ཁུལ་ཨུས་དཔལ་འབྱོར་ལས་དོན་གྲོས་ཚོགས་འཚོགས།

མིག་དམར་དོན་གྲུབ།        2011-01-07

ཁུལ་ཨུས་དཔལ་འབྱོར་ལས་དོན་གྲོས་ཚོགས་འཚོགས།


ཟླ་བ་དང་པོའི་ཚེས7ཉིན།དཀར་མཛེས་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ལི་ཁྲང་ཕིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་གིས་གལ་ཆེའི་གསུང་བཤད་གནང་བ་རེད།
ཚོགས་ཆེན་གྱིས་དང་ཐོག་ན་ལོའི་དཔལ་འབྱོར་འཕེལ་ཚུལ་ལ་དབྱེ་ཞིབ་བྱས་པ་དང་ད་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད།གྲོས་ཚོགས་ཀྱིས་བསྟན་དོན།ད་ལོ་ནི་ནུབ་རྒྱུད་གསར་སྦོལ་ཆེན་མོའི་རེས་སྐོར་་གསར་པ་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་དང་པོ་ཡིན་ཞིང་།རང་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་འགག་རྩའི་ལོ་ཡིན་ལ།ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ90འཁོར་བའི་ལོ་ཞིག་ཀྱང་ཡིན་པས་ད་ལོའི་དཔལ་འབྱོར་ལས་ཀ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེ་་ལྡན་པ་རེབ།
གྲོས་ཚོགས་ཀྱིས་ནན་གསུང་གནང་རྒྱུར།ད་ལོའི་དཔལ་འབྱོར་ལས་ཀའི་དམིགས་ཡུལ་གཙོ་བོ་ནི།ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར135ལ་སླེབས་པ་བྱ་རྒྱུ་ཡིན་པས་བརྒྱ་ཆ13འཕར་བ་དང་།གཏན་འཇགས་རྒྱུ་ནོར་ཐད་གཏོང་འཇོག་བྱེད་པའི་་མ་དངུལ་སྒོར་དུང་ཕྱུར237ཡིན་པས་བརྒྱ་ཆ30འཕར་བ།སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་སྤྱིའི་རྒྱ་ཁྱོན་སྒོར་དུང་ཕྱུར300ལ་བརྩོན་ལེན་བྱ་རྒྱུ་དང་།ས་གནས་ནོར་སྲིད་ཕལ་ཆེར་སྔོན་རྩིས་བྱེད་པའི་ཡོང་སྒོ་སྒོར་དུང་ཕྱུར19སླེབས་པ་བྱ་རྒྱུ་ཡིན་པས་བརྒྱ་ཆ24འཕར་བ།གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར་དུང་ཕྱུར16561ལ་སླེབས་པ་བྱ་རྒྱུ་ཡིན་པས་བརྒྱ་ཆ12འཕར་ང།ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་རྐྱང་པ་སྒོར3400ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་ཡིན་པས་བརྒྱ་ཆ30འཕར་བ་རེད།
གྲོས་ཚོགས་ཀྱིས་བསྟན་དོན།ད་ལོ་ཁུལ་ཡོངས་ཀྱི་གལ་ཆེ་བའི་རྣམ་གྲངས110ཡོད་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར1900གཏོང་རྒྱུ་དང་།དེའི་ནང་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར208གཏོང་རྒྱུ་རེད།ན་ལོའི་འཆར་གཞི་དང་བསྡུར་ན་སྒོར་དུང་ཕྱུར་61.1འཕར་བས་བརྒྱ་ཆ41.49འཕར་བ་རེད།དེའི་ནང་མུ་མཐུད་ནས་འཛུགས་རྒྱུའི་རྣམ་གྲངས49དང་།འགོ་འཛུགས་པའི་རྣམ་གྲངས34།གསོག་འཇོག་གི་རྣམ་གྲངས27བཅས་ཡོད།ཐོན་ལས་ལྟར་རིགས་བགོ་ན།འགྲིམ་འགྲུལ་རྨང་གཞི་སྒྲིག་བཀོད་ཀྱི་རྣམ་གྲངས25དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས66།སྤྱི་ཚོགས་ལས་དོན་དང་དམངས་འཚོའི་རྣམ་གྲངས11།གྲོང་ཁྱེར་གྱི་རྨང་གཞི་སྒྲིག་བཀོད་ཀྱི་རྣམ་གྲངས8བཅས་ཡོད་པ་རེད།
