རང་ཁུལ་གྱིས་སློབ་གྲྭར་ཞག་སྡོད་ལམ་ལུགས་གཞི་ཁྱོན་སྤུས་ལེགས་སློབ་འཛུགས་ཀྱི་ཡུལ་དངོས་ཉམས་མྱོང་སྤེལ་རེས་ཚོགས་ཆེན་འཚོགས།

(གསར་འགྱུར་པ་ཐུབ་བསྟན་གྱིས།)        2012-05-28

ཟླ་བ5པའི་ཚེས17ནས་ཚེས19བར།   དཀར་མཛེས་ཁུལ2012ལོའི་སློབ་གྲྭར་ཞག་སྡོད་ལམ་ལུགས་གཞི་ཁྱོན་སྤུས་ལེགས་སློབ་འཛུགས་ཀྱི་ཡུལ་དངོས་ཉམས་མྱོང་སྤེལ་རེས་ཚོགས་འདུ་དེ་སྔ་ཕྱིར་ལི་ཐང་དང་ཕྱག་ཕྲེང་།འབའ་ཐང་བཅས་རྫོང་གསུམ་དུ་འཚོགས་ཤིང་མཇུག་བསྡོམས་ཚོགས་ཆེན་དེ་འབའ་ཐང་རྫོང་དུ་གཟབ་རྒྱས་ངང་འཚོགས་པ་རེད།  ཚོགས་ཆེན་གྱི་དམིགས་ཡུལ་གཙོ་བོ་ནི་མིག་དཔེ་ལྟ་ས་བཞེངས་ནས་ཉམས་མྱོང་ཁྱབ་སྤེལ་གཏོང་བ་དང་།  ཁུལ་ཡོངས་ཀྱི་སློབ་གྲྭར་ཞག་སྡོད་ལམ་ལུགས་ཀྱི་གཞི་ཁྱོན་སྤུས་ལེགས་སློབ་འཛུགས་ཀྱི་ལས་གྲྭར་སྐུལ་སྤེལ་མགྱོགས་སུ་བཏང་ནས་འབྱུང་འགྱུར་གྱི་ལས་ཀར་འཆར་གཞི་བཞག་ཅིང་།  འོས་འགན་སློབ་གསོའི་རྫོང་གི་ཁྱབ་ཁོངས་ནང་ཚུད་དུ་ཆ་སྙོམས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་ནས་སློབ་མ་མང་པོར་སྔར་བས་དྲང་བདེན་སྤུས་ལེགས་ཀྱི་སློབ་གསོ་ཐེབས་སུ་འཇུག་རྒྱུ་དེ་རེད། 
ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་པའེ་སུའུ་དབྱིན་དང་།  ཁུལ་དཔོན་གཞོན་པ་ཞུས་ཁྲུན་ཞིའུ།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཏུང་ཞིའུ།  ཞིང་ཆེན་སློབ་གསོ་ཐིང་མི་རིགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲའེ་ཁྲུན་མིང་བཅས་ཚོགས་ཆེན་དུ་ཞུགས་པ་རེད།
ཁུལ་དཔོན་ཡེ་ཤེས་ཟླ་བ་ཚོགས་འདུར་ཕེབས་མ་ཐུབ་པས་ཁུལ་ཡོངས་ཀྱི་སློབ་གསོ་ལས་རིགས་དང་ཏང་སྲིད་ཀྱི་སློབ་གསོར་འགན་ཁུར་བའི་ལས་བྱེད་པར་ཡིག་འཕྲིན་སྤྲིངས་དོན།  སློབ་གསོ་ནི་རྒྱལ་ཁབ་ཇུས་ཆེན་ཡིན་ལ་དམངས་འཚོའང་ཡིན།  སློབ་གསོ་ནི་དེ་རིང་ཡིན་ལ་སང་ཉིན་ཡང་ཡིན།  སློབ་གསོ་ནི་དུད་ཁྱིམ་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ཅིང་དཔལ་འབྱོར་མཆོང་རྒལ་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ལ་སྐུལ་སྤེལ་གཏོང་བའི་ནང་དུ་སྔོན་ཁྲིད་རང་བཞིན་དང་།  ཁྱོན་ཡོངས་ཀྱི་རང་བཞིན།  