ལི་ཁྲང་ཁྲུན་གྱིས་རང་ཁུལ་གྱི་འབྲོག་པས་བསྐུར་བའི་འཕྲིན་ཡིག་གསན་རྗེས།

ལྷ་འཛོམས་ཀྱིས        2011-03-10

འཕྲིན་ཡིག་ཡག་མོ་ཞིག་བྲིས་ཡོད་ལ ་ ནང་དོན་ཡང་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་རེད་ཅེས་གསུངས།
     ཟླ་བ3པའི་ཚེས5ཉིན་གྱི་ཕྱི་ དྲོར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ནང་ཞུགས་མཁན་སི་ཁྲོན་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ནང་བཞུགས་ནས་ཚང་མ་དང་མཉམ་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་སྲིད་གཞུང་ལས་དོན་སྐོར་གྱི་སྙན་སེང་ཞུས་པར་གྲོས་ཞིབ་བཤེར་བྱེད་སར་ཞུགས་ནས་གསུངས་བཤད་ཀྱང་གནང་བ་རེད།རང་ཁུལ་གྱི་འཐུས་མི།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ལི་ཁྲང་ཕིང་གིས་ཚོགས་ཐོག་རང་ཁུལ་གྱི་འབྲོག་པས་ལི་ཁྲང་ཁྲུན་ལ་བསྐུར་བའི་བོད་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྙིང་གཏམ་མཚོན་པའི་འཕྲིན་ཡིག་ཀློག འཕྲིན་ཡིག་ནང་རང་ཁུལ་གྱི་བྲག་འགོ་རྫོང་རྩེ་མ་ཐང་གྲོང་སྡེའི་འབྲོག་པ་ཚེ་རིང་དབང་འདུས་ཀྱིས་གྲོང་སྡེ་ཡོངས་ཀྱི་འབྲོག་དམངས་ཚོས་མངགས་བཅོལ་ལྟར་དྲིན་ཆེན་ལི་ཁྲང་ཁྲུན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ།རྒྱལ་ཁབ་རྒྱང་བསྒྲགས་བཪྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སྟབས་བདེའི་ཉི་ནུས་བཪྙན་འཕྲིན་སྦྱིན་པར་བཀའ་དྲིན་ཆེ་ཞུས།འཕྲིན་ཡིག་འདི་འབྲི་དོན་ནི་ན་ལོའི་ཟླ་བ6པར་སི་ཁྲོན་བོད་ཁུལ་ལ་སྟབས་བདེའི་ཉི་ནུས་བཪྙན་འཕྲིན་ཆ་ཚང་ཁྲི་2སྦྱིན་རྒྱུའི་བཀའ་གནང་བ་རེད།ཉི་ནུས་བཪྙན་འཕྲིན་དེས་འབྲོག་པ་ཚོས་རྩྭ་ཆུ་དེད་དེ་རུ་སྤོའི་འཚོ་བའི་ནང་སྟབས་བདེ་མོས་བཪྙན་འཕྲིན་ལེ་ཚན་མང་པོ་ལྟ་ཐུབ་བྱུང་།
     ལི་ཁྲང་ཁྲུན་གྱིས་བཪྙན་འཕྲིན་འདི་ལ་ཧ་ཅང་དགའ་པོ་ཡོད་པས་ད་ལོར་ཡང་དུ་སི་ཁྲོན་བོད་ཁུལ་ལ་བཪྙན་འཕྲིན་ཆ་ཚང་ཁྲི2སྦྱིན་དགོས་ཞེས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱང་བསྒྲགས་བཪྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་འགན་ཁུར་མི་སྣར་ནན་མངག་ཡང་ཡང་གནང་བར་མ་ཚད།ད་དུང་རང་ཁུལ་གྱི་འཐུས་མི་རྣམས་ལ་འབྲོག་ཁུལ་དེ་བས་འཕེལ་རྒྱས་ཡག་ཡོ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
