་བྱེད་དགོས།  རང་དབང་གིས་གསར་སྐྲུན་བྱེད་པ་དང་ཚན་རྩལ་དེ་གྲུབ་འབྲས་སུ་སྒྱུར་བར་ཤུགས་སྣོན་རྒྱག་དགོས།  གསར་སྐྲུན་གྱིས་འཕེལ་རྒྱས་ཡོང་བར་འདེད་སྐུལ་བྱེད་ཤུགས་གསར་པ་ཇེ་དྲག་ཏུ་གཏོང་དགོས།
ཕྱིན་ཆད་ཀྱི་ལོ་འགའི་ནང་ང་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་རྣམ་པ་གསར་པའི་གྲོང་རྡལ་ཅན་ལ་སྐུལ་འདེད་ཇེ་མགྱོ གས་སུ་གཏོང་དགོས།  ལེགས་བསྡུས་ཞིབ་གཉེར་དང་།  བློ་གྲོས།  ལྷད་མེད།  དབྱངས་གཉིས་སོལ་འགྱུར་ཉུང་བའི་རྣམ་པ་གསར་པའི་གྲོང་རྡལ་ཅན་སྐྲུན་པའི་ལམ་བུའི་ཐོག་སྐྱོད་པ་རྒྱུན་འཁྱོངས་བྱེད་དགོས།  ཚན་རིག་དང་མཐུན་པའི་སྒོས་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་ཅན་གྱི་འཆར་འགོད་མ་ལག་བཟོ་འགོད་བྱེད་དགོས།  ཁྲེང་ཏུའུ་ཡིས་གྲོང་ཁྱེར་ཆེན་པོ་དང་ལྟེ་བ་ཡིན་པའི་ཁྱབ་འགྱེད་དང་སྐུལ་འདེད་ཀྱི་ནུས་པ་དེ་བས་ཡག་པོ་ཐོན་པར་རྒྱབ་སྐྱོར་བྱེད་དགོས།  ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་གཞན་དག་དེ་གྲོང་ཁྱེར་ཆེ་ཤོས་དང་གྲོང་ཁྱེར་ཆེན་པོར་འཕེལ་བར་སྐུལ་འདེད་གཏོང་དགོས།  ཧུར་ཐག་གིས་གྲོང་ཁྱེར་ཆུང་འབྲིང་དང་གྲོང་རྡལ་ཆུང་ཆུང་འཕེལ་རྒྱས་བཏང་སྟེ་གྲོང་རྡལ་གྱི་མི་གྲངས་དེ་ཞིང་སྡེའི་མི་གྲངས་ལས་བརྒལ་བའི་འཕོ་འགྱུར་ཆེན་པོ་མངོན་འགྱུར་ཡོང་གང་ཐུབ་བྱེད་དགོས།   གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོ་རུ་གཏོང་བར་དེ་བས་མཐོང་ཆེན་བྱེད་དགོས།  བཟོ་ལས་ཅན་གྱིས་གྲོང་རྡལ་ཅན་ལ་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།  ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས།  གོ་རིམ་ལྡན་པར་ཞིང་ལས་ཀྱི་གནས་སྤོ་མི་གྲངས་གྲོང་མི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།  གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་མཐོ་རུ་གཏོང་དགོས།
ཕྱིན་ཆད་ཀྱི་ལོ་དགའི་ནང་ང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ཞིང་གསུམ་གནད་དོན་ཡག་པོ་འཛིན་དགོས།  ཞིང་གསུམ་གནད་དོན་དེ་ལས་ཀ་ཧྲིལ་པོའི་གལ་ཆེ་ནང་གི་གལ་ཆེའི་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱེད་དགོས།  ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་རྒྱུ་དེ་གཙོ་གནད་བྱས་ཏེ་རྒྱུན་ཆད་མེད་པར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས།  ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་།  འབྲུ་རིགས་ཐོན་སྐྱེད་བརྟན་བརླིང་བྱེད་པ།  ཤུགས་ཆེན་པོས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་དགོས།  ཐོན་ལས་དང་གྲོང་ཚོ་མཉམ་འདྲེས་དང་།  ཡུལ་འབྲེལ་བྱས་ཏེ་ཞིང་སྡེ་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་བ་དེ་ཞིང་གསུམ་གནད་དོན་གྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་རྩིས་དགོས།  གྲོང་གསར་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མཉམ་དུ་གཏོང་བ་དང་གྲོང་ཁུལ་བཟོ་བཅོས་དང་ཐོན་ལས་ཀྱི་ཆགས་ཚུལ་ཕན་ཚུན་མཐུན་སྦྱོར་ངང་མཉམ་འདྲེས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།  རི་བོ་དང་ཆུ་བོ།ས་ཞིང་།གཞུང་ལམ་བཅས་ཕྱོགས་བསྡུས་བཟོ་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ་ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་གྱི་ཆུ་ཚད་དང་ཞིང་པའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། 
