རང་ཁུལ་གྱི་དབྱར་ཐོག་གི་ཐོན་ཚད་ལེགས་པོ་བྱུང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-08-15

ཉེ་ཆར། གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་དཀར་མཛེས་ཁུལ་བརྟག་དཔྱད་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་རང་ཁུལ་གྱིས་ཚད་གཞི་མཐོན་པོ་དང་སྤུས་ཀ་ཡག་པོས་འབྲུ་རིགས་ཀྱི་ཉེན་མེད་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་པར་བརྟེན། དབྱར་བསྡུའི་འབྲུ་རིགས་ལ་སླར་ཡང་ལོ་ལེགས་བྱུང་བ་རེད།འདེབས་ཁྱོན་དང་མུའུ་རེ་རེའི་ཐོན་ཚད། ཐོན་ཚད་བསྡོམས་འབོར་བཅས“ཐོན་འཕར་གསུམ”གྱི་རྣམ་པ་བཟང་པོ་ཐོན་ཡོད་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ཁུལ་ཡོངས་ཀྱི་དབྱར་ཐོག་འདེབས་ཁྱོན་མུའུ་ཁྲི6.29ལ་ཟིན་པས་བརྒྱ་ཆ1.0འཕར་བ་དང་། མུའུ་རེའི་ཐོན་ཚད་སྤྱི་རྒྱ220.4ལ་ཟིན་པས་་བརྒྱ་ཆ1.1འཕར་བ། ཐོན་ཚད་བསྡོམས་འབོར་ཏུན་ཁྲི1.39ལ་ཟིན་པས་བརྒྱ་ཆ2.1འཕར་བ། དེའི་ནང་གྲོའི་འདེབས་ཁྱོན་མུའུ་ཁྲི3.91ལ་ཟིན་པས་བརྒྱ་ཆ0.6འཕར་བ་དང་། ཐོན་ཚད་བསྡོམས་འབོར་ཏུན་ཁྲི0.89ལ་ཟིན་པས་བརྒྱ་ཆ1.5འཕར་བ། ནས་ཀྱི་འདེབས་ཁྱོན་མུའུ་ཁྲི0.45ལ་ཟིན་པས་ལས་བརྒྱ་ཆ9.7འཕར་བ་དང་། ཐོན་ཚད་བསྡོམས་འབོར་ཏུན་ཁྲི0.06ལ་ཟིན་པས་བརྒྱ་ཆ6.9འཕར་བ། སྲན་མའི་འདེབས་ཁྱོན་ཁྲི0.36ལ་ཟིན་པས་བརྒྱ་ཆ1.1འཕར་བ་དང་། ཐོན་ཚད་བསྡོམས་འབོར་ཏུན་ཁྲི0.06ལ་ཟིན་པས་བརྒྱ་ཆ4.8འཕར་བ།ཞོག་ཁོག་གི་འདེབས་ཁྱོན་ཁྲི1.17ཟིན་པས་ན་ནིང་ལོ་ལས་བརྒྱ་ཆ1.7ཆག་པ་དང་། ཐོན་ཚད་བསྡོམས་འབོར་ཏུན་ཁྲི0.31ལ་ཟིན་པས་བརྒྱ་ཆ0.1འཕར་བ་རེད།། 

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་དུ་ཏོག་གསར་གློ་ཚད་ནད་རྟགས་ཆོད་པའི་ནད་པ་གཉིས་བྱུང་འདུག།
  • ལེ་ཚན་རྗེས་མ།:སྔོ་ཚལ་ཐོན་ལས་གྱིས་མི་སེར་ཕྱུག་འགྱུར་གྱི་ཕུགས་འདུན་འདེགས་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10