ཉག་རོང་རྫོང་གིས་བྱེད་ཐབས་བཞི་སྤྱད་ནས་འགུལ་འགོག་གནོད་སེལ་བྱས།

(དབྱངས་ཅན་གྱིས་བསྒྱུར།)        2013-01-31

དཔལ་ཡུལ་རྫོང་དུ་ས་འགུལ་བྱུང་ནས་ཉེ་འཁོར་དུ་གནས་པའི་ཉག་རོང་རྫོང་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་ཡུལ་དེ་རང་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད། དེར་བརྟེན། རྫོང་དེས་བྱེད་ཐབས་བཞི་སྤྱད་ནས་གནོད་སྐྱོན་རྟོགས་ཞིབ་དང་ཞིབ་དཔྱད། གནོད་སེལ་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་པ་རེད།
གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམས་བྱས།  གནོད་སེལ་སྦྲ་གུར་སོགས་གནོད་སེལ་དངོས་རྫས་སྤྲོད་པ་དང་གཉེན་ཉེ་གྲོགས་པོ་ལ་རྟེན་པའི་བྱེད་སྟངས་སྤྱད་ནས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་པ་དང་། མིག་སྔར་གནོད་ཐེབས་མང་ཚོགས་ཚང་མ་བཀོད་སྒྲིག་འོས་འཚམས་བྱས་ཟིན། གནོད་སྐྱོན་ཐེབས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་ལྡན་ཡིན་པ་དང་མང་ཚོགས་ཀྱི་བློ་སེམས་བདེ་མོ་ཡིན། མིག་སྔའི་བར་དུ་སླེབས་དུས།གནོད་ཐེབས་ས་ཁུལ་ལ་ཁྱོན་བསྡོམས་གུར35དང་སྲིང་བལ་གྱི་ཉལ་ཆས50སྤྲད་ཡོད་པ་དང་།གནོད་ཐེབས་མང་ཚོགས་ལ་བདེ་འདྲིའི་མ་དངུལ་སྒོར་ཁྲི9དང་། འབྲས་སྤྱི་བརྒྱ1200 ། གྲོ་སྤྱི་བརྒྱ1200 ། བཟའ་སྣུམ་འགྱིག་དམ24སོགས་སྤྲད་ཡོད།
འཕྲོ་ལུས་ས་འགུལ་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ། ཤང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོས་མུ་མཐུད་དེ་ཆུ་ཚོད24རིང་སྡོད་རེས་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས། ཆ་འཕྲིན་གྱི་ཐབས་ལམ་ཐོགས་འགག་མེད་པ་བྱས་ཏེ་དུས་ཐོག་ཏུ་ཐག་གཅོད་དང་གནོད་སྐྱོན་གྱི་གནས་ཚུལ་སྙན་ཞུ་བྱ་རྒྱུར་ཁག་ཐེག་བྱས། སྤྱི་བདེ་དང་། དྲག་ཆས་ཉེན་རྟོག  བབ་བསྟུན་ཡུལ་དམག་དཔུང་སྡེ། ལས་བྱེད་པ་དང་ལས་བཟོ་སོགས་ཚང་མས་བབ་བསྟུན་ཉེན་སེལ་གྱི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས་ཡོད།
  གནོད་སྐྱོན་ཐེབས་རྗེས་བསྐྱར་འཛུགས་ཀྱི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས། གནོད་སྐྱོན་ཐེབས་ཚུལ་ལྟར་འབྲེལ་ཡོད་སྡེ་ཁག་ལ་དུས་ཐོག་ཏུ་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་ཀར་འཆར་འགོད་བཟོ་འགོད་བྱ་རྒྱུ་དང་། བསྐྱར་སྐྲུན་དང་འགུལ་འགོག་ལས་ཀའི་འཆར་འགོད་གཏན་འབེབས་བྱེད་དགོས་པའི་བླང་བྱ་བཏོན་ནས། གོང་རིམ་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པའི་རྨང་གཞིའི་ཐོག་གནོད་སེལ་མ་དངུལ་འགའ་རང་གྲབས་བྱས་ནས་ཁ་གསབ་རོགས་དངུལ་འོས་འཚམས་སྤྲད། གནོད་སྐྱོན་ཐེབས་པའི་ཟམ་པར་ཆེད་ལས་མཁན་ཅན་གྱིས་གསལ་འབྱེད་དང་ཚོད་དཔག་བྱས་པ་ལྟར་ཉམས་གསོའི་འཆར་འགོད་གཏན་འབེབས་བྱས། གནོད་སྐྱོན་ཐེབས་པའི་གློག་འདོན་ས་ཚུགས་ལ་གློག་འདོན་རྒྱུ་ཉམས་གསོ་བྱས་ཟིན།
  ནུས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱས། ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་ཀྱིས་མཛུབ་སྟོན་དོན་འཁྱོལ་ཡག་པོ་བྱས་ནས། རྫོང་རིམ་པའི་འགོ་ཁྲིད་དང་ཉེ་མཉེན་སྒྲིག་པའི་ལས་བྱེད་པ་དང་ལས་བཟོ་གནོད་ཐེབས་མང་ཚོགས་ཀྱི་ཁྱིམ་དུ་ཕྱིན་ནས་སེམས་གསོ་དང་བདེ་འདྲིའི་ལས་ཀ་བསྒྲུབས་པ་དང་། གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཤེས་རྟོགས་བྱས་ནས། རིམ་བཞིན་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱས་ཏེ་གནོད་ཐེབས་མང་ཚོགས་ཀྱིས་སྤྲོ་སྐྱིད་དང་།  ཕུན་སུམ་ཚོགས་པ། བརྟན་བརླིང་གི་དུས་ཆེན་ཞིག་རོལ་ཐུབ་པར་ཁག་ཐེག་བྱས།
  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གིས་མཐུན་རྐྱེན་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་གསོ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།