རྨང་གཞིའི་རང་བཞིན་བཅས་ཀྱི་ནུས་པ་འདོན་བཞིན་ཡོད།  རྗེས་ལུས་གང་ཙམ་ཡིན་ན་དེ་ཙམ་གྱིས་སློབ་གསོ་འཕེལ་རྒྱས་གཏོང་དགོས་པ་རེད།  ངེས་པར་དུ་སློབ་གསོ་སྔོན་དུ་འཕེལ་རྒྱས་གཏོང་དགོས་པའི་འདུ་ཤེས་ཟུངས།  བསམ་ཕྱོགས་གསལ་པོ་ཁོད།  ཐབས་ཤེས་དོན་འཁྱོལ་ཐོངས།  སློབ་གསོའི་བྱ་གཞག་འཆར་གཞི་སྔོན་བཀོད་དང་མ་འཇོག་སྔོན་བཞག  སྤྱི་པའི་ཐོན་ཁུངས་སྒྲིག་སྦྱོར་སྔོན་བཀོད་བཅས་བྱས་ཏེ་སློབ་གསོའི་བསམ་ཕྱོགས་ལ་གསར་གཏོད་རང་བཞིན་དང་ལས་ཀའི་དངོས་སྒྲུབ་རང་བཞིན་ལ་ཁག་ཐེག་བྱེད་དགོས།  ཁོང་གིས་འཕྲིན་ཡིག་ནང་དུ་སློབ་གསོ་མཆོང་རྒལ་འཕེལ་རྒྱས་སྐུལ་སྤེལ་གཏོང་དགོས་ན་ངེས་ངར་དུ་སྔར་མེད་ཀྱི་བསམ་ཕྱོགས་དང་འདུ་ཤེས་བཟང་པོ་འཛིན་དགོས་པ་དང་།  སྔར་མེད་ཀྱི་བྱེད་ཐབས་དང་ལག་ཇུས་བཟང་པོ་ལྡན་དགོས།  སྔར་མེད་ཀྱི་ཀུན་སྤྱོད་དང་འཇོན་ནུས་བཟང་པོ་བཅས་ལྡན་དགོས་པ་ནན་བསྟན་གནང་བ་རེད།   ཚོགས་ཆེན་ཐོག་ཞུས་ཁྲུན་ཞིའུ་ཡིས་གསུང་བཤད་གལ་ཆེན་གནང་བ་རེད།  ཁོང་གིས་ཐེངས་འདིའི་རྫོང་ཁག་གསུམ་དུ་སློབ་གསོའི་ཡུལ་དངོས་ཚོགས་ཆེན་འཚོགས་པར་འབྲོག་ཁུལ་གྱི་གཅིག་སྡུད་ཆེན་མོའི་སློབ་འཛུགས་རྣམ་པ་དང་ཞིང་ཁུལ་གྱི་སྡེབ་ཁུལ་གཅིག་སྡུད་བྱེད་པའི་སློབ་འཛུགས་ཁྱད་ཆོས་མངོན་ཡོད་ལ།  སློབ་གྲྭར་ཞག་སྡོད་ལམ་ལུགས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་བྱེད་ཐབས་ལ་འཚོལ་ཞིབ་བྱ་ཚུལ་དང་།  ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་དོ་དམ་ཞིབ་ཚགས་ཅན་སྤེལ་པའི་ཉམས་མྱོང་དང་བྱེད་ཐབས་ཀྱང་ལྡན་ཞིང་།  ལི་ཐང་དང་ཕྱག་ཕྲེང་རྫོང་གི་སློབ་གསོ་ཆ་སྙོམས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་མ་ཚད་འབའ་ཐང་རྫོང་གིས་སློབ་གསོ་རྒྱ་སྟོབས་ཆེ་རུ་གཏོང་བའི་རྒྱང་ལྟ་འཆར་གཞི་ཡང་ཡོད་པ་རེད། 

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་མི་དམངས་ཉེན་རྟོག་པ་གཉིས་རྒྱལ་ཡོངས་ཀྱི་སྤྱི་བདེ་དཔའ་བོའི་གཟེངས་བསྟོད་ཚོགས་ཆེན་ནང་ཞུགས།
  • ལེ་ཚན་རྗེས་མ།:སྡེ་རོང་རྫོང་གིས་གསུམ་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།