སྔོ་ཚལ་ཐོན་ལས་གྱིས་མི་སེར་ཕྱུག་འགྱུར་གྱི་ཕུགས་འདུན་འདེགས་སྐྱོར་བྱས།

ཨ་མགོན་གྱིས་བསྒྱུར།        2022-08-15

སྟོན་གྱི་དུས་ཚིགས་འགོ་འཛུགས་པའི་དུས་སུ་བརྒྱད་ཟིལ་རྫོང་ཝན་པ་གྲོང་རྡལ་གྱི་ཀྲོ་མ་ཀྲུ་དང་སུར་སྔོན་ལ་སོགས་པའི་ཁྱད་ཆོས་སྔོ་ཚལ་སྨིན་པའི་དུས་ལ་སླེབས་པ་རེད།

དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་གཏང་རྒྱུ་ལ་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་ཆབས་ཅིག། རྒྱུན་མཐུད་བརྟན་པོས་ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་རོགས་བྱས་ནས “མཐོན་པོ་ཡོང་ཐབས་གཉིས”ཀྱི་དམིགས་ཡུལ་བདེ་བླག་ངང་མངོན་འགྱུར་བྱ་ཆེད། ཝན་པ་གྲོང་རྡལ་གྱིས་རྫོང་ཨུའི“ལྡུམ་ཁུལ་ལྔ་དང་རྟེན་གཞི་གསུམ”གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ལྟར། རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཆ་རྐྱེན་དང་རྒྱལ་སྲུང་གཞུང་ལམ549པ་མངའ་ཁོངས་སུ་བརྒྱུད་པའི་ས་བབ་དགེ་མཚན། དེ་བཞིན་ས་གནས་དེ་གའི་མང་ཚོགས་ཀྱིས་སྔོ་ཚལ་བཏབ་པའི་ལོ་རྒྱུས་རིང་བའི་སྲོལ་རྒྱུན་ལ་གཞི་བཙུགས་ཏེ། མྱུ་གུ756000རང་བདག་གིས་འདེབས་གསོ་བྱས་པ་དང་ཕན་ཀྲི་ཧྭ་མིང་དབྱིས་རྫོང་ནས་མྱུ་གུ92000ནང་འདྲེན་བྱས་ནས་ས་ཞིང་མུའུ180བཤུག་གླ་བཏང་མཐར། འདེབས་འཛུགས་དུད་ཚང་ཆེན་པོ་དང་སྤྱི་གཉེར་ཁང” “མཉམ་ལས་ཁང་དང་ཏང་ཀྲི་པུའུ། རྟེན་གཞི་དང་སྤྱི་གཉེར་ཁང”གཞི་གཅིག་བྱས་ནས “སྤྱི་གཉེར་ཁང་གིས་བཤུག་གླ་ལེན་པའི་ས་ཞིང་གཉེར་སྐྱོང་རང་བདག་བྱས་པ”སོགས་ཀྱི་བྱེད་སྟངས་བཀོལ་སྤྱོད་བྱས་ཏེ་ཀྲོ་མ་ཀྲུ་དང་།སུར་སྔོན་ལ་སོགས་པའི་ཁྱད་ཆོས་སྔོ་ཚལ་མུའུ369(ཀྲི་མ་ཀྲུ་མུའུ70དང་སུར་སྔོན་མུའུ་299)ཡུག་སྦྲེལ་འདེབས་འཛུགས་བྱས་པ་རེད། མིག་སྔར་སྦྲེལ་མཐུད་དུ་སྔོ་ཚལ་འཐུ་བའི་དུས་ཚིགས་སུ་སླེབས་ནས་སྤྱི་གཉེར་ཁང་གིས་ཉོ་སྒྲུབ་བྱེད་སར་ཡོང་གི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོར་ཝན་གྲོང་རྡལ་གྱི་གནམ་གཤིས་ནི་ཆར་ཆུ་དུས་སུ་འབབ་པས་སྔོ་ཚལ་གྱི་སྐྱེ་ཚུལ་མི་སེམས་རྣམས་དགའ་འོས་པ་ཞིག་རེད། སྔོན་ཚོད་བྱས་ན་ཀྲོ་མ་ཀྲུ་མུའུ་རེའི་ཐོན་ཚད་རྒྱ་མ8000ནས་12000བར་དང་།སུར་སྔོན་མུའུ་རེའི་ཐོན་ཚད་རྒྱ་མ5000ནས8000བར་ཟིན་རྒྱུ་རེད།རྒྱ་མ་གང་རེར་མ་མཐའི་རིན་གོང་སྒོར1གི་གཅིག་གྱུར་ལྟར་བྱས་ནས་བརྩིས་ན་གྲོང་རྡལ་ཡོངས་སུ་སྔོ་ཚལ་ཐོན་ཚད་རིན་ཐང་སྒོར་ཁྲི186.4ཙམ་ལ་ཟིན་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར1257.8ལ་ཟིན་རྒྱུ་རེད། དེ་དང་ཆབས་ཅིག་སྔོ་ཚལ་ཐོན་ལས་ཀྱིས་ད་དུང་ས་གནས་དེ་གའི་ཞིང་སྡེའི་ངལ་རྩོལ་མི་ལག་ལྷག་མ40ནས་50ཡི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ནས་ངལ་རྩོལ་ཡོང་འབབ་སྒོར་ཁྲི43ལྷག་ཙམ་འཕར་རྒྱུ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དབྱར་ཐོག་གི་ཐོན་ཚད་ལེགས་པོ་བྱུང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་མངོན་གསལ་གྱི་བཟང་ཆ་མང་པོ་ཡོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10