ཚོགས་ཆེན་གྱིས་ནན་གསུངས་གནང་རྒྱུར།ད་ལོར་རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ངེས་པར་དུ་མངོན་འགྱུར་ཚད་བརྒལ་བྱུང་དགོས།  རྩ་འཛུགས་བྱས་ནས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་མཉམ་རུབ་དམག་འཐབ་ཆེན་པོ་སྒྲིག་འཛུགས་བྱས་པ་དང་།འཕྲེད་ཕྱོགས་བཞི་དང་གཞུང་ཕྱོགས་ལྔ།ཕྱོགས་ལྔ་སྦྲེལ་བ།མདོ་འགག་གསུམ་བཅས་ཀྱི་ཕྱོགས་བསྡུའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བའི་བཀོད་སྒྲིག་དང་རེ་འདུན་ལྟར་འཛུགས་སྐྱོང་བྱེད་དགོས།“ལམ་བཞི་དང་ཕུག་གཅིག”སོགས་མུ་མཐུད་ནས་འཛུགས་རྒྱུའི་ཨར་ལས་འཛུགས་སྐྲུན12ལ་ནན་ཏན་གྱིས་སྐུལ་འདེད་བྱེད་དགོས་པ་དང་།འདབ་པའི་ཉིན་སྟེང་གི་གནམ་གྲུ་ཐང་།ཞིང་པའི་གྲོང་གསེབ་དུ་ཤར་གཏོང་ཐུབ་པའི་སྣུམ་སྙིགས་གཞུང་ལམ་སྤྱི་ལེ200དང་གྲོང་ཚོ་རུ་ཤར་གཏོང་ཐུབ་པའི་བགྲོད་ལམ་སྤྱི་ལེ1500བསྐྲུན་རྒྱུ་འགོ་ཚུགས་པ་དང་།གཡག་རྔ་དང་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་གཡག་རྔ་དང་དར་མདོའི་བར་གྱི་ལྕགས་ལམ།རྫོང་ཞབས་ནས་བརྒྱད་ཟིལ་བར་གྱི་གཞུང་ལམ།བརྒྱད་ཟིལ་ནས་ཧྲི་མན་བར་གྱི་གཞུང་ལམ་སོགས་གཞུང་ལམ8ཀྱི་རྣམ་གྲངས་མིག་སྔར་གྱི་ལས་ཀ་ལ་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་འཛུགས་སྐྲུན་ལ་མཁྲེགས་གཏོར་དམག་འཐབ་ཅིག་བྱེད་དགོས།
གྲོས་ཚོགས་ཀྱིས་ནན་གསུང་གནང་རྒྱུར།“ལོ་བཞིའི་ལས་འགན་དེ་ལོ་གསུམ་ལ་ཕལ་ཆེར་གྲུབ་རྒྱུའི”སྤྱིའི་རེ་བ་ལྟར།མུ་མཐུད་ནས་འབྲོག་པའི་གཞིས་ཆགས་ཀྱི་བྱེད་སྒོ་འཛུགས་སྐྲུན་འཆར་གཞི་གཏིང་ཟབ་དུ་བཏང་ནས་སྤུས་འབོར་གཉིས་ལྡན་གྱི་གཞིས་ཆགས་ས256དང་དུད་ཚང་ཁྲི2ཀྱི་མི་ཁྲི8.96གི་འབྲོག་པའི་གཞིས་ཆགས་ཀྱི་ལས་འགན་གྲུབ་པར་མ་ཟད་སྦྲ་གུར་གསར་པ་སྐྱེལ་འདྲེན་དང་གཏོང་འགྲེམ་བྱེད་དགོས།  འཚམ་པའི་དུས་སུ་གཞིས་ཆགས་སའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་སྡེའི་ཀྲུའུ་རེན་རྣམས་རྩ་འཛུགས་བྱས་ནས་ས་འགུལ་གྱིས་གནོད་སྐྱོན་ཐེབས་ཁུལ་དུ་ལྟ་སྐོར་རྟོག་ཞིབ་དང་སྤྱི་པའི་དོ་དམ།སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་སྔོན་ཐོན་གྱི་ཉམས་མྱོང་སོགས་ལ་སློབ་སྦྱོང་བྱེད་སར་མངགས་རྒྱུའི་འཆར་གཞི་འགོད་དགོས།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གིས་ཐེངས་དང་པོའི་མདོ་འཛིན་པ་ཆུང་ཆུང་བདམས་གསེས་ཀྱི་འགྲན་སྡུར་བྱས།
  • དོ་སྣང་ཆེ་བའི་རྩོམ།