ཁུལ་ཨུས་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ་ཉེ་དུས་ཀྱི་གལ་ཆེ་ལས་ཀར་ཞིབ་འཇུག་གནང་བ།

གངས་སྐྱིད་ཀྱིས་བསྒྱུར།        2011-06-07

  ཟླ་བ5པའི་ཚེས23ཉིན།  ཁུལ་ཨུས་སྐབས་དགུ་པའི་ཁུལ་ཨུའི2011ལོའི་རྒྱུན་ལས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ་རེད།  ཚོགས་ཐོག་ནན་ཏན་གྱིས་ཁུལ་ཡོངས་ཀྱི་རྫོང་དང་ཤང་གི་འགོ་ཁྲིད་ཚོ་པ་སྐབས་བརྗེ་འདེམས་བསྐོ་དང་།  ལས་བྱེད་པར་དོ་དམ་བྱ་རྒྱུ།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ90འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་རྒྱུ།  ཁུལ་ཡོངས་ཀྱི་གློག་ཤུགས་སྒྲིག་གཞི་བཅོས་བསྒྱུར།  སྤྱི་ཚོགས་དོ་དམ་ནང་རྐྱེན་གསར་སྐྲུན།  ཕྱོགས་བསྡུས་ཚོད་ལྟ་ལས་ཀ་བྱ་རྒྱུ་སོགས་ཉེ་དུས་ཀྱི་གལ་ཆེན་གྱི་ལས་ཀར་ཞིབ་འཇུག་གནང་ཡོད།
ཚོགས་ཐོག་བསྟན་དོན།  ཐེངས་འདིའི་སྐབས་བརྗེ་འདེམས་བསྐོ་ལས་ཀ་ནི་གཙོ་འགན་ཁུར་མཁན་ཡག་པོ་བདམ་རྒྱུ་དེ་ལས་འགན་གལ་ཆེན་ནང་གི་གལ་ཆེ་བར་རྩིས་དགོས་པ་དང་།  ཡག་པོ་ནང་ནས་ཕུལ་བྱུང་གདམ་པ་དང་ཕུལ་བྱུང་ནང་ནས་དེ་བས་ཕུལ་བྱུང་བདམས་ནས་ཤུགས་ཆེན་པོས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བར་འགོ་ཁྲིད་བྱེད་ནུས་ལྡན་པ།   ཚོ་པ་དམ་འཛིན་དང་དཔུང་སྡེ་སྣེ་ཁྲིད་བྱེད་མཁས་པ།  དམངས་གཙོའི་ཀུན་སྤྱོད་ཡག་པོ།  སྲིད་འཛིན་སྤྱོད་གཙང་གི་ལས་བྱེད་པ་ཚོ་གཅིག་གཙོ་འགན་ཁུར་མཁན་དུ་གདམ་དགོས།
ཚོགས་ཐོག་བསྟན་དོན།  ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ90འཁོར་བའི་ལོ་ཡིན་ལ།  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན།  རྫོང་ཁག་དང་རིམ་པ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན།ཁུལ་བཅས་ཀྱི་བླང་བྱ་ལྟར།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ90འཁོར་བར་དྲན་གསོ་ཞུ་རྒྱུས་བརྗོད་བྱ་གཙོ་བོ་བྱས་ཏེ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་དྲིལ་བསྒྲགས་དང་སློབ་གསོ་བྱ་རྒྱུའི་བྱེད་སྒོ་སྣ་ཚོགས་སྤེལ་དགོས།   དུས་མཚུངས་སུ།  ཤུགས་ཆེན་པོས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་འཐབ་ཇུས་ལག་བསྟར་བྱས་ཏེ་མཆོང་རྒལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།  ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་དགོས།  སྒོ་ཀུན་ནས་ཏང་གི་འཛུགས་སྐྲུན་བྱ་རྒྱུའི་རླབས་ཆེན་ལས་གྲྭ་སྤེལ་བར་སྐུལ་འདེད་གཏོང་དགོས།  སྒོ་ཀུན་ནས་འབྱོར་འབྲིང་དང་འཆམ་མཐུན་སྤྱི་ཚོགས་སྐྲུན་པར་འབད་འཐབ་ལྷོད་མེད་བྱེད་དགོས།  
     གྲོས་ཚོགས་ཐོག་བསྟན་དོན།   ཁུལ་ཡོངས་ཀྱི་གློག་དྲ་འཛུགས་སྐྲུན་བྱས་ཚུལ་སྔར་བཞིན་རྗེས་ལུས་ཡིན་པས།  རིམ་ཁག་འགོ་ཁྲིད་ལས་བྱེད་པས་བསམ་བློ་བཅིངས་འགྲོལ་གཏོང་དགོས་པ་དང་།  ངོས་འཛིན་གཅིག་གྱུར་བྱས་ནས་ཁུལ་ཡོངས་ཀྱི་གློག་ཤུགས་སྒྲིག་གཞི་བཅོས་བསྒྱུར་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག་འབྲེལ་ཡོད་ལས་ཀ་ལེགས་འགྲུབ་བྱས་ནས་ཟླ་བ7པའི་ཚེས1ཉིན་དུ་སི་ཁྲོན་དཀར་མཛེས་ཁུལ་གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སི་དངོས་སུ་འཛུགས་གང་ཐུབ་བྱེད་དགོས། 
གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དོ་དམ་གསར་སྐྲུན་བྱ་རྒྱུའི་ཕྱོགས་བསྡུས་ཚོད་ལྟ་ལས་ཀའི་སྙིང་དོན་བརྒྱུད་བསྒྲགས་བྱས་རྗེས་བསྟན་དོན།  ཕྱོགས་བསྡུས་ཚོད་ལྟ་ལས་ཀ་ཡག་པོ་འཛིན་དགོས་པ་དང་།  ཞིབ་འཇུག་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་ཁུལ་གྱི་དོན་དངོས་དང་མཐུན་ཞིང་།   སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་གཞི་དང་མཐུན་པའི་སྤྱི་ཚོགས་དོ་དམ་མ་ལག་འཛུགས་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས།  ཚོད་ལྟ་སྡེ་ཚན་དེ་དཔེ་སྟོན་སྡེ་ཚན་ཞིག་ཏུ་འཛུགས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ཚོད་ལྟ་ལས་ཀའི་ལས་འགན་ལེགས་འགྲུབ་བྱས་ནས་ཁུལ་ཡོངས་དང་ལྷག་པར་དུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དོ་དམ་གསར་སྐྲུན་བྱ་རྒྱུའི་ལས་ཀའི་ཉམས་མྱོང་བསག་དགོས། 
ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་རྟོག་ཞིབ་ཚོ་པ་དཀར་མཛེས་ཚགས་པར་ཁང་དུ་ཕེབས།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་འབྲོག་པའི་གཞིས་ཆགས་ས་དང་གྲོང་སྡེ་གསར་པ་འཛུགས་སྐྲུན་ལས་ཀའི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་རྫོ
  • དོ་སྣང་ཆེ་བའི་རྩོམ།