ཞིང་ལས་ཚན་རྩལ་བོད་ཁུལ་དུ་སྐྱེལ་བའི་བྱ་སྤྱོད་སྤེལ་བ་དེས་ཞིང་འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་ཐུབ་ངེས།

ལྷ་འཛོམས་ཀྱིས།        2011-06-07

ཁམས་པའི་ས་གཞི་ཆེན་པོར་དཔྱིད་དཔལ་རྒྱས་ཤིང་ཚོན་མདངས་རྣམ་པ་བཀྲ་བཞིན་པའི་དུས་དེར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཚན་རྩལ་བོད་ཁུལ་དུ་སྐྱེལ་བའི་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་རང་ཁུལ་དུ་སྤེལ་བ་རེད།བྱེད་སྒོ་དེ་སྤེལ་བ་ནས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བོད་ཁུལ་གྱི་ཞིང་འབྲོག་དམངས་ལ་ཐུགས་ཁུར་གནང་བའི་རྣམ་པ་གསལ་པོར་མཚོན་ཐུབ།
ཀླད་པ་གཡར་བ་དང་བློ་རིག་གཡར་བ།ཤེས་རིག་ནུས་ཤུགས་གཡར་བ་བཅས་བྱེད་པ་དང་ཞིང་ལས་ཚན་རྩལ་བོད་ཁུལ་དུ་སྐྱེལ་བའི་བྱ་སྤྱོད་ཀྱིས་གཙོ་བོ་བྱས་ནས་མི་རིགས་ས་ཁུལ་མཆོང་རྒལ་འཕེལ་རྒྱས་དང་ཞིང་པར་རྒྱུན་སྲིང་ངང་ཡོང་འབབ་འཕར་སྣོན་གཏོང་རྒྱུར་སྐུལ་འདེད་གཏོང་བ་རེད། 
རང་ཁུལ་ནི་ཞིང་འབྲོག་ལས་ཀྱི་ཁུལ་ཆེན་པོ་ཞིག་ཡིན་པས།ཞིང་འབྲོག་དམངས་བརྒྱ་ཆ80ཞིང་འབྲོག་ཁུལ་དུ་འཚོ་གནས་བྱེད་བཞིན་ཡོད།ཡུན་རིང་པོར་ས་ཞིང་ལ་བརྟེན་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཀའི་ནང་ཞུགས་བཞིན་ཡོད་མོད།འོན་ཀྱང་ཚན་རིག་ལག་རྩལ་ཉིན་རེ་བཞིན་ཡར་ཐོན་ཡོང་བའི་དེང་སང་ལ་ཞིང་སྡེའི་རྣམ་པ་བསྒྱུར་ནས་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་ན་སྔ་ལངས་ཕྱི་ཉལ་བྱས་ནས་དཀའ་ལས་རྒྱག་པར་ཕུད།བློ་རིག་པ་གསལ་པོར་བྱས་ཤིང་།སྔོན་ཐོན་གྱི་ལག་རྩལ་ལ་བརྟེན་དགོས་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཡིན།
2008ལོར་ཁུལ་ཡོངས་སུ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ལོའི་བྱེད་སྒོ་སྤེལ་བ་དང2009ལོར་རང་ཁུལ་གིས་སི་ཁྲོན་ཞིང་ཆེན་ཚན་རྩལ་ཁང་དང་ཞིང་ལས་ལག་རྩལ་མཉམ་ལས་གྲོས་ཡིག་བཀོད་ནས་མཉམ་ལས་རྣམ་གྲངས་སྣ་དྲུག་ལག་བསྟར་བྱས་པ།2010ལོར་ཡང་དུ་སི་ཁྲོན་ཞིང་ལས་སློབ་གྲྭ་ཆེན་མོ་དང་ཞིང་ལས་ཚན་རྩལ་མཉམ་ལས་གྲོས་མཐུན་ཡིག་ཆ་བཀོད་ནས་མཉམ་ལས་རྣམ་གྲངས10ལག་བསྟར་བྱས་རྗེས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།ལྕགས་ཟམ་རྫོང་ཞིན་ཞིན་ཤང་གི་པའོ་ཙི་གྲོང་སྡེ་རུ་ཞིང་ལས་ཆེད་མཁས་པས་ཞིབ་ཚགས་ཀྱིས་ཁྲིད་སྟོན་དང་ཞིང་ལས་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་འོག་ མང་ཚོགས་ཀྱིས་ཧུར་ཐག་གིས་ཞུགས་ནས་སོན་བཟང་དང་མྱུ་གུ་སྤོ་འཛུགས་སོགས་ཕྱོགས་བསྡུས་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་སོན་བཟང་ཚད་ལྡན་ཅན་གྱི་འདེབས་འཛུགས་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་བཞིན་ཡོད།  མིག་སྔར་སྔོ་ཚལ་གྱི་ཚད་ལྡན་དཔེ་སྟོན་རྟེན་གཞི་དེ་གཞི་ཁྱོན་རག་ཙམ་ཡོད་པ།འདེབས་རྒྱ་ནི་ལྟེ་གནས་དཔེ་སྟོན་སའི་མུའུ1600ལྷག་ཙམ་དང་སྐྱར་འདེབས་རྒྱ་ཁྱོན་མུའུ6400ཐོག་སླེབས་པ་རེད།  