ལི་ཁྲང་ཕིང་གིས་སི་ཁྲོན་འཐུས་མི་ཚོགས་པའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གྲོས་ཞིབ་གནང་སྐབས

        2011-03-10

ལི་ཁྲང་ཕིང་གིས་སི་ཁྲོན་འཐུས་མི་ཚོགས་པའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གྲོས་ཞིབ་གནང་སྐབས


 ལི་ཁྲང་ཕིང་གིས་སི་ཁྲོན་འཐུས་མི་ཚོགས་པའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གྲོས་ཞིབ་གནང་སྐབས་སེམས་འགུལ་ཐེབས་པའི་ངང་ནས་ དམངས་འཚོ་ལེགས་བཅོས་གཏོང་རྒྱུ་མངོན་གསལ་དོད་པོ་བྱས་ནས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
    
     ཟླ་བ3པའི་ཚེས5ཉིན་གྱི་ཕྱི་དྲོར།སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་སི་ཁྲོན་འཐུས་མི་ཚོགས་པ་སྡོད་ཡུལ་དུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་འཚོགས་ནས་ཙུང་ལི་ཝུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་གནང་བའི་སྲིད་གཞུང་ལས་དོན་སྐྱོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས།
     རང་ཁུལ་གྱི་འཐུས་མི།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ལི་ཁྲང་ཕིང་གིས་གཏམ་བཤད་བྱས།ཁོང་གིས་བསྟན་དོན།སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་དེ་རྒྱལ་ཁབ་ཀྱི་གནས་ཚུལ་དང་བསྟུན་པ་དང་།འབྱུང་འགྱུར་ལ་དམིགས་པ།སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་བརྗིད་ཆགས་དཔེ་རིས་བྲིས་ཡོད་པས།ང་ཚོར་དེ་བས་སེམས་འགུལ་ཐེབས་བྱུང་།ད་ལོ་ནི་ལོ་ལྔའི་འཆར་གཞིབཅུ་གཉིས་པ་འགོ་རྩོམ་པའི་ལོ་ཞིག་ཡིན་པས་ཞིང་ཆེན་ཏང་ཨུའི་གཙོ་ཕྱོགས་གཅིག་དང་ཤུགས་སྣོན་རྒྱག་རྒྱུ་གསུམ་གྱི་བོད་ཁུལ་གྱི་ལས་ཀའི་སྤྱིའི་བསམ་ཕྱོགས་ལྟར།མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བ་བྱ་རྒྱུས་བརྗོད་བྱ་གཙོ་བོ་བྱེད་པ།འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུས་གཙོ་ཕྱོགས་བྱེད་པ།དཔལ་འབྱོར་གྱི་སྤྱིའི་གྲངས་ཀ་ཆེན་པོ་བསྒྲུབ་པ།འཕེལ་རྒྱས་ཀྱི་སྤུས་ཀ་མཐོ་རུ་གཏོང་བ།དམངས་འཚོ་ལེགས་བཅོས་མངོན་གསལ་བཏང་ནས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏོང་དགོས།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ལོ་རེར་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ14འཕར་བ་དང་།ས་གནས་ནོར་སྲིད་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་བརྒྱ་ཆ20འཕར་བ།གྲོང་ཁུལ་གྱི་སྡོད་དམངས་མི་རེས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་བརྒྱ་ཆ12འཕར་བ།ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་ཁེར་གཙང་བརྒྱ་ཆ20འཕར་བ་བཅས་བྱེད་དགོས༎
  • ལེ་ཚན་སྔོན་མ།: ལི་ཁྲང་ཁྲུན་གྱིས་རང་ཁུལ་གྱི་འབྲོག་པས་བསྐུར་བའི་འཕྲིན་ཡིག་གསན་རྗེས།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་ཕྱུགས་འབྲོག་ལས་ཀའི་ཐོག
  • དོ་སྣང་ཆེ་བའི་རྩོམ།