ཁུལ་ཨུའི་སྲིད་ཁྲིམས་དང་བརྟན་བརླིང་སྲུང་སྐྱོང་། ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས།
བདེ་སྐྱིད་ཀྱིས་བསྒྱུར། 2016-03-14
ཉེ་ཆར།ཁུལ་ཨུའི་སྲིད་ཁྲིམས་དང་བརྟན་བརླིང་སྲུང་སྐྱོང་།ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་དོན་གྱི་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད།གྲོས་ཚོགས་ཐོག་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་མ་བསྐུལ་ལས་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་རྩ་བ་རྒྱུན་ཆད་མེད་པ་བརྟན་པོར་གཏང་དགོས་ཞེས་ནན་བཤད་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་།ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ལས་ཀའི་ཚོགས་འདུའི་སྙིང་དོན་དང་ཁུལ་ཨུའི་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་ལག་བསྟར་གཏིང་ཟབ་བྱས།2015ལོར་སྲིད་ཁྲིམས་དང་བརྟན་བརླིང་སྲུང་སྐྱོང་།ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་ཀ་བསྒྲུབས་ཚུལ་ལ་ཕྱོགས་བསྡོམས་བྱས་པ་དང་།ད་ལོར་ཁྲིམས་ལྟར་ཁུལ་སྐྱོང་དང་།སྲིད་ཁྲིམས་དང་བརྟན་བརླིང་སྲུང་སྐྱོང་གི་ལས་ཀམང་ཚོགས་ཀྱིས་ཡིག་འབུལ་ཞུ་བཅར་བྱེད་པའི་ལས་ཀ་བཅས་བཀོད་སྒྲིག་བྱས་པ་རེད།
ལིའུ་ཁྲེང་མིང་གིས་བསྟན་དོན།འདས་པའི་ལོ་གཅིག་ནི་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཁྲིམས་ལྟར་ཁུལ་སྐྱོང་དང་མ་བསྐུལ་དང་བླངས་ཀྱིས་བརྟན་བརླིང་ལ་སྲུང་སྐྱོང་གི་ལས་དོན་གྱི་སྙིང་དོན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་ལྟེ་གནས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ།འགག་སྒྲོལ་དཀའ་སེལ།མ་བསྐུལ་དང་བླངས་ཀྱིས་བྱ་བ་སྒྲུབ་པ་བཅས་བྱས་ནས་ཁྲིམས་ལྟར་ཁུལ་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པོ་དང་སྤྱི་ཚོགས་ཡོངས་རྒྱུན་བསྲིང་བརྟན་བརླིང་ཡོང་ཡོད།
ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན།མཐོ་འདེགས་གཏང་དགོས་པ་བརྒྱད་སྐུལ་འདེད་ཟབ་སྤེལ་བཏང་ནས་ཁྲིམས་སྐྱོང་ལ་བརྟེན་ནས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་སྤེལ་གཏང་བ་དང་དྲང་སྙོམས་དྲང་གཞག་ཡོང་རྒྱུར་སྐུལ་སྤེལ་གཏང་བ།འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་སྤེལ་གཏང་བ་དང་།
ཧུར་ཐག་གིས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་དོན་དག་བྱུང་ཚེ་བཅའ་ཁྲིམས་ལ་བརྟེན་པ།གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་སྤྱོད་པ།འགལ་བ་སེལ་དུས་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་སྒྲིག་ལམ་ཡག་པོ་ཞིག་ཆགས་པ་དང་།ཧུར་ཐག་གིས་ཁྲིམས་ཤེས་པ་དང་ཁྲིམས་བཀུར་བ།ཁྲིམས་སྲུང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས།ཁྲིམས་ལྟར་སྲིད་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ལ་སྐུལ་འདེད་ཏན་ཏིག་གཏང་དགོས།ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་ཧུར་ཐག་གཏང་དགོས།ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་གཏང་གང་ཐུབ་བྱ་དགོས་པ་དང་གཅིག་གྱུར་གྱིས་སྤྱི་ཚོགས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་བ་དང་།ཁྱོན་ཡོངས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་པར་སྐུལ་འདེད་གཏང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་གི་རྩ་བ་རྒྱུན་ཆད་མེད་པར་བརྟན་པོ་གཏང་དགོས།
ལིའུ་ཁྲེང་མིང་གིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱ་དགོས་པ་དང་།བདེ་འཇགས་ཀྱི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས།ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་སྲིང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཤུགས་རྒྱག་དགོས་ཞེས་ཐུགས་རེ་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་དབྱང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ་ཚོགས་འདུའི་ནང་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག2015ལོ་འཁོར་གྱི་ཁུལ་ཡོངས་ཀྱི་བརྟན་བརླིང་སྲུང་སྐྱོང་ལས་ཀ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱས་པ་རེད།།