མགོན་དགའ་ལ་སི་ཁྲོན་ཞིང་ཆེན་གྱི་འཇོན་ཐང་ཅན་གྱི་བར་འདུམ་པ་བཅུའི་མཚན་སྙན་ཐོབ་པ།

(ངེད་གསར་འགོད་པ་ཡེ་མིང་གིས་བྲིས།)        2011-01-06

ན་ནིང་ལོའི་ཟླ་བ12པའི་ཚེས27ཉིན་སི་ཁྲོན་ཞིང་ཏང་ཨུ་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་འཇོན་ནུས་ཅན་གྱི་འདུམ་འགྲིག་པར་གཟེངས་བསྟོད་བྱས་པའི་ཚོགས་འདུ་དེ་ཁྲེན་ཏུའུ་ལ་འཚོགས་པ་རེད།ཚོགས་ཆེན་གྱི་ཞིང་ཆེན་ཡོངས་ཀྱི་བར་འདུམ་བྱེད་མཁས་པའི་སྔོན་ཐོན་ཐུན་མོང200དང་སྔོན་ཐོན་མི་སྒེར600ལྷག་ཙམ་ལ་གཟེངས་བསྟོད་བྱས་པས་མ་ཚད།སི་ཁྲོན་ཞིང་ཆེན་གྱི་འཇོན་ནུས་ཅན་གྱི་བར་འདུམ་པ་བཅུའི་མིང་བཏགས་བཀོད་པ་རེད།རང་ཁུལ་གྱི་དཀར་མཛེས་རྫོང་ཚྭ་ལུང་ཤང་ཚྭ་ལུང་གྲོང་ཚོ་དང་པོའི་ཏང་ཀྲི་པུའུ་ཧྲུའུ་ཅི་མགོན་དགའ་ལ་སི་ཁྲོན་ཞིང་ཆེན་གྱི་འཇོན་ནུས་ཅན་གྱི་བར་འདུམ་པ་བཅུའི་མཚན་སྙན་ཐོབ་པ་རེད།
ད་ལོར་ལོ་ནར46སོན་པའི་མགོན་དགའ་ཡིས་ལོ15རིང་གི་བར་འདུམ་བྱེད་པའི་ལས་ཀའི་ཁྲོད་དུ་སྔོན་རྗེས་སུ་འགལ་ཟླ་རྩོད་གླེང་གི་གནད་དོན1000ལྷག་ཙམ་འདུམ་འགྲིག་བྱས་ཡོད་ཅིང་།བར་འདུམ་བྱས་ནས་འདུམ་འགྲིག་བྱུང་ཚད་བརྒྱ་ཆ100ལ་ཟིན་པ་རེད།2007ལོ་ནས2009ལོ་བར་གྱི་ལོ་གསུམ་རིང་ལ་དཀར་མཛེས་རྫོང་དང་རྫོང་སྲིད་གཞུང་གིས་བཀོད་སྒྲིག་དང་།འབྲེལ་ཡོད་ཕྱོགས་ཀྱིས་གདན་ཞུས་བྱས་པར་དང་ལེན་བྱས་ནས་གལ་ཆེའི་ཚོགས་པ་རང་བཞིན་གྱི་དོན་རྐྱེན་མང་པོ་ཞི་ལྷོད་གཏོང་སར་ཞུགས་ནས་འབྲོག་ཁུལ་གྱི་སྤྱི་ཚོགས་སྲུང་སྐྱོང་དང་འཆམ་མཐུན་བརྟན་བརླིང་ཡོང་བར་དམིགས་བསལ་གྱི་བྱས་རྗེས་བཞག་པ་རེད།
  • ལེ་ཚན་སྔོན་མ།:པར་རིས་གསར་འགྱུར།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་གྱི་འབྲོག་མི་གཞིས་ཆགས་སྡོད་གནས་ཀྱི་ན་ཆུང་བྱེད་སྒོ་ལྟེ་གནས་ཨང་དང་པོ་དེ་དར་མདོ་རྫོང་ལྕ
  • དོ་སྣང་ཆེ་བའི་རྩོམ།