ད་ལོའི་དཔྱིད་གསར་དུས་ཆེན་ནང་ཕྱི་ཡུལ་དུ་མི་འགྲོ་ནའང་ཆོག

(ལྷ་འཛོམས་ཀྱིས་བསྒྱུར།)        2013-01-31

ན་ལོའི་ལོ་འགོར་ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭ་སྤེལ་འགོ་ཚུགས།བཟོ་སྐྲུན་པས་དཀའ་སྤྱད་འབད་འཐབ་བྱས་པར་བརྒྱུད་ལོ་གཅིག་མ་རེད་གོང་ལས་གྲྭ་གྲུབ་ནས་ཁུལ་ཡོངས་ཀྱི་མི་དམངས་ཚོའི་དགའ་སྤྲོ་ཆེན་པོ་ཐོབ་པ་རེད།དེའང་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ནང་ཞུགས་མཁན་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཀུན་གྱི་གླེང་མང་ཤོས་ཀྱི་གནད་དོན་ཞིག་ཡིན་པ།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི།དཀར་མཛེས་རྫོང་སྲིད་གཞུང་གི་རྫོང་དཔོན་ལུང་མིང་ཨ་འཛིན་གྱིས་བཤད་དོན།དཀར་མཛེས་རྫོང་དང་སེར་ཤུལ་རྫོང་ལ་གློག་དྲ་སྦྲེལ་བའི་ལས་གྲྭ་ནས་ཁེ་ཕན་ཐོབ་ཡོད།གློག་ཤར་གཏོང་ཐུབ་རྗེས་དཔྱིད་གསར་དུས་ཆེན་སྐབས་ས་ཁུལ་བགོས་ནས་གློག་སྤྱོད་མི་དགོས་པས།ལས་བྱེད་པ་དང་མང་ཚོགས་ཀྱིས་དཔྱིད་གསར་མཉམ་སྤྲོ་དགོང་ཚོགས་མགོ་མཇུག་ཚང་པོ་ལྟ་ཐུབ་རྒྱུ་རེད།དཀར་མཛེས་རྫོང་གི་ལས་བྱེད་པ་ཚོས་ད་ལོའི་དཔྱིད་གསར་དུས་ཆེན་ནང་ཕྱིར་མི་འགྲོ་བར་དཀར་མཛེས་རྫོང་དུ་ལོ་གསར་གཏོང་རྒྱུ་ཡིན་ཞེས་བཤད་བཞིན་ཡོད།
ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་འོག  རང་ཁུལ་གྱི་ལྷོ་རྒྱུད་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་མགྱོ གས་པོ་སྤེལ་ཡོང་རྒྱུ་རེད།ང་ཚོའི་འཚོ་བ་ཇེ་ཡག་འགྲོ་རྒྱུ་རེད།ཞིང་ཆེན་དམངས་ཆེན་གྱི་འཐུས་མི།ལི་ཐང་རྫོང་ཏང་ཨུའི་ཧྲུའུ་ཅི་ལེ་ཅན་ཕིང་གིས་འདི་ལྟར་བཤད།
ར་རྔ་ཁ་ནས་དཀར་མཛེས།སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭ་གྲུབ་རྗེས་ཁེ་ཕན་ཐོབ་པའི་རྫོང་ཁག་གིས་གང་འདྲ་བྱས་ནས་ཐོན་ལས་འཕེལ་རྒྱས་མགྱོ གས་སུ་གཏོང་རྒྱུའི་སྐོར་ལ་སེར་ཤུལ་རྫོང་གི་ཏང་ཨུ་ཧྲུའུ་ཅི་ཝུའུ་ཆང་གིས་བཤད་རྒྱུར།སེར་ཤུལ་རྫོང་གི་ཞིང་འབྲོག་ལས་ཐོན་རྫས་ཧ་ཅང་འབེན་པོ་ཡིན་པས།དེང་སང་གློག་ཁྲིད་ས་ཚང་མས་བསམ་བློ་གཏོང་མང་ཤོས་ནི་ཞིང་འབྲོག་ཐོན་རྫས་ལས་སྣོན་བྱ་རྒྱུ་ཡིན་པས།ཞིང་འབྲོག་ཁུལ་གྱི་ཐོན་རྫས་ལས་སྣོན་ཟབ་མོ་བྱེད་པར་བརྒྱུད་རྒྱུན་ཆད་མེད་པར་མི་སེར་གྱི་ཡོང་འབབ་འཕར་སྣོན་གཏོང་རྒྱུ་རེད།
གྲོས་བསྡུར་ནང་ཞུགས་པའི་འཐུས་མིས་ར་རྔ་ཁ་ནས་དཀར་མཛེས།སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་ལ་བསམ་འཆར་ཡང་འདོན་པ།ལུང་མིང་ཨ་འཛིན་གྱིས་བཤད་རྒྱུར།ཀུའེ་ཀྲོའུ་ཞིང་ཆེན་གྱི་གློག་སྐུད་དུད་ཚང་དུ་ཁྲིད་པའི་དཔེ་སྟོན་ལ་དཔེ་ལྟ་ནས་མི་སེར་གྱི་གློག་སྤྱོད་རྒྱུའི་དཀའ་གནད་དེ་རྩ་བ་ནས་སེལ་གང་ཐུབ་བྱ་དགོས།
ཝུའུ་ཆང་གིས་བཤད་རྒྱུར།ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭ་གློག་སྐུད་གཙོ་བོ་གྲུབ་ནས་རྫོང་གྲོང་ཁུལ་དང་རྫོང་གྲོང་ཁུལ་མཐའ་འཁོར་གྱི་མི་སེར་ཚང་མས་གློག་སྤྱོད་ཐུབ་ཡོད་མོད།འོན་ཀྱང་རྒྱང་རིང་མཐའ་འཁོབ་གྲོང་སྡེའི་གློག་སྤྱོད་རྒྱུའི་དཀའ་གནད་ད་དུང་ཐག་གཅོད་བྱེད་ཐུབ་མེད་པས།ཞིང་ཆེན་གྱིས་རོགས་རམ་བྱས་ནས་ཞིང་སྡེའི་གློག་དྲ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་རེ་བ་ཞུ་བ་ཡིན།
  • ལེ་ཚན་སྔོན་མ།:འདབ་པ་རྫོང་ལ་ད་ལོར་གློག་འདང་ངེས་ཡོད།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།