     འཕྲིན་ཡིག་ནང་ལོ་ན70སོན་པའི་འབྲོག་པ་རྒན་པོ་དཔའ་ལྡན་དབང་ཕྱུག་དང་གྲོང་སྡེ་དེའི་སློབ་གྲྭ་ཆེན་མོ་བ་ཉི་མ་རྡོ་རྗེ་གཉིས་ཀྱིས་འབྲོག་པའི་བུ་རྒྱུད་ཚོ་ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་ལས་རིགས་སློབ་གསོ་བསྣན་པའི་ལས་རིགས་སློབ་གསོ་ནང་ཤེས་པ་སྦྱོང་བཅུག་པར་བཀའ་དྲིན་ཆེ་ཞུས།
     འཕྲིན་ཡིག་ནང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་ཏང་གི་འོད་སྟོང་འབར་བའི་སྲིད་ཇུས་དྲོད་སྐྱིད་སྟེར་པའི་འོག་ཁྱད་པར་དུ་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་སྦྲ་གུར་གྱི་འཚོ་བ་གསར་པ་སོགས་ཀྱིས་ཕན་བདེ་ཐོབ་ནས་འབྲོག་དམངས་ཚོ་ཡངས་ཤིང་གསལ་བའི་སྡོད་ཁང་ནང་སྤོ་ཐུབ་པར་བཀའ་དྲིན་ཆེ་ཞུས།ལི་ཁྲང་ཁྲུན་གྱིས་དགའ་འོས་པའི་འཕྲིན་ཡིག་ཡག་པོ་འབྲི་འདུག ཧ་ཅང་སེམས་འགུལ་ཐེབས་པ་ཞིག་རེད།ཕྱི་ལོག་རྗེས་ངས་ཆེད་དམིགས་ནས་ཡིག་ལེན་འབྲི་པར་མ་ཚད།ད་དུང་ཀྲུང་དབྱང་བཪྙན་འཕྲིན་ཁང་ལ་གྲོང་སྡེ་དེར་བཅར་འདྲི་བྱེད་དུ་བཅུག་ནས་ཡུལ་དེའི་འཕོ་འགྱུར་དང་དགའ་སྤྲོ་དེ་རྒྱལ་ཡོངས་ཀྱི་མི་དམངས་ཚང་མར་ཚོར་མྱོང་བྱེད་བཅུག་དགོས་ཞེས་གསུངས།
     ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོའི་ཟླ་བ1པོར་རྒྱ་ཆེའི་འབྲོག་དམངས་མང་ཚོགས་ཀྱི་བཪྙན་འཕྲིན་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་རྒྱང་བསྒྲགས་བཪྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་རང་ཁུལ་གྱི་འབྲོག་དམངས་ལ་སྟབས་བདེའི་ཉི་ནུས་བཪྙན་འཕྲིན་སྒྲིག་ཆས་ཁྲི1སྦྱིན་ན་ནས་ལྕགས་ཟམ་རྫོང་ཕུད།དེ་མིན་གྱི་རྫོང་ཁག17ཡི་ཞིང་འབྲོག་པ་་ཁྲི5ལྷག་ཙམ་ལ་ཕན་ཐོགས་པ་རེད།ཏང་དང་སྲིད་གཞུང་གི་གསུང་སྐད་དང་རྒྱལ་ཇུས་དམངས་འཚོ་བཅས་ཀྱི་རིགས་སྣ་ཚོགས་ཀྱི་ཆ་འཕྲིན་དེ་དུས་ཐོག་ཏུ་མཐའ་འཁོབ་ཀྱི་ཞིང་འབྲོག་ས་ཁུལ་དུ་བརྒྱུད་བསྒྲགས་བྱེད་ཐུབ་པས།ཞིང་འབྲོག་མང་ཚོགས་ཀྱིས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུས་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྕགས་མོ་ཡོས་ལོ་གསར་བའི་དུས་ལ་རང་ཁུལ་གྱི་ས་གནས་སོ་སོས་དགའ་དགའ་སྤྲོ་སྤྲོས་བོད་ཀྱི་ལོ་སར་ལ་རོལ་བ།
  • ལེ་ཚན་རྗེས་མ།:ལི་ཁྲང་ཕིང་གིས་སི་ཁྲོན་འཐུས་མི་ཚོགས་པའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གྲོས་ཞིབ་གནང་སྐབས
  • དོ་སྣང་ཆེ་བའི་རྩོམ།