དར་མདོ་རྫོང་ར་རྔ་ཁ་གྲོང་བརྡལ་གྱི་སོག་ཕག་འགེབ་པའི་ལས་གྲྭ་ལ་འབྲས་བུ་སྨིན།

        2010-12-06

ཏང་དང་རྒྱལ་ཁབ་ཀྱི་དམངས་ཕྱུག་བདེ་འཇགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང།དར་མདོ་རྫོང་ར་རྔ་ཁ་གྲོང་བརྡལ་གྱིས་མི་དམངས་ཀྱི་ཁེ་ཕན་དང་འཚོ་གཞེས་གཙོ་བོར་བཟུང་སྟེ་དངོས་ཕན་གྱི་བྱ་བ་རབ་དང་རིམ་པ་བསྒྲུབས།གྲོང་བརྡལ་འདིའི་མངའ་ཁོངས་སུ་སྲིད་འཛིན་གྲོང་སྡེ13ཡོད་ལ་ད་ལོའི་ཟླ་བ5པ་ནས་འགོ་ཚུགས་ཏེ་གྲོང་སྡེ་སོ་སོ་རུ་སོག་ཕག་འགེབ་པའི་ལས་གྲྭ་ལག་བསྟར་བྱས་པ་རེད།དེ་ལས་མགོ་ལོག་ཐོག་གྲོང་སྡེ་གསུམ་པ་ལ་དུད་ཁ36ཡོད་ལ་ད་བར་དུ་དུད་ཁ31པའི་རྣམ་པ་བསྒྱུར་བའི་ལས་གྲྭ་བསྒྲུབས་ཟིན་པས།དུད་ཁ་ཡོངས་ཀྱི་བརྒྱ་ཆ་85ཟིན།གྲོང་མི་བསྟན་པ་ཡིས་དགའ་སྤྲོའི་ངང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་གོང་རིམ་དབུ་ཁྲིད་རྣམ་པའི་སྐུ་དྲིན་གྱིས་ང་ཚོའི་བཟའ་བཏུང་དང་སྡོད་ས།འགྲོ་ལམ་སོགས་གང་ཅིའི་ཐད་ལ་སྔར་ན་མེད་པའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།སྔོན་མ་ཡིན་ན་ཆར་པ་ཆེན་པོ་འབབ་སྐབས་ཁང་པའི་ནང་དུ་ཆར་པ་ཟགས་པས་དཀའ་ཁག་མི་ཉུང་བ་འཕྲད་མྱོང་།རེད་དེ་ད་ནས་བཟུང་སེམས་ཁྲལ་མི་དགོས་པས་སེམས་གཏིང་ནས་རྒྱལ་ཁབ་དང་དབུ་ཁྲིད་རྣམ་པ་ལ་བཀའ་དྲིན་ཆེ་ཞུ་ཞེས་གསུངས།རྒྱང་རིང་ཐུང་གང་ནས་བལྟས་ནའང་གྲལ་བསྟར་འགྲིག་པའི་བོད་ཁང་སོ་སོ་ཡི་ཐོག་ལ་སོག་ཕག་དམར་པོ་བཀབ་ཡོད་པས་མཛེས་སྡུག་ཡིད་དབང་འཕྲོག་པ་ཞིག་རེད།
  • ལེ་ཚན་སྔོན་མ།:ལམ་བཞི་དང་ཕུག་ལམ་གཅིག་གི་ཨར་ལས་རྣམ་གྲངས་སྐུལ་སློང་ཚོགས་ཆེན་དར་མདོ་རྫོང་གི་འགོ་ལོག་ཐོག་ལ་འཚོགས།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གི་འབྲོག་པའི་གྲོང་གསར་དུ་ཡ་རབས་ཀྱི་གོམས་སྲོལ་ཆགས།
  • དོ་སྣང་ཆེ་བའི་རྩོམ།