ཕྱིན་ཆད་ཀྱི་ལོ་འགའི་ནང་ང་ཚོས་ནུས་ཤུགས་གཅིག་བསྡུས་ཀྱིས་དབུལ་སྐྱོར་འགག་སྒྲོལ་དང་དམངས་འཚོ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།  ཐོག་མཐའ་བར་གསུམ་དུ་མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོའི་ཐད་ཀྱི་གཏོང་འཇོག་ཇེ་ཆེ་རུ་གཏོང་དགོས་ཤིང་།  གཙོ་གནད་ཀྱི་དམངས་འཚོ་ལས་གྲྭ་ལག་ལེན་བསྟར་བ།  མང་ཚོགས་ཀྱིས་ཆེས་སེམས་ཁུར་དང་ཆེས་རེ་བ་བཅངས་པའི་བྱ་བ་ཡག་པོ་བསྒྲུབས་ཏེ་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་འཇུག་དགོས།  དེ་བས་ཐད་ཀར་དང་སྟོབས་ལྡན་གྱི་བྱེད་ཐབས་བླངས་ཏེ་མི་རིགས་ས་ཁུལ་དང་།  གསར་བརྗེའི་གནས་གཞི་ས་ཁུལ་རྙིང་པ།  དབུལ་ཕོངས་ས་ཁུལ་བཅས་མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།  མཐོ་སྒང་གི་བོད་ཁུལ་དང་།  ཆིན་པ་རི་ཁུལ།  ཝུའུ་མེང་རི་ཁུལ། ལིའང་ཧྲན་ཆེ་ཆུང་གི་དབྱིས་རིགས་ས་ཁུལ་སོགས་ས་གནས་ཆེན་པོ་བཞི་དེ་འཕེལ་རྒྱས་གཏོང་ཡུལ་གཙོ་བོར་བརྩིས་ཏེ་ཤུགས་ཆེན་པོས་གཅིག་བསྡུས་དང་ཡུལ་འབྲེལ་བྱས་ཏེ་དབུལ་སྐྱོར་གསར་སྦོལ་བྱེད་པར་སྐུལ་འདེད་གཏོང་དགོས།  དུས་བཀག་ལྟར་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དམིགས་ཡུལ་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས། 
ཕྱིན་ཆད་ཀྱི་ལོ་འགའི་ནང་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་ཟབ་སྤེལ་དང་གསར་སྦོལ་རྒྱ་སྐྱེད་གཏོང་དགོས།  སྙིང་སྟོབས་དང་ཆབ་སྲིད་ཀྱི་བློ་གྲོས་དེ་བས་ཆེན་པོ་ཁྱེར་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས།  འཕེལ་རྒྱས་གཏོང་བར་ཚོད་འཛིན་བྱེད་པའི་སྒྲིག་གཞི་དང་ནང་རྐྱེན་གྱི་འགལ་རྐྱེན་དང་བསམ་བློའི་འདུ་ཤེས་མེད་པ་བཟོ་དགོས།  རྒྱུན་ཆད་མེད་པར་ཐོན་སྐྱེད་ཀྱི་ནུས་ཤུགས་བཅིངས་འགྲོལ་གཏོང་བ་དང་འཕེལ་རྒྱས་བཏང་སྟེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཀྱི་ཐོན་ཁུངས་དང་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས།   ནང་ཁུལ་དང་ཕྱི་ཕྱོགས་ཀྱི་གསར་སྦོལ་མཉམ་དུ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།  འཛམ་གླིང་ཡོངས་ཀྱི་གཞི་ཁྱོན་དུ་འཕེལ་རྒྱས་གཏོང་བའི་གོ་སྐབས་དེ་བས་མང་པོ་འཚོལ་དགོས།  ཚོང་འགུགས་དངུལ་འདྲེན་བྱས་ཏེ་གཏོར་བརྒལ་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།  ཕྱི་ཕྱོགས་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་གསར་སྦོལ་བྱེད་པའི་རྣམ་པ་ཞིག་ཆགས་ཐུབ་པ་བྱེད་དགོས།
