དཀར་མཛས་རྫོང་གིས་གཞི་རིམ་དུ་དམངས་ཕན་སྲིད་ཇུས་བསྒྲགས།

ཡེ་ཤེས་ཕན་བདེ།        2016-09-27

ཉེ་ཆར། དཀར་མཛེས་རྫོང་གིས་གཞི་རིམ་ལས་ཀར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་རྒན་རབས་ལས་བྱེད་པ་དང་དགེ་བའི་བཤེས་གཉེན་དམ་པ་གདན་འདྲེན་ཞུས་ནས་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ། རྫོང་ཁུལ་དང་ལྷོ་པ་སྡེ་ཁུལ། སྟོང་སྐོར་སྡེ་ཁུལ། རོང་པ་ཚེར་སྡེ་ཁུལ། ཟླ་སྟོད་མ་སྡེ་ཁུལ་བཅས་ལྔའི་དགོན་པ་42སུ་ཕེབས་ནས་ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ཁུལ་གྱི་རབ་དང་རིམ་པའི་ཚོགས་འདུའི་དགོངས་དོན་དང་དབུལ་སྐྱོར་གནད་སྨིན། ཁྲིམས་ལྟར་རྫོང་སྐྱོང་། མི་རིགས་མཐུན་སྒྲིལ། ཐུམ་འབུ་ནད་འགོག་བཅོས་བཅས་ཀྱི་ཤེས་བྱ་སོགས་ཞིབ་ཕྲ་སྒོ་ནས་སྒྲོག་འགྲེལ་བྱས་པ་རེད།
དགོན་པ་ཁག་གི་གྲྭ་བཙུན་རྣམས་ཀྱིས་ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོ་བརྒྱུད་ནས། ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ཁུལ་གྱི་དམངས་ཕན་ཐབས་ཇུས་ལ་གོ་རྟོགས་གསར་པ་སྐྱེས་བྱུང་། ང་ཚོ་གྲྭ་བཙུན་རྣམས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་དམངས་ཕན་ཐབས་ཇུས་གཞི་རིམ་དང་དགོན་པར་དོན་ཐོག་འཁྱོལ་བར་རང་ནུས་གང་ལྕོགས་འདོན་ངེས་ཡིན་ཞེས་བཤད་པ་རེད།
ཐེངས་འདིའི་བྱེད་སྒོ་ནང་གྲྭ་བཙུན་ཁྱོན་བསྡོམས3368ཞུགས་ཤིང་སྒྲོག་འགྲེལ་ལག་དེབ3676ཙམ་བཏང་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཨུས༢༠༡༦ལོའི་ཏང་སྐྱོང་འགོ་ཁྲིད་ཚོ་ཆུང་གི་ཐེངས་བཞི་པའི་རྒྱུན་ལྡན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བས་བརྗོད་བྱ་གཙོ་བོར་བྱས་པའི་སློབ་གསོའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།