ཕྱག་ཕྲེང་རྫོང་གིས་སློབ་མ་ཚོས་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་ལག་ལེན་བྱེད་པར་ཁྲིད་སྟོན་བྱས།

སྐལ་བཟང་རྒྱ་མཚོས་བསྒྱུར།        2016-09-27

ཉེ་ཆར། ཕྱག་ཕྲེང་རྫོང་གིས་དཔལ་ཡོན་ལྡན་པའི་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུ་དང་དགེ་སློབ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་རྟོགས་པར་དམིགས་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་དམར་དམག་དྲན་གསོ་ཁང་ལ་ལྟ་སྐོར། དང་བླངས་ཞབས་ཞུའི་ལས་ཀའི་ནང་ཞུགས་པའི་ནང་དོན་འདུས་པའི་སློབ་གྲྭ་འགོ་བཙུགས་པའི་སློབ་ཐེངས་དང་པོའི་བྱེད་སྒོ་སྤེལ་བ་རེད།
སློབ་ཚན་གྱི་ནང་དོན་ནི་སློབ་འབྲིང་དང་སློབ་ཆུང་སློབ་མའི་ཁྱད་ཆོས་ལ་དམིགས་ནས་བཀོད་སྒྲིག་བྱས་པ་ཡིན་ཏེ། སློབ་མ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་ཤུགས་རྐྱེན་རིམ་བཞིན་ཐེབས་པར་བྱས་ནས་ཡང་དག་པའི་མི་ཚེའི་ལྟ་བ་དང་། རིན་ཐང་གི་ལྟ་བ། འཇིག་རྟེན་གྱི་ལྟ་བ་ཆགས་ཐུབ་པར་ཕན་ནུས་ལྡན་པ་རེད།
སློབ་གྲྭ་ཚོགས་འགོ་བཙུགས་པའི་སློབ་ཐེངས་དང་པོའི་ནང་ང་ཚོས་འདི་ལྟ་བུའི་སློབ་ཁྲིད་བྱེད་སྟངས་བཀོད་སྒྲིག་བྱེད་པའི་རྒྱུ་མཚན་ནི། དགེ་སློབ་ཡོངས་ཀྱི་ཀུན་སྤྱོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་ལུགས་དང་སྒྲིག་ཁྲིམས་སྲུང་བའི་འདུ་ཤེས་དང་གོམས་གཤིས་བཟང་པོ་ཞིག་ཆགས་རྒྱུ་དང་རང་ཚུགས་འཛིན་ཤེས་ཤིང་རང་གི་བྱ་སྤྱོད་ལ་གཟབ་ནན་བཟོ་ཤེས་པའི་ཆེད་དུ་ཡིན་ཞེས་རྫོང་ཁུལ་དམའ་རིམ་སློབ་ཆུང་གི་སློབ་སྟོན་ཀྲུའུ་རེན་གྱིས་དེ་ལྟར་བཤད།  སྔར་ལས་ལྷག་པར་སློབ་གྲྭའི་ཉེན་མེད་དོ་དམ་གྱི་ལས་ཀར་ཤུགས་སྣོན་པ་དང་། དགེ་སློབ་ཡོངས་ཀྱིས་བཅའ་ཁྲིམས་དང་སྒྲིག་ལམ་ལ་བརྩི་སྲུང་བྱེད་པའི་དོན་སྙིང་ལ་མྱོང་ཚོར་ཟབ་མོ་བྱེད་ཐུབ་པ་དང་། སློབ་མ་ཚོས་བཅའ་ཁྲིམས་སྦྱོང་བ་དང་བཅའ་ཁྲིམས་སྤྱོད་པ། བཅའ་ཁྲིམས་གོ་བ་བཅས་ཀྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་ཐུབ་པའི་ཆེད། རྫོང་ཁུལ་སློབ་ཆུང་གིས་ད་དུང་དགེ་སློབ་ཡོངས་རྫོགས་སྒྲིག་འཛུགས་བྱས་ནས《ཁྲིམས་ལུགས་ཉེན་མེད་སློབ་གསོ》ཞེས་པའི་བརྙན་འཕྲིན་ལེ་ཚན་ལྟ་རུ་བཅུག་པ་རེད།།  
  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བས་བརྗོད་བྱ་གཙོ་བོར་བྱས་པའི་སློབ་གསོའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ཁེ་ལས་དང་སློར་གྲྭར་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།