འཕེལ་ས་གསར་པའི་ཐོག་ལངས་ཏེ་སི་ཁྲོན་གྱིས་འཕེལ་རྒྱས་གཏོང་བ་དེ་རེ་བ་ཆེན་པོས་ཁེངས་པའི་འཕེལ་རིམ་གསར་པ་ཞིག་འབྱེད་ཡོད།  ང་ཚོས་འཕེལ་རྒྱས་གཏོང་རྒྱུ་ལྷོད་གཡེང་དུ་མི་གཏོང་བ་དང་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དམིགས་ཡུལ་མངོན་འགྱུར་ཡོང་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་སྐྱོད་པ་དང་།  དཀའ་སྤྱད་འབད་འཐབ་དང་འབད་འཐབ་དངོས་སྒྲུབ་ལོ་འགའ་བྱས་ན་མཛེས་སྡུག་ལྡན་པའི་ཕྱུག་གྱུར་དང་འཆམ་མཐུན་བརྟན་བརླིང་གི་སི་ཁྲིན་དེ་འཛམ་གླིང་ཡོངས་ཀྱི་མིག་ལམ་དུ་ཤར་ཐུབ་རྒྱུ་རེད།
ཝང་ཏུང་མིང་གིས་ནན་གསུང་གནང་དོན།  སི་ཁྲོན་གྱི་འབྱུང་འགྱུར་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱེད་དགོས་ན།  ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ནུས་ཤུགས་མཐུན་སྦྱོར་གྱིས་འགག་སྒྲོལ་བྱེད་དགོས་ལ།   མི་རིགས་སོ་སོ་དང་ལས་རིགས་སོ་སོས་ཀྱང་བློ་གཅིག་སེམས་གཅིག་གིས་འབད་འཐབ་བྱེད་དགོས།  མི་དམངས་སྲིད་གྲོས་ལ་ཕྱོགས་གང་ཐད་ཀྱི་བསམ་འཆར་སྡུད་ཐུབ་ཅིང་།  ཕྱོགས་གང་ཐད་ཀྱི་བློ་གྲོས་དང་ནུས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་བའི་ཐད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ལྡན་པ།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འགན་སེམས་དེ་བས་ཆེན་པོ་འཛིན་དགོས་པ་དང་།  ལྟེ་བའི་ལས་ཀར་དམིགས་ཏེ་ནན་ཏན་གྱིས་ལས་འགན་སྒྲུབ་དགོས།  མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ཕྱོགས་གང་ཐད་ཀྱི་དགེ་མཚན་རང་བཞིན་སྐུལ་སློང་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་དང་ལག་གདང་སྦྲེལ་ཏེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཐུན་མོང་དུ་འབད་འཐབ་བྱེད་དགོས། 
ལི་ཁྲུང་ཞིས་མཇུག་སྒྲིལ་བའི་ཚོགས་ཆེན་ཐོག་གསུངས་དོན།  ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏང་རྒྱུའི་གལ་ཆེའི་འཐབ་ཇུས་མཛད་ཡོད།  ཞིང་ཆེན་ཏང་ཨུས་སྲིད་གྲོས་ལས་ཀ་དེ་ཁྱོན་ཡོངས་ལས་ཀའི་གལ་ཆེའི་གྲུབ་ཆར་བརྩིས་ཏེ་སྐུལ་འདེད་བཏང་ཡོད།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གནང་བའི་གསུང་བཤད་གལ་ཆེན་དེ་སི་ཁྲོན་འབྱུང་འགྱུར་འཕེལ་རྒྱས་གཏང་རྒྱུའི་དམིགས་ཡུལ་ལས་འགན་དང་།  འཐབ་ཇུས་ཀྱི་བསམ་ཚུལ།  གལ་ཆེའི་བྱེད་ཐབས་བཅས་འགྲེལ་བཤད་མཛད་ཡོད་པ་དེ་སྲིད་གྲོས་ལས་ཀའི་ལས་འགན་བསྒྲུབ་རྒྱུའི་གཙོ་གནད་དང་འབད་འཐབ་བྱ་རྒྱུའི་བྱེད་ཕྱོགས་གསལ་པོ་བསྟན་ཡོད་ལ།  རེ་བ་ཟབ་མོའང་བཅངས་ཡོད།  སྐབས་གསར་པའི་སྲིད་གྲོས་ཀྱིས་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་།  བསམ་བློ་དང་བྱ་སྤྱོད་དེ་གསུང་བཤད་ཀྱི་སྙིང་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་།  བློ་གྲོས་དང་ནུས་ཤུགས་དེ་ཞིང་ཆེན་ཏང་ཨུས་གཏན་འབེབས་བྱས་པའི་དམིགས་ཡུལ་ལས་འགན་ཁག་མངོན་འགྱུར་ཡོང་བའི་ཐོག་འདུས་དགོས།
  • ལེ་ཚན་སྔོན་མ།:ད་ལོའི་དཔྱིད་གསར་དུས་ཆེན་ནང་ཕྱི་ཡུལ་དུ་མི་འགྲོ་ནའང་ཆོག
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་བྱེད་ཐབས་བཞི་སྤྱད་ནས་འགུལ་འགོག་གནོད་སེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།