ལམ་བཞི་དང་ཕུག་ལམ་གཅིག་གི་ཨར་ལས་རྣམ་གྲངས་སྐུལ་སློང་ཚོགས་ཆེན་དར་མདོ་རྫོང་གི་འགོ་ལོག་ཐོག་ལ་འཚོགས།

        2010-12-06

ལམ་བཞི་དང་ཕུག་ལམ་གཅིག་གི་ཨར་ལས་རྣམ་གྲངས་སྐུལ་སློང་ཚོགས་ཆེན་དར་མདོ་རྫོང་གི་འགོ་ལོག་ཐོག་ལ་འཚོགས།

ཟླ་བ11པའི་ཚེས30ཉིན།རྒྱལ་སྲུང་གཞུང་ལམ318པའི་འགོ་ལོག་ཐོག་ནས་ལི་ཐང་མཚོ་ལ་བར་དང317པའི་འོག་ཐང་ནས་རྐང་ཐོག་བར།ཞིང་ཆེན་རིམ་པའི་གཞུང་ལམ217པའི་ལི་ཐང་ནས་གྱོང་པ་བར་དང་ཞིང་ཆེན་རིན་པའི་གཞུང་ལམ་303བ་སྨད་ནས་བཙན་ལྷ་བར།སྡེ་དགེ་ཁྲོ་ལའི་ཕུག་ལམ་གྱི་ཨར་ལས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུའི་སྐུལ་སློང་ཚོགས་འདུ་དེ་དར་མདོ་རྫོང་འགོ་ཐོག་གྲོང་ཚོར་འཚོགས་པ་རེད།

སྔོན་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ་རག་སྡི་ས་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པར་རྟེན་འབྲེལ་ཞུ་བའི་སྤྲིངས་གཏོང་ཡོང་བ་རེད།ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཝང་ཉིང་གིས་རྣམ་གྲངས་འགོ་ཚུགས་རྒྱུའི་ཁྱབ་བསྒྲགས་གནང་།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་དང་།ཞིང་ཆེན་འགྲིམ་འགྲིལ་ཐིང་གི་ཐིང་ཀྲང་ཁྲེན་ཝེ་ཡིས་གསུང་བཤད་གནང་བ་རེད།ཁུལ་དཔོན་ལི་ཁྲང་ཕིང་གིས“ལམ་བཞི་དང་ཕུག་ལམ་གཅིག”རྣམ་གྲངས་ངོ་སྤྲོད་གནང་བ་རེད།སྐུལ་སློང་ཚོགས་འདུ་དེ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཕའེ་ལིང་གིས་གཙོ་འགན་བཞེས་པ་རེད།
“ལམ་བཞི་དང་ཕུག་ལམ་གཅིག”ཨར་ལས་ནི་སི་ཁྲོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་དང་སི་ཁྲོན་ཞིང་ཆེན་གྱིས་བོད་ཁུལ་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་བོད་ཁུལ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་གནང་བའི་གོ་སྐབས་དམ་འཛིན་དང་རེས་སྐོར་གསར་པའི་ནུབ་རྒྱུད་གསར་སྦོལ་ཆེན་པོ་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་བླངས་པར་བརྟེན།སྔར་ལྷག་གིས་དཀར་མཛེས་ཁུལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་རྣམ་པ་ལེགས་བཅོས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་རེད།
ལིའུ་ཏའོ་ཕིང་གིས་བསྟན་དོན།“ལམ་བཞི་དང་ཕུག་ལམ་གཅིག”ནི་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་དྲ་བའི་མ་ལག་ནང་གནས་ཐང་ཧ་ཅང་གལ་ཆེན་ལྡན་པ་རེད།འཕྲེད་ཕྱོགས་བཞི་དང་གཞུང་ཕྱོགས་ལམ་ཆེན་བཞི།ཕྱོགས་ལྔ་སྦྲེལ་བ།མདོ་འགག་གསུམ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་བ་ཆགས་པ་ནི་རང་ཁུལ་གྱི་འགྲིམ་འགྲུལ་རྗེས་ལུས་ཀྱི་རྣམ་པ་ལེགས་བཅོས་བྱས་པར་ཕན་ཐོགས་ཆེན་ཡོད་པ་དང་།རང་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད།དམངས་འཚོ་ལེགས་བཅོས་བྱེད་པར་ཕན་ཐོགས་ཡོད་པ་རེད།ཁོང་གིས་ནན་གསུང་གནང་རྒྱུར།“ལམ་བཞི་དང་ཕུག་ལམ་གཅིག”བདེ་བླག་ངང་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ཐུགས་ཁུར་རྒྱ་ཆེ་གནང་བ་མཚོན་ཞིང་།“ལམ་བཞི་དང་ཕུག་ལམ་གཅིག”གི་རྣམ་གྲངས་འཛུགས་པ་ནས་མ་དངུལ་གྲབས་གསོག    འཆར་འགོད་ཇུས་འགོད་བྱེད་རྒྱུ་སོགས་ཀྱི་སོ་སོར་ལ་ཞིང་ཆེན་གྱི་འགོ་ཁྲིད་དང་ཞིང་ཆེན་རིམ་པའི་འབྲེལ་བ་སྡེ་ཁག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་ཨོ་སྒང་ཤང་གི་ལས་བྱེད་པ་དང་གྲོང་ཚོའི་འགན་ཁུར་པ་ཚོས་དགེ་བཟང་གྲོང་ཚོར་བདེ་དྲོད་བསྐྱལ་བ།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་ར་རྔ་ཁ་གྲོང་བརྡལ་གྱི་སོག་ཕག་འགེབ་པའི་ལས་གྲྭ་ལ་འབྲས་བུ་སྨིན།
  • དོ་སྣང་ཆེ་བའི་རྩོམ།