ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་བོད་ཁུལ་གྱི་བྱིས་པར་བརྩེ་སེམས་བཅངས།

        2011-06-02

ཟླ་བ5པའི་ཚེས་24ཉིན་གྱི་སྔ་དྲོར་བྲག་འགོ་རྫོང་སྲིབ་མོ་ཤང་ཁུ་མུག་སློབ་ཆུང་ནས་བརྩེ་སེམས་རབ་ཏུ་ལྡན་པའི་གླུ་དབྱངས་ལེན་བཞིན་འདུག སློབ་གྲྭ་དེ་དང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཡོད་པའི་ཀྲུང་དབྱངས་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་རོལ་དབྱངས་ཀྱི་སྒྲ་གདངས་ཞེས་པའི་སྒྲ་བརྙན་བརྒྱུད་ལམ་ཐོག“མེ་ཏོག་རབ་ཏུ་བཞད་པའི་བྲག་འགོའི་ཁུ་མུག་རོལ་དབྱངས་ཀྱིས་སློབ་ཆུང་དེར་བདེ་དྲོད་སྟེར”ཞེས་པའི་བྱེད་སྒོ་སྤེལ་བ་རེད།
     ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་གྲུབ་མིས་ཁྱེར་ཡོང་བའི་སློབ་གྲྭ་བའི་ཁྱོན་ཆས་དང་། སློབ་སྦྱོང་སྤྱོད་ཆས། མངར་ཆས་སོགས་བྱིས་པ་ཚོར་སྤྲད་པ་རེད། བྱིས་པ་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་བྲག་འགོའི་སྐོ་བྲོ་འཁྲབ་པ་དང་གླུ་དབྱང་བླངས་ནས་ཐུགས་རྗེ་ཆེ་མཚོན་པ་རེད། རོལ་དབྱངས་སྒྲ་གདངས་ཀྱི་གཙོ་འགན་ཁུར་མཁན་གྱིས་བྱིས་པ་ཚོ་སྣེ་ཁྲིད་ནས“ངས་སློབ་སྦྱོང་བྱེད་དགོས་”ཅེས་པའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་མཚོན་པའི་གླུ་དབྱངས《ལག་པ་ཆེན་པོ་དང་ཆུང་ཆུང》ཅེས་པ་དེ་བླངས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། བྲག་འགོ་རྫོང་སྲིབ་མོ་ཤང་གི་ཁུ་མུག་སློབ་ཆུང་ནི་ཀྲུང་དབྱང་མི་དམངས་བརྒྱ་བསྒྲགས་བརྙན་འཕྲིན་ཁང་གི་རོལ་དབྱངས་ཀྱི་སྒྲ་གདངས་ཀྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་སློབ་ཆུང་ཞིག་རེད། 2009ལོར་རོལ་དབྱངས་ཀྱི་སྒྲ་གདངས་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་སྒོར་ཁྲི25རི་བའི་དངོས་ཟོག་ལེགས་སྐྱེས་སུ་ཕུལ་བ་དང་། ཁུ་མུག་སློབ་ཆུང་ལ་སློབ་ཁང་དང་། དཔེ་ཀློག་ཁང་། སློབ་མའི་ཇ་ཁང་སོགས་འཛུགས་སྐྲུན་བྱས་པ་རེད། བྲག་འགོ་རྫོང་གིས་ད་ལོའི་ཟླ་བ4པའི་ཚེས10ལ་རིམ་པ5.3ཅན་གྱི་ས་འགུལ་བྱུང་ནས་ཡུལ་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནོད་སྐྱོན་ངེས་ཅན་ཞིག་བཟོས་པའི་གནས་ཚུལ་ཤེས་རྗེས། ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་རོལ་དབྱངས་ཀྱི་སྒྲ་གདངས་ཅེས་པའི་གྲུབ་མི་ཚོས་གནོད་ཐེབས་ས་ཁུལ་གྱི་བུ་རྒྱུད་ཚོའི་འཚོ་བ་དང་སློབ་སྦྱོང་ལ་སེམས་ཁྲལ་ཧ་ཆང་ཆེ་བས་ན། ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལིའུ་ཞའོ་ལུང་གིས་སྣེ་ཁྲིད་བྱས་པའི་རོལ་དབྱངས་ཀྱི་སྒྲ་གདངས་དང་། མི་ནུས་གཞུང་ལས་ཁང་། ལས་ཁུངས་ཀྱི་ཏང་ཨུ། ཀྲུང་གོའི་རྒྱང་བསྒྲགས་དྲ་བ། ཀྲུང་གོའི་རྒྱང་བསྒྲགས་ཚགས་པར་སོགས་སྡེ་ཁག་གི་མི་སྣ་20ཙམ་འཐེན་ནས་འཚམས་འདྲིའི་བྱེད་སྒོ་ཐེངས་འདི་སྒྲིག་འཛུགས་བྱས་པ་རེད།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་གིས་ཐེངས་དང་པོའི་མདོ་འཛིན་པ་ཆུང་ཆུང་བདམས་གསེས་ཀྱི་འགྲན་སྡུར་བྱས།
  • ལེ་ཚན་རྗེས་མ།:ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་རྟོག་ཞིབ་ཚོ་པ་དཀར་མཛེས་ཚགས་པར་ཁང་དུ་ཕེབས།
  • དོ་སྣང་ཆེ་བའི་རྩོམ།