དར་མདོ་རྫོང་གིས་ཐེངས་དང་པོའི་མདོ་འཛིན་པ་ཆུང་ཆུང་བདམས་གསེས་ཀྱི་འགྲན་སྡུར་བྱས།

ཡེ་མིང་གིས་བྲིས།        2011-06-02

 དྲུག་གཅིག་བྱིས་པའི་དུས་ཆེན་སླེབས་གྲབས་ཡོད་པའི་སྐབས་སུ།དར་མདོ་རྫོང་རིག་གནས་སློབ་གསོ་ཅུས་དང་གུང་གཞོན་སྡེ་ཚོགས་དར་མདོ་རྫོང་ཨུ་གཉིས་ཀྱིས་མཉམ་དུ“ལོ་ཆུང་གདོང་ལེན་པའི་སེམས་པ་ཏང་ལ་འཁོར།དར་མདོའི་ལོ་ཆུང་ཚོས་ཏང་གི་དྲིན་པ་བསྟོད”ཅེས་བརྗོད་བྱ་གཙོ་བོ་ཡིན་པའི་དྲུག་གཅིག་བྱིས་པའི་དུས་ཆེན་ལདགའ་སྟོན་རྟེན་འབྲེལ་ཞུ་བའི་མདོ་འཛིན་ཆུང་བདམས་གསེབ་བྱེད་པའི་འགྲན་སྡུར་བྱས་པ་རེད།
     དར་མདོ་གྲོང་ཁུལ་གྱི་སློབ་གྲྭ་ཆུང་ཆུང་ལྔ་དང་སྒོ་ལྕགས་སློབ་ཆུང་ནས་འོངས་པའི་བདམས་ཐོན་པ12མདོ་འཛིན་པའི་འགྲན་སྡུར་ནང་ཞུགས་པ་རེད།འགྲན་སྡུར་བྱས་པར་བརྒྱུད་དར་མདོ་གྲོང་ཁུལ་གྱི་མི་ཉག་སྟག་སྒོ་སློབ་ཆུང་གི་སློབ་མ་ཁྲེན་ཇིན་ཝེན་གྱིས་བྱ་དགའ་ཨང་དང་པོ་ལོན་པ་དང་།དར་མདོའི་བོད་ཡིག་སློབ་ཆུང་གི་སློབ་མ་ཀྲའོ་ལུའེ་དང་རྒྱ་ཡུལ་སྟག་སྒོའི་སློབ་ཆུང་གི་སློབ་མ་ལིའུ་ཤང་ཡུས་གཉིས་ཀྱིས་བྱ་དགའ་གཉིས་པ་ལོན་པ་རེད།
  • ལེ་ཚན་སྔོན་མ།:ཁུལ་ཨུས་དཔལ་འབྱོར་ལས་དོན་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་བོད་ཁུལ་གྱི་བྱིས་པར་བརྩེ་སེམས་བཅངས།
  • དོ་སྣང་ཆེ་བའི་རྩོམ།