གྲོང་རྡལ་གཅིག་དང་གྲོང་སྡེ་གཅིག་གི་ཞིང་པ་སྐུལ་ཁྲིད་བྱས་ནས་སྔོ་ཚལ་མུའུ10000འདེབས་པ་དང་ལོ་རེར་སྔོ་ཚལ་ཏུན་ཁྲི2.5ཐོན་སྐྱེད་ཐུབ་ཡོད་པ།  ལོ་རེའི་ཡོང་འབབ་སྒོར་ཁྲི1500ལྷག་ཙམ་དང་ཆ་སྙོམས་མི་རེར་ཡོང་འབབ་སྒོར1564འཕར་སྣོན་བཏང་ཡོད།སྲོལ་རྒྱུན་གྱི་ཞིང་ལས་འབྲུ་རིགས་ཐོན་རྫས་འདེབས་འཛུགས་བྱ་རྒྱུ་དང་བསྡུར་ན་སྔོ་ཚལ་འདེབས་པའི་ཡོང་འབབ་དེ་འབྲུ་རིགས་འདེབས་པའི་ཡོང་འབབ་ཀྱི་ལྡབ5ཡན་ཆད་ཡིན་པས།མི་སེར་ལ་ཕན་འབྲས་དངོས་ཐོབ་པ་རེད།
ཉེ་བའི་ལོ་ཤས་རིང་ལྕགས་ཟམ་རྫོང་གིས་ ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱས་པར་བརྒྱུད།སྒོག་པའི་ཐོན་ལས་དེ་ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་ཡས་ཀྱི་གཙོ་ཁྲིད་ཐོན་ལས་སུ་གྱུར། ད་དུང་ནང་ལོག་ས་ཁུལ་གྱི་སྔོ་ཚལ་ཚོང་རར་ཚོང་བ་དང་སི་ཁྲོན་ཞིང་ཆེན་གྱི་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་མཚན་སྙོན་ཐོབ་པ། ཚན་རིག་ལག་རྩལ་ལ་བརྟེན་ནས་ཞིང་ལས་ཐོན་འཕར་ཁེ་འཕར་བཏང་ཕྱིར་ཞིང་འབྲོག་དམངས་ཡོང་འབབ་འཕར་སྣོན་བྱུང་ཡོད།སྒོག་པ་འདེབས་འཛུགས་བྱས་ནས་ཐད་ཀར་དཔལ་འབྱོར་ཁེ་ཕན་རག་པར་མ་ཚད།ད་དུང་སྒོག་པ་ཞིང་ནང་ཆུ་འབྲས་འདེབས་ནས་ཞིང་པར་རྨོས་ཞིང་དང་མི་ལག་བསྲི་ཚགས་བྱེད་པ་དང་སྦྲགས། ཡོང་འབབ་ལྡབ་གཉིས་རག་པས་མང་ཚོགས་ཀྱི་འདེབས་རྒྱུར་དགའ་བ་རེད།
ཚན་རྩལ་བརྟེན་ནས་ཞིང་ལས་ཐོན་འཕར་ཁེ་འཕར་བྱུང་དེ་ཞིང་འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་རྒྱུའི་ཐད་ལ་ཐོག་མའི་གྲུབ་འབྲས་ཐོབ།
ཞིང་ཆེན་གྱི་ཆེད་ལས་མཁས་ཅན་ལྕགས་ཟམ་རྫོང་གི་མོ་ཞི་གྲོང་རྡལ་གྱི་ཐང་ཆེན་ཐོག་ཞིང་ལས་ཚན་རྩལ་གྱི་ཤེས་བྱ་སློབ་བའི་བྱེད་སྒོ་སྤེལ་དུས་ཞིང་འབྲོག་དམངས་ཀྱིས་འཚང་ཁ་ཤིག་ཤིག་གིས་ཞིང་ལས་ཆེད་མཁས་པར་ཞིང་ལས་སྐོར་གྱི་ཤེས་བྱ་འདྲི་བ་དང་དཔྱད་ཡིག་སྦྱིན་རོགས་ཟེར་བཞིན་ཡོད་པ་དེ་ནི་ཞིང་འབྲོག་དམངས་ཀྱིས་ཞིང་ལས་ཚན་རྩལ་ལ་རེ་བ་ཆེན་པོ་བཅོལ་བཞིན་ཡོད་པ་དེ་གསལ་པོར་མཚོན་ཐུབ།   དཀར་མཛེས་ཁུལ་ལ་ཚན་རྩལ་གྱི་རྒྱབ་རྟེན་དགོས་གལ་ཆེ་ལ། ཞིང་འབྲོག་དམངས་ཀྱི་ཚན་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གཏོང་རྒྱུ་དེ་བས་དགོས་གཏུག་ཆེ་བས།ཞིང་ལས་ཚན་རྩལ་བོད་ཁུལ་དུ་སྐྱེལ་བ་དེ་དུས་ཀྱི་འཁོར་ཕྱོགས་དང་དམངས་སེམས་གཏད་ཕྱོགས་ཡིན་པས།སླད་ཕྱིར། ཁུལ་ཡོངས་ཀྱི་ཞིང་འབྲོག་དམངས་ཀྱི་ཞིང་ལས་ཚན་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཐུབ་ངེས།
  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་འབྲོག་པའི་གཞིས་ཆགས་ས་དང་གྲོང་སྡེ་གསར་པ་འཛུགས་སྐྲུན་ལས་ཀའི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་རྫོ
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་བར་དོ་དམ་གྱི་ལས་ཀ་ཤུགས་ཆེན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།