བྲག་འགོ་རྫོང་གིས་ལས་ལམ་གསར་གཏོད་ཀྱི་གསོ་སྦྱོང་ལས་ཀ་སྤེལ་ནས་ལས་ཞུགས་བྱ་རྒྱུར་སྐུལ་སྤེལ་བཏང་བ།

(དབྱངས་ཅན་གྱིས་བསྒྱུར།)        2011-01-06

ཉེ་ཆར།བྲག་འགོ་རྫོང་ལས་ཞུགས་ཅུས་ཀྱིས་དུས་ཡུན་ཉིན4རིང་གི་ལས་ལམ་གསར་གཏོད་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་རེད།རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་དང་།སློབ་གྲྭ་ཆེ་འབྲིང་གི་སློབ་མཐའ་ཕྱིན་པའི་སློབ་མ་དང་ལས་ལམ་གསར་གཏོད་བྱེད་རེ་ཡོད་པའི་ཞིང་སྡེའི་ངལ་རྩོལ་མི་སྣ་མི་གྲངས80གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་པ་རེད།
སློབ་ཁྲིད་བྱེད་མཁན་དགེ་རྒན་གྱིས་སློབ་མ་དང་གང་ལ་དེ་འཚམ་ཀྱི་བྱེད་ཐབས་སྤྱད་ནས་དཔེ་དངོས་དངོས་སློབ་ཁྲིད་ཀྱི་བྱེད་ཐབས་སྤྱད་ནས་གཙོ་གནས་དུ་ཁེ་ལས་ཆུང་གྲས་ཀྱི་གྲུབ་འབྲས་ཐོབ་པའི་རྒྱུ་རྐྱེན་དང་།ཞབས་འདེབས་ཞུ་ཡུལ་དང་འགྲན་བརྩོད་བྱ་ཡུལ།ཤེས་རྟོགས་བྱ་རྒྱུ།ཚོང་ར་བདག་གཉེར་དང་ཕྱིར་འཚོང་བྱེད་འི་མ་གནས་ཀྱི་འཆར་གཞི་གཏན་འབེབས་བྱ་རྒྱུ་ལས་འགོ་འཛུགས་པའི་མ་དངུལ་སྔོན་དཔག་བྱེད་པ་སོགས་ཐད་ཀྱི་གསོ་སྐྱོང་སྦྱོང་བརྡར་བྱས་ནས་སློབ་མར་རང་ཉིད་ཀྱི་བསམ་ཚུལ་འགྲེལ་བཤད་རྒྱག་གང་ཐུབ་བྱས་ཏེ།རང་ཉིད་ཀྱི་མངོན་མེད་ནུས་ཤུགས་འདོན་ནས་སློབ་སྦྱོང་བྱས་པའི་གོ་བ་དང་ཤེས་རྟོགས་བྱས་ཚད་ཤུགས་སྣོན་རྒྱག་པར་སྐུལ་མ་བཏང་བ་རེད།

 

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་འབྲོག་མི་གཞིས་ཆགས་སྡོད་གནས་ཀྱི་ན་ཆུང་བྱེད་སྒོ་ལྟེ་གནས་ཨང་དང་པོ་དེ་དར་མདོ་རྫོང་ལྕ
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།