རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་མངོན་གསལ་གྱི་བཟང་ཆ་མང་པོ་ཡོད།

ཡེ་མགོན་གྱིས་བསྒྱུར།        2022-08-15

ད་ལོ་ནས་བཟུང་རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཔལ་འབྱོར་སྐུལ་སྤེལ།དམངས་འཚོ་འགན་ལེན།འཕེལ་རྒྱས་བརྟན་པོ་གཏང་རྒྱུའི་བླང་བྱར་དམིགས་ནས་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བར་བརྟེན། ལས་དོན་སོ་སོའི་ཐད་མངོན་གསལ་གྱི་བཟང་ཆ་མང་པོ་ཐོན་ཡོད་པ་རེད།

གསར་སྣོན་གྱི་ལས་གཞི་ཕྱོགས་ཡོངས་ནས་སྔོན་དུ་ལག་ལེན་བྱེད་འགོ་བརྩམས་ཡོད། ཞིང་ཆེན་ཡོངས་སུ་གསར་དུ་བསྣན་པའི་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་མ་ལམ་གྱི་ལས་གཞིའི་སྔོན་འགྲོའི་ལས་དོན་སྔོན་ལ་སྤེལ་འགོ་ཚུགས་ཤིང་།གསར་སྣོན་བྱས་པའི་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་མ་ལམ་གྱི་ལས་གཞི་21ནང་ལས་གཞི11ལག་བསྟར་བྱེད་འགོ་བཙུགས་པ་དང་།ལས་གྲྭ་ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག་དང་རྩད་ཞིབ་ཇུས་འགོད་མཉམ་པོ་བྱས་ཏེ་སུས་འཇོན་དེ་འགུག་བྱས་ནས2023ལོའི་སྤྱི་ཟླ6པའི་སྔོན་དུ་ཨར་ལས་དཔེ་རིས་ཇུས་འགོད་ཀྱི་གཏིང་ཟབ་ཚད་དུ་སླེབས་པར་བརྩོན་ལེན་བྱས་མཐར། རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་མ་ལམ་གྱི་གསར་དུ་སྣོན་པའི་ལས་གཞི་ལྷག་མ10ཡི་ལས་གྲྭ་རྗེས་མཐུད་དུ་ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག་དང་རྩད་ཞིབ་ཇུས་འགོད་མཉམ་པོ་བྱས་ནས་སུས་འཇོན་དེ་འགུག་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།

འགྲིམ་འགྲུལ་ཞབས་ཞུའི་སྤུས་ཀ་དང་ཕན་འབྲས་ལེགས་སུ་མངོན་གསལ་དོད་པོར་ཕྱིན། 121228འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ལྟ་སྐུལ་ཁ་པར་ལས་སྟེགས་བྱས་ནས་ལམ་ཁའི་བློ་འདྲི་དང་འགྲུལ་འཛིན་ཉོ་སྟངས་ཀྱི་ཞབས་ཞུ།ལྟ་སྐུལ་ཐེར་འདོན་ལ་སོགས་པའི་ཐད་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་དང་།འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུ་ལེགས་སུ་བཏང་ནས་སྣེ་མང་ཅན་གྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་པ་རེད། 2022ལོའི་སྤྱི་ཟླ4པ་ནས་བཟུང1228ཀྱི་ཐད་གཏོང་ཁ་པར་འཁོར་སྐྱོད་དོ་དམ་ལས་དོན་གྱི་སྤུས་ཀ་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

སྤུས་ཀའི་ལས་གྲྭ་གསར་གཏོད་ལ་འགག་སྒྲོལ་བྱུང་ཡོད། ད་ལོའི་སྤྱི་ཟླ3པར་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་འཚུབ་བསྟུན་དོ་དམ་པུའུ།རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་བྱས་ནས2018ལོ་ནས2020ལོ་བར་གྱི་གཞུང་ལམ་སྐྱེལ་འདྲེན་འཛུགས་སྐྲུན་ལས་གཞིའི“དུས་བདེའི་ལས་གྲྭའི” མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། གཡག་རྔ་ནས་དར་མདོའི་བར་གྱི་མགྱོགས་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དང་དེ་བཞིན་འུ་ལག་རི་བོའི་ཕུག་ལམ་ལ་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོ་ཉག་ཅིག་གི་མཚན་སྙན་ཐོབ་པ་རེད། བྱ་དགའ་དེ་ནི་རང་རྒྱལ་གྱི་གཞུང་ལམ་སྐྱེལ་འདྲེན་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཉེན་མེད་ཐོན་སྐྱེད་དོ་དམ་ཐད་ཀྱི་མཚན་སྙན་མཐོ་ཤོས་དེ་ཡིན་པ་དང་ཉེན་མེད་དོ་དམ་ཁྱབ་ཁོངས་ཀྱི“ལུའུ་པན་བྱ་དགའ”ཞེས་མཚན་སྙན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:སྔོ་ཚལ་ཐོན་ལས་གྱིས་མི་སེར་ཕྱུག་འགྱུར་གྱི་ཕུགས་འདུན་འདེགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:རྫེས་པ་གྲོང་སྡེ་ཡིས་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བསྐྱངས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10