ཁུལ་ཡོངས་ཀྱི་འབྲོག་པའི་གཞིས་ཆགས་ས་དང་གྲོང་སྡེ་གསར་པ་འཛུགས་སྐྲུན་ལས་ཀའི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་རྫོང་ཁག་བཞིར་འཚོགས།

གངས་སྐྱིད་ཀྱིས་བསྒྱུར།        2011-06-07

 ཁུལ་ཡོངས་ཀྱི་འབྲོག་པའི་གཞིས་ཆགས་ས་དང་གྲོང་སྡེ་གསར་པ་འཛུགས་སྐྲུན་ལས་ཀའི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་དེ་ཟླ་བ5པའི་ཚེས26ཉིན་འཚོག་འགོ་ཚུགས་པ་ནས་བཟུང་ཚོགས་ཞུགས་མི་སྣས་སྔོན་རྗེས་སུ་གསེར་ཐར་དང་།  དཀར་མཛེས།  སྡེ་དགེ།  སེར་ཤུལ་བཅས་རྫོང་ཁག་བཞིའི་འབྲོག་པའི་གཞིས་ཆགས་ས17ལ་ལྟ་སྐོར་རྟོག་ཞིབ་བྱས་རྗེས་ཚེས29ཉིན་སེར་ཤུལ་རྫོང་ལོ་ཆུང་གྲོང་རྡལ་རྩེ་མདའ་ཤང་དུ་མཇུག་བསྒྲིལ་ནས་དམིགས་བྱའི་ཕན་འབྲས་ཐོབ་ཡོད། 
     ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་དང་།  ཁུལ་དཔོན་ལི་ཁྲང་ཕིང་།   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་རྒྱས་ཕུན་ཚོགས་སོགས་འགོ་ཁྲིད་རྣམས་གྲོས་ཚོགས་ནང་ཞུགས་ཡོད་ཅིང་།  རྫོང་ཁག་གི་རྫོང་ཨུའི་ཧྲུའུ་ཅི་དང་།  རྫོང་དཔོན།  ལས་བགོས་འགན་གཉེར་བྱེད་མཁན་གྱི་རྫོང་དཔོན་གཞོན་པ།  རྫོང་ཞིང་ལས་གཞུང་ལས་ཁང་གི་ཀྲུའུ་རེན་སོགས་གྲོས་ཚོགས་ནང་ཞུགས་ཡོད། 
ལིའུ་ཏའོ་ཕིང་གིས་བསྟན་དོན།  ཐེངས་འདིའི་འབྲོག་པའི་གཞིས་ཆགས་ས་དང་ཞིང་སྡེ་གསར་པ་འཛུགས་སྐྲུན་ལས་ཀའི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་ནི་ཞིང་ཆེན་ཏང་ཨུས་ལོ་བཞིའི་ལས་འགན་དེ་ལོ་གསུམ་ནང་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན་པའི་གནད་འགག་དུས་སྐབས་དང་འཕྲོད་ཡོད་ལ།  རིམ་པ་སོ་སོའི་སྐབས་བརྗེ་བའི་ལས་ཀ་སྤེལ་བའི་གནད་འགག་དང་འཕྲོད་ནས་འཚོགས་པའི་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཞིག་ཀྱང་རེད།  རྫོང་ཁག་གིས་དངོས་གནས་ཀྱི་ལས་ཀ་ནང་ཕན་ཚུན་སློབ་སྦྱོང་དང་།  ཕན་ཚུལ་སྐུལ་འདེད་གཏོང་རེས་བྱས་ནས་སྔར་ལས་ལྷག་པར་ཐེངས་འདིའི་གྲོས་ཚོགས་འཚོགས་པའི་དམིགས་ཡུལ་ལ་གོ་བ་ལོན་ཐོག་ཕྱིན་ཆད་ཀྱི་ལས་ཀ་ཁག་ཡག་པོ་སྒྲུབ་དགོས་པ་དང་གཅིག   འབྲོག་པའི་གཞིས་ཆགས་ས་འཛུགས་སྐྲུན་དང་།  གནོད་སྐྱོན་ཐེབས་རྗེས་བསྐྱར་འཛུགས།  གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལེགས་འགྲུབ་ཉམས་མྱོང་བེད་སྤྱོད་གང་ལེགས་བྱས་ཤིང་ཟམ་མི་ཆད་པར་ལས་ཀའི་བྱེད་སྟངས་བཅོས་བསྒྱུར་གསར་སྐུན་བྱས་ཏེ་ཞིང་འབྲོག་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་འཇུག་དགོས་པ་དང་གཉིས།   འབྲོག་པའི་གཞིས་ཆགས་ས་དང་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་རིམ་བྱུང་བའི་སྤུས་ཀའི་ཐད་ཀྱི་གནད་དོན་ཐག་གཅོད་ནན་པོ་བྱས་ཏེ་འབྲོག་པའི་གཞིས་ཆགས་སའི་འཆར་འགོད་ཇུས་བཀོད་དང་།   རྨང་གཞི་སྒྲིག་ཆས་།  སྤྱི་པའི་ཞབས་འདེགས་སྒྲིག་ཆས།   གཞིས་ཆགས་སྡོད་ཁང་གི་ཁོར་ཡུག་སྐྱིད་པོ་སོགས་བསྐྲུན་རྒྱུའི་ལས་ཀ་ཡག་པོ་བསྒྲུབ་ནས་འབྲོག་པའི་གཞིས་ཆགས་ས་དང་ཞིང་སྡེའི་གྲོང་གསར་ཡག་པོ་སྐྲུན་དགོས་པ་དང་གསུམ་བཅས་སོ། 
ཉིན་ཤས་བསྟུད་མར་རིང་།  ཐེངས་འདིའི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་ནང་ཞུགས་པའི་འཐུས་ཚབ་སོ་སོས་གོང་གསལ་ཀྱི་རྫོང་ཁག་བཞིའི་འབྲོག་པའི་གཞིས་ཆགས་ས་སོ་སོའི་ལས་ཡུལ་དངོས་ལ་ལྟ་སྐོར་རྟོག་ཞིབ་བྱས་པ་བརྒྱུད།  རང་ཉིད་རྫོང་དུ་གནས་པའི་ཧེ་བག་འཚོལ་ཐུབ་ཡོད་ལ།  སྔར་ལས་ལྷག་པར་ཕྱིན་ཆད་ཀྱི་འབད་འཐབ་བྱེད་ཕྱོགས་ལའང་གསལ་པོ་ཤེས་ཡོད།  དུས་མཚུངས་སུ་རྫོང་ཁག་གི་འཐུས་ཚབ་མི་སྣས་ཕན་ཚུན་ཉམས་མྱོང་བརྗེ་རེས་བྱས་ཏེ་ཕྱིན་ཆད་དུ་འབྲོག་པའི་གཞིས་ཆགས་ས་དང་ཞིང་སྡེའི་གྲོང་སྡེ་གསར་པ་སྐྲུན་པར་ལེགས་བཅོས་བྱ་རྒྱུའི་བྱེད་ཐབས་བཏོན་ཡོད།  
  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ་ཉེ་དུས་ཀྱི་གལ་ཆེ་ལས་ཀར་ཞིབ་འཇུག་གནང་བ།
  • ལེ་ཚན་རྗེས་མ།:ཞིང་ལས་ཚན་རྩལ་བོད་ཁུལ་དུ་སྐྱེལ་བའི་བྱ་སྤྱོད་སྤེལ་བ་དེས་ཞིང་འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་ཐུབ་
  • དོ་སྣང་ཆེ་བའི་རྩོམ།