རོང་བྲག་རྫོང་གིས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་།
དངོས་གྲུབ་སྒྲོལ་མས་བསྒྱུར། 2016-03-14
ཉེ་ཆར།རོང་བྲག་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱིས་སློབ་གསོ་འཕེལ་རྒྱས་ཡོང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས།གཅིག་གཉིས་གསུམ་བཞི་ཞེས་པའི་སློབ་གསོ་ལས་ཀའི་བསམ་ཕྱོགས་གཏན་འབེབས་བྱས་ཏེ།སློབ་གསོའི་སྤུས་ལེགས་ཀྱི་ཚད་དང་དྲང་སྙོམས་ཀྱི་ཚད།ཡི་རང་གི་ཚད་བཅས་ཇེ་མཐོར་བཏང་ནས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་བ་རེད།
ལྟེ་གནས་གཅིག་ལ་དམ་འཛིན་བྱས་པ་སྟེ་སློབ་གསོ་དང་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་བ་དང་མི་དམངས་ཡི་རང་བའི་སློབ་གསོ་གཉེར་བའི་ལྟེ་གནས་ལས་ཀ་དམ་འཛིན་བྱེད་པ་དང་།ལས་ཀ་གཉིས་ཡག་པོ་སྒྲུབ་པ་སྟེ།སློབ་གསོ་ཕྱོགས་བསྡུས་བསྒྱུར་བཅོས་དང་སློབ་གསོ་དང་དམངས་འཚོར་ཞབས་ཞུ་བྱ་རྒྱུ་ཟབ་སྤེལ་གཏོང་བ།གཙོ་གནད་གསུམ་མངོན་གསལ་བྱེད་པ་སྟེ།གཅིག་ནི་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་ལས་ཀར་རྒྱལ་ཁབ་རིམ་པས་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་བྱེད་པ་དང་ལེན་བྱ་རྒྱུ་དང་།གཉིས་ནི་སློབ་གསོའི་གཙོ་གནད་ལས་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།གསུམ་ནི་གཅིག་གཉིས་གསུམ་ཞེས་པའི་རིག་ནུས་དཀར་མཛེས་སློབ་གསོ་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱ་རྒྱུ།ཕྱོགས་བཞིའི་ཐད་ཀྱི་ལས་ཀ་དམ་འཛིན་བྱེད་པ་སྟེ།དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་དམ་འཛིན་བྱེད་པ་དང་སློབ་གྲྭ་ཚད་ལྡན་ཅན་གྱི་དོ་དམ།སྤུས་ལེགས་ཅན་གྱི་སློབ་ཁྲིད།ཁྱད་ཆོས་ལྡན་པའི་སློབ་གྲྭ་འཛུགས་པ་དང་བདེ་འཇགས་ཅན་གྱི་སློབ་གྲྭ་འཛུགས་པ་བཅས་བཞི་ལ་དམ་འཛིན་ཡག་པོ་བྱ་རྒྱུ་རེད།
རྗེས་མར་རོང་བྲག་རྫོང་གིས་གཏན་འབེབས་བྱས་པའི་དམིགས་ཚད་ལ་བརྟེན་ནས་ལས་དོན་དོན་འཁྱོལ་བྱས་ཏེ།2016ལོའི་སློབ་གསོའི་ལས་ཀ་སོ་སོ་དོན་ཐོག་ཏུ་འཁྱོལ་བ་ཁག་ཐེག་བྱ་རྒྱུ་རེད། །