ཁུལ་ཡོངས་ཀྱི་ཕྱུགས་འབྲོག་ལས་ཀའི་ཐོག

        2011-03-10

སྲོལ་རྒྱུན་གྱི་ཕྱུགས་ལས་དེ་དེང་རབས་ཀྱི་ཕྱོགས་ལས་ཕྱོགས་སུ་སྒྱུར་དགོས་ཞེས་བཏོན།
     ཟླ་བ2པའི་ཚེས26ཉིན།དཀར་མཛེས་ཁུལ་ཡོངས་ཀྱི་ཕྱུགས་འབྲོག་ལས་ཀའི་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་པི་ཧྲི་ཤང་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་བ་རེད།
     གྲོས་ཚོགས་ཐོག་བསྟན་དོན།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ་ཁུལ་ཡོངས་ཀྱི་ཕྱུགས་འབྲོག་ལས་རིགས་རྒྱུན་མཐུད་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་རྣམ་པར་མངོན་འགྱུར་བྱུང་ནས་ཕྱུགས་འབྲོག་དཔལ་འབྱོར་ཐད་འཕེལ་ཁ་དར་བའི་རྣམ་པ་ཡག་པོ་ཞིག་ཆགས་ཡོད།འདས་པའི་ལོ་ལྔ་ནི་རང་ཁུལ་གྱི་ཕྱུགས་འབྲོག་ལས་རིགས་ཀྱི་ལས་ཀ་ཉིད་སྔོན་དང་མི་འདྲ་བའི་ལོ་ལྔ་ཡིན་ལ།ཕྱུགས་འབྲོག་དཔལ་འབྱོར་གྱི་འཕེལ་རྒྱས་ཆེས་མགྱོ གས་ཤིང་གཏོང་འཇོག་བྱེད་ཤུགས་ཆེས་ཆེ་བ།འབྲོག་དམངས་ཚོར་ཁེ་ཕན་ཐོབ་རྒྱུ་ཆེས་མང་བའི་དུས་རིམ་ཞིག་ཀྱང་ཡིན་པ་རེད།
     གྲོས་ཚོགས་ཐོག་ནན་གསུང་གནང་རྒྱུར།མིག་སྔར།རང་ཁུལ་གྱི་ཕྱུགས་འབྲོག་ལས་རིགས་དང་ཞིང་འབྲོག་ལས་རིགས་དང་ཞིང་འབྲོག་ས་ཁུལ་གྱི་འཕེལ་ཚུལ་སྔར་བཞིན་དལ་བའི་དུས་རིམ་ལ་གནས་ཡོད་པ་རེད།སྲོལ་རྒྱུན་གྱི་ཕྱུགས་འབྲོག་ལས་རིགས་དེ་དེང་རབས་ཀྱི་ཕྱུགས་འབྲོག་ལས་ཕྱོགས་སུ་སྒྱུར་དགོས་ན་རིམ་ཁག་སྲིད་གཞུང་དང་ཕྱུགས་འབྲོག་སྡེ་ཁག་གིས་ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ནས་སྤྱི་ཚོགས་དང་དཔལ་འབྱོར།སྐྱེ་ཁམས་ཕན་འབྲས་དེ་ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐོག་གཅིག་གྱུར་བྱ་རྒྱུར་མཐོང་ཆེན་བྱེད་དགོས།ཞིང་ཆེན་ཡོངས་ཀྱི་ཚད་གཞི་ཅན་གྱི་དཔེར་སྟོན་གསར་སྐྲུན་དང་ཞིང་ལས་ཚན་རྩལ་བོད་དུ་ཁྱབ་གདལ་གཏོང་རྒྱུའི་བྱེད་སྒོ་སྤེལ་བ་དང་ཟུང་འབྲེལ་བྱས་ཧུར་ཐག་གིས་རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའ་སྟེར་རྒྱུའི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་སྔོན་འགྲོ་ལས་ཀ་ཡག་པོ་སྒྲུབ་དགོས།ཐོན་ལས་བདག་གཉེར་དམ་འཛིན་ཡག་པོ་བྱས་ཏེ་ཡོང་འབབ་འཕར་སྣོན་གཏོང་སྟངས་ལེགས་ཕྱོགས་སུ་སྒྱུར་དགོས།
     གྲོས་ཚོགས་ཀྱིས་རེ་འདུན་བཏོན་རྒྱུར།གཅིག་ནི་ཤུགས་ཆེན་པོས་ཞིང་སྐྱོར་དང་ཞིང་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་དགོས།གཉིས་ནི་ཕྱུགས་འབྲོག་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ཆོག་པའི་འཇོན་ནུས་མཐོར་འདེགས་བྱེད་དགོས།གསུམ་ནི་ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས་གཏོང་བའི་ནང་ཚན་རིག་ལག་རྩལ་འདུས་ཚད་མཐོ་རུ་གཏོང་དགོས། བཞི་ནི་ཕྱུགས་འབྲོག་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་ཇེ་མགྱོ གས་སུ་སྐྲུན་དགོས།ལྔ་ནི་ཕྱུགས་འབྲོག་ཐོན་ལས་བདག་གཉེར་ལ་སྐུལ་སྤེལ་ཇེ་མགྱོ གས་སུ་བྱེད་དགོས།དྲུག་ནི་ཤུགས་ཆེན་པོས་ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་དགོས།བདུན་ནི་ལས་བྱེད་པ་དཔུང་སྡེའི་ཀུན་སྤྱོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
  • ལེ་ཚན་སྔོན་མ།:ལི་ཁྲང་ཕིང་གིས་སི་ཁྲོན་འཐུས་མི་ཚོགས་པའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གྲོས་ཞིབ་གནང་སྐབས
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས
  • དོ་སྣང་ཆེ་བའི་རྩོམ།