ལི་ཐང་རྫོང་གིས་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བས་བརྗོད་བྱ་གཙོ་བོར་བྱས་པའི་སློབ་གསོའི་བྱེད་སྒོ་སྤེལ།

ཡེ་ཤེས་ཀྱིས་བསྒྱུར།        2016-09-27

ཉེ་ཆར།  ལི་ཐང་རྫོང་གི་སློབ་གྲྭ་ཆུང་འབྲིང་སུ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བརྗོད་བྱ་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་སློབ་གསོ་ཡིན་པ་རེད།
རྒྱ་ཆེ་བའི་དགེ་སློབ་ཡོངས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་ཞིང་།  ན་གཞོན་སློབ་མའི་རྒྱལ་གཅེས་ཀྱི་འདུ་ཤེས་དང་ཀུན་སྤྱོད་ཀྱི་གོམས་གཤིས་བཟང་པོར་ཆགས་ཐུབ་པའི་ཆེད། ལི་ཐང་རྫོང་གིས་སྟོན་དུས་ཀྱི་སློབ་འགོ་བཙུགས་པ་ནས་བཟུང་།  རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ 2016ལོའི་སྟོན་དུས་སློབ་འགོ་བཙུགས་པའི་སློབ་ཐེངས་དང་པོའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་ཞེས་པའི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
ཐེངས་འདིའི་སློབ་གསོའི་བྱེད་སྒོའི་ཁྲོད་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས་བཏོན་པའི་བླང་བྱ་སེམས་ལ་འཛིན་པ་དང་། སེམས་སུ་མིག་དཔེ་ཡོད་པ།   ཆུང་དུས་ནས་སྒྲུབ་པ།   རོགས་རམ་ལ་དང་ལེན་བྱེད་པ་བཅས་ཀྱི་བླང་བྱར་དམིགས་ཤིང་རྫོང་དེའི་དམར་རིམ་སློབ་གྲྭ་ཆུང་འབྲིང་གི་སློབ་གྲྭའི་རིག་གནས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། སྐེ་རས་དམར་པོའི་རྒྱང་བསྒྲགས་ས་ཚུགས་དང་།  དྲིལ་བསྒྲགས་པང་ལེབ། གློག་རྡུལ་བརྙན་ཤེལ།    ནག་པང་ཚགས་པར་སོགས་དྲིལ་བསྒྲགས་གཞི་རྟེན་སྤྱད་ནས་སློབ་མར་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་བ་རེད།།
སློབ་འགོ་བཙུགས་པའི་སློབ་ཐེངས་དང་པོའི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་བར་བརྒྱུད།  ལི་ཐང་རྫོང་གི་རྒྱ་ཆེ་བའི་དགེ་སློབ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བར་ངོས་འཛིན་ཇེ་ཟབ་དུ་ཕྱིན་པར་མ་ཟད།   ཕུགས་བསམ་གྱི་དད་སེམས་བརྟན་དུ་ཕྱིན་ཞིང་།  ཚང་མས་ཆེད་དོན་སློབ་གསོའི་གྲུབ་འབྲས་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད་པ་རེད།། 
  • ལེ་ཚན་སྔོན་མ།:དཀར་མཛས་རྫོང་གིས་གཞི་རིམ་དུ་དམངས་ཕན་སྲིད་ཇུས་བསྒྲགས།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གིས་སློབ་མ་ཚོས་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་ལག་ལེན་བྱེད་པར་ཁྲིད་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།