སི་ཁྲོན་ཞིང་ཆེན་གྱི་འབྲོག་མི་གཞིས་ཆགས་སྡོད་གནས་ཀྱི་ན་ཆུང་བྱེད་སྒོ་ལྟེ་གནས་ཨང་དང་པོ་དེ་དར་མདོ་རྫོང་ལྕམ་པ་གྲོང་སྡེ་རུ་ལེགས་གྲུབ་བྱུང་།

(ཐུབ་བསྟན་དང་མིག་དམར། ཀུན་དགའ་བཅས་ཀྱིས།)        2011-01-06

ཡུན་མི་རིང་སྔོན་དུ།དཀར་མཛེས་ཁུལ་དར་མདོ་རྫོང་ལྷ་སྒང་ཤང་ལྕམ་པ་གྲོང་སྡེའི་ན་ཆུང་བྱེད་སྒོ་ལྟེ་གནས་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་རེད།   འདི་ནི་རང་རེའི་ཞིང་ཆེན་གྱིས་འབྲོག་པའི་གཞིས་ཆགས་སུ་བཙུགས་པའི་ན་ཆུང་བྱེད་སྒོ་ལྟེ་གནས་ཨང་དང་པོ་ཡིན་པ་རེད།    ཞིང་ཆེན་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་གུང་གཞོན་སྡེ་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་ཅན་དང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལའོ་ཞའོ་ཏུང་རྣམ་གཉིས་ཨར་ལས་མཇུག་བསྒྲིལ་བའི་མཛད་སྒོར་ཞུགས་པས་མ་ཚད་བྱེད་སྒོའི་ལྟེ་གནས་ཀྱི་སྒོ་བྱང་ཡང་འབྱེད་པ་རེད།
ཀྲུའུ་ཅན་གྱིས་ཐུགས་རེ་གནང་རྒྱུར།མཛད་སྒོའི་ཐོག་བོད་ཁུལ་ན་ཆུང་བྱེད་སྒོ་ལྟེ་གནས་འཛུགས་སྐྲུན་དང་དོ་དམ།   བེད་སྤྱོད་བཅས་ཀྱི་སྐོར་ལ་འབྲོག་པའི་གཞིས་ཆགས་སྡོད་གནས་རྣམས་སུ་ཞིབ་དཔྱོད་ཡག་པོ་བྱས་ནས་འབྲོག་ཁུལ་དེ་དག་གི་ན་ཆུང་བྱིས་པ་རྣམས་ཀྱི་རྩ་བའི་གནས་ཚུལ་གསལ་པོ་རྒྱུས་ལོན་ཐུབ་པ་བྱས་ནས་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་གུང་གཞོན་སྡེ་ཚོགས་ཀྱི་དངོས་ཡོད་ལས་ཀ་དང་འབྲེལ་བྱས་ནས་ཞིང་ཆེན་དང་།   ཁུལ།   རྫོང་བཅས་ཀྱི་ན་ཆུང་བྱེད་སྒོ་ལྟེ་གནས་འཛུགས་སྐྲུན་གྱི་འཆར་འགོད་གོ་རིམ་ལྡན་ལ་འོས་ཤིང་འཚམ་པར་མདུན་སྤེལ་བྱེད་དགོས།བོད་ཁུལ་གྱི་ན་ཆུང་བྱེད་སྒོ་ལྟེ་གནས་དོ་དམ་ཚད་ལྡན་ཅན་དུ་བསྒྱུར་ནས་ཐུན་མོང་གི་ཞབས་ཕྱི་འཇོན་ནུས་དང་ཆུ་ཚད་མཐོ་འདེགས་གཏོང་ཞིང་།  རིམ་བགྲོད་ཀྱིས་གུང་གཞོན་ཚོགས་པ་ཁང་དང་།  གྲོང་སྡེ་ན་ཆུང་བྱིས་པ་ཁང་།   དང་བླངས་ཞབས་ཞུ་ས་ཚིགས།   གཞིས་སྲུང་སློབ་མའི་ཁྱིམ་ཚང་སོགས་གཅིག་གྱུར་ཡོང་བའི་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས།  བོད་ཁུལ་གྱི་ན་ཆུང་བྱེད་སྒོ་ལྟེ་གནས་བེད་སྤྱོད་ཡག་པོ་བཏང་སྟེ་སྟབས་བདེ་ཞིང་སྤྱོད་སྒོ་ཆེ་བའི་རྩ་དོན་བཟུང་ནས་རྒྱ་ཆེའི་ན་གཞོན་དང་འབྲོག་པ་མང་ཚོགས་ཀྱིས་རིག་གནས་དང་རིག་གནས་ལོངས་སུ་སྤྱོད་པའི་གྲལ་དུ་ཞུགས་སུ་བཅུག་ཅིང་།   ན་ཆུང་བྱིས་པའི་ལྟེ་གནས་ཀྱི་རྩ་འཛུགས་དང་།  ཞབས་ཞུ།   གསོ་སྦྱོང་།   བྱམས་སྐྱོང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་པོ་བྱེད་དགོས།
ལྕམ་པ་གྲོང་སྡེའི་ན་ཆུང་བྱེད་སྒོ་ལྟེ་གནས་ཀྱི་ནང་དུ་ན་གཞོན་དང་ལེན་པའི་ཞབས་ཞུ་ས་ཚིགས་དང་།   ན་གཞོན་ལས་ཞུགས་ཞབས་ཞུ་ལྟེ་གནས།   ན་གཞོན་ཡ་རབས་གོམས་སྲོལ་ལྟ་སྐུལ་ལས་གནས།   འབྲོག་ཁུལ་ན་གཞོན་ལས་དོན་ཨུ་ཡོན་ལྷན་ཁང་བཅས་བཙུགས་ཡོད་པ་དང་།    འབྲོག་པའི་ལོ་ཆུང་གཞོན་ནུ10ལྷག་ཙམ་གྱི་རིག་རྩལ་དྲིལ་བསྒྲགས་རུ་ཁག་དང་དང་བླངས་ཞབས་ཞུ་ཁག་བཙུགས་པ་མ་ཚད།   བྱེད་སྒོའི་སྤོ་ལོ་ར་བ་བསྐྲུན་ཞིང་གློག་རོལ་དང་།  འཕེན་འཕང་སྤོ་ལོའི་ཅོག་ཙེ་སོགས་སྒྲིག་སྦྱོར་བྱས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:མགོན་དགའ་ལ་སི་ཁྲོན་ཞིང་ཆེན་གྱི་འཇོན་ཐང་ཅན་གྱི་བར་འདུམ་པ་བཅུའི་མཚན་སྙན་ཐོབ་པ།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་གིས་ལས་ལམ་གསར་གཏོད་ཀྱི་གསོ་སྦྱོང་ལས་ཀ་སྤེལ་ནས་ལས་ཞུགས་བྱ་རྒྱུར་སྐུལ་སྤེལ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།