སྡེ་རོང་རྫོང་གིས་གསུམ་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ།

(དབྱངས་ཅན་གྱིས་བསྒྱུར།)        2012-05-28

ཉེ་ཆར།སྡེ་རོང་རྫོང་ཨུ་དང་གུང་གཞོན་ཚོགས་པའི་ཨུ་ལྷན། རྫོང་ཨུའི་རྩ་འཛུགས་པུའུ། རྫོང་ཨུའི་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན16གིས་མཉམ་འབྲེལ་བྱས་པའི་གསུམ་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་དེ་རྫོང་དེའི་ཕག་རི་ཤང་གི་ལྟེ་བའི་སློབ་གྲྭ་རུ་སྤེལ་བ། ཤང་ཡོངས་སུ་ཁྱོན་བསྡོམས་གྲོང་མི100ལྷག་བྱེད་སྒོའི་ནང་ཞུགས་ཡོད་པར་མ་ཟད། བྱེད་སྒོའི་ནང་ཞུགས་པའི་གྲོང་ཚོ་སོ་སོའི་གྲོང་མིས་ད་དུང་ལས་སྒྲུབ་ཚོ་ཆུང་ལ་རང་ཉིད་ཀྱིས་སྦྱོང་བརྡར་བྱས་པའི་ཞབས་བྲོ་འཁྲབ་པ།    བྱེད་སྒོའི་ནང་རང་རེའི་སྡེ་ཚན་གྱི་འགོ་འཛིན་མི་སྣ་གཏན་བཤད་བྱས་པ་དང་།སྤྱི་བདེ་ཉེན་རྟོག་པས་སློབ་མ་རྣམས་ལ་ཁྲིམས་ལུགས་སློབ་ཁྲིད་བྱས། འཁྲབ་སྟོན་ལེ་ཚན་འཁྲབ་སྟོན་བྱེད་པ་སོགས་འདུས་ཡོད། གྲོང་མི་ཚོས་ཡིད་དབང་འཕྲོད་པའི་གླུ་དབྱངས་དང་མཛེས་སྡུག་གི་ཞབས་བྲོ་འཁྲབ་པའི་ཐོག་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་བདེ་སྐྱིད་འཚོ་བ་བསྟོད་པ།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སློབ་གྲྭར་ཞག་སྡོད་ལམ་ལུགས་གཞི་ཁྱོན་སྤུས་ལེགས་སློབ་འཛུགས་ཀྱི་ཡུལ་དངོས་ཉམས་མྱོང་སྤེལ་རེས་ཚ
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་རྒྱལ་རོང་རིག་གནས་སྲུང་སྐྱོང་བྱ་རྒྱུའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།