དར་མདོ་གྲོང་ཁྱེར་གྱི་ལོ60ཡན་གྱི་རྒན་རྒོན་གྱིས་གཟིགས་སྐྱོང་སྲིད་ཇུས27ལོངས་སུ་སྤྱོད་ཐུབ་རེ་ཡོད།
དངོས་གྲུབ་སྒྲོལ་མས་བསྒྱུར། 2016-03-14
སྔར་ལྷག་གིས་ཀྲུང་ཧྭ་མི་རིགས་ཀྱི་རྒན་རྒོན་ལ་བརྩི་བཀུར་དང་བདག་གཅེས།རོགས་སྐྱོར་བཅས་བྱེད་པའི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་ཞིང་།མི་རྒན་གྱི་བདེ་སྐྱིད་དང་ཁེ་ཕན་ལ་འགན་སྲུང་བྱེད་ཅིང་།ཁྱོན་ཡོངས་ནས་མི་རྒན་གྱི་གཟིགས་སྐྱོང་ལས་ཀའི་ཆུ་ཚད་མཐོར་འདེགས་གཏང་ཆེད།ཉེ་ཆར།དར་མདོ་གྲོང་ཁྱེར་གྱིས《སྔར་ལྷག་གིས་མི་རྒན་གྱི་གཟིགས་སྐྱོང་སྲིད་ཇུས་ལས་ཀ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུས་ཡོད།)བཏོན་ཞིང་།སྲིད་དོན་ཞབས་ཞུ་དང་འཕྲོད་བསྟེན་བདེ་སྲུང་།འགྲིམ་འགྲུལ་འགྲོ་འོང་།ཚོང་ལས་ཞབས་ཞུ།རིག་རྩལ་རོལ་རྩེད་དང་ཁེ་དབང་སྲུང་སྐྱོང་ཞབས་ཞུ་སོགས་ཕྱོགས6ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས27ལག་བསྟར་བྱ་རྒྱུར་གཏན་འབེབས་བྱས་པ་རེད།
《བསམ་འཆར》ལྟར།གཟིགས་སྐྱོང་སྲིད་ཇུས་ཀྱི་བྱེད་ཐབས་ཁྱོན་བསྡོམས27བཏོན་པ་དང་།སྲིད་དོན་ཞབས་ཞུ་ཐད་གྲོང་ཁྱེར་དེས་ལོ་ན80ཡན་གྱི་ཡོང་འབབ་དམའ་བར་དགུང་ལོ་མཐོ་བའི་ཕོགས་སྣོན་ལམ་ལུགས་འཛུགས་གཉེར་བྱས་པ་བསྟར་བ་དང་།ལོ་ན80ནས90བར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བ་དང་ཡོང་འབབ་མེད་པའི་མི་རྒན(དམའ་སྲུང་ཁྱིམ་ཚང)ལ་མི་རེར་ཟླ་རེར་སྒོར50ཁ་གསབ་སྦྱིན་པ་དང་།ལོ90ནས99བར་གྱི་མི་རྒན་ཚང་མར་མི་རེར་ཟླ་རེར་སྒོར100ཁ་གསབ་བྱ་རྒྱུ།ལོ100ཡན་གྱི་མི་རྒན་ཚང་མར་མི་རེར་ཟླ་རེར་སྒོར200ཁ་གསབ་སྦྱིན་རྒྱུ་དང་།ལོ70ལོན་པར་མ་ཟད་དམའ་སྲུང་ཁྱིམ་ཚང་ཡིན་པའི་གྲོགས་མེད་ཁེར་རྐྱང་གི་རྒས་འཁོགས་ཀྱིས་གོང་ཁེའི་གླ་ཁང་གླ་པའི་ཚེ་རིན་པ་མི་དགོས་པ་བྱ་རྒྱུ་རེད།འཕྲོད་བསྟེན་བདེ་སྲུང་ཐད་གྲོང་ཁྱེར་མངའ་འོག་གི་སྨན་བཅོས་སྒྲིག་གཞི་ཁག་གིས་མི་རྒན་ཚོར་དམིགས་སུ་བཀར་བ་དྲུག་ཅེས་པའི་ཞབས་ཞུ་འདོན་ཞིང་།ལོ80ཡན་གྱི་མི་རྒན་ལ་སྤྱི་བཏང་བའི་སྒོ་བསྟེན་སྨན་བཅོས་གྱི་སྨན་ཐོ་འགོད་པའི་རིན་པ་དང་དབུལ་ཕོངས་རྒན་རྒོན་གྱི་བརྟག་བཅོས་རིན་པ་མི་ལེན་པ་རེད།འགྲིམ་འགྲུལ་འགྲོ་འོང་ཐད་མི་རྒན་ལ་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་ན་སྡོད་གླ་ཐད་གཟིགས་སྐྱོང་བྱ་རྒྱུ་དང་།ལོ70ཡན་གྱི་མི་རྒན་ལ་གྲོང་ཁྱེར་གྱི་སྤྱི་འགྲུལ་རླངས་འཁོར་དུ་སྡོད་པར་རིན་པ་མི་དགོས་པ་རེད།ཚོང་ལས་ཞབས་ཞུ་ཐད་མི་རྒན་གྱིས་ལས་ཀ་སྒྲུབ་དུས་དངུལ་རྩ་སྒྲིག་གཞིས་སྟབས་བདེ་ཞབས་ཞུ་སྤྲད་དགོས་པ་དང་།མི་རྒན་ལ་ཆེད་དམིགས་དངུལ་ལེན་སྒེའུ་ཁུང་བཟོ་བ་དང་ཆབས་ཅིགལུས་རྩལ་སྤྲོ་གསེང་དང་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ཐད་ཚང་མར་དེ་དང་མཐུན་པའི་གཟིགས་སྐྱོང་སྲིད་ཇུས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་ཡུལ་ནི་ཁྱིམ་ཐོ་དར་མདོར་ཡོད་པར་མ་ཟད་ལོ་ན60ཡན་གྱི་མི་རྒན་རྒོན་ཡིན་ལ།ས་ཆ་གཞན་གྱི་དུས་རྒྱུན་དུ་དར་མདོར་བསྡད་པའི་མི་རྒན་རྒོན་ཚོར་སྲིད་དོན་ཞབས་ཞུ་ཕུད་པའི་དེ་མིན་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་རེད།།