དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པས་ད་ལོར་སློབ་མ795བསྡུ་རྒྱུ།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2022-06-21

    དར་མདོ་གྲོང་ཁྱེར་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཆར་འགོད་རི་མོ་དེ་སློབ་གསོའི་ཁོངས་གཏོགས་ཀྱི་ལག་ལེན་རི་མོར་བསྒྱུར་ཡོད།

   དར་མདོ་གྲོང་ཁྱེར་གྱི་སློབ་འབྲིང་གཉིས་པ་གསར་དུ་བཙུགས་ནས་ད་ལོའི་ཟླ་བ6པ་ནས་སློབ་མ་བསྡུ་འགོ་བཙུགས་ཡོད། དར་མདོ་གྲོང་ཁྱེར་གྱི་སློབ་འབྲིང་གཉིས་པ་ནི་དར་མདོ་གྲོང་ཁྱེར་གཉའ་ལུང་མགོ་ཁྲོམ་གཞུང་གཉའ་ལུང་མགོ་གྲོང་སྡེ་རྙིང་པར་གནས་ཤིང་། ས་རྒྱ་མུའུ120ཡོད་ལ། ཆ་ཚང་སློབ་འབྲིང་གི་སློབ་འཛུགས་བྱེད་སྟངས་ལྟར་ད་ལོའི་ཟླ་བ9པར་ཁུལ་ཡོངས་ལ་ཕྱོགས་ནས་མཐོ་འབྲིང་དང་དམའ་འབྲིང་སློབ་མ་བསྡུ་རྒྱུ་རེད།

དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པས་ད་ལོར་སློབ་མ795བསྡུ་རྒྱུ།

   ད་ལོའི་སྟོན་ཁར་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པས་ཁུལ་ཡོངས་ལ་ཕྱོགས་ནས་དམའ་འབྲིང་རིགས་དཀྱུས་མའི་འཛིན་གྲྭ8ཡི་སློབ་མ370དང་། བོད་ཡིག་སྣོན་པའི་རིགས་ཀྱི་འཛིན་གྲྭ3ཡི་སློབ་མ150དང་། མཐོ་འབྲིང་རིགས་དཀྱུས་མའི་འཛིན་གྲྭ3ཡི་སློབ་མ165དང་། བོད་ཡིག་སྣོན་པའི་རིགས་ཀྱི་འཛིན་གྲྭ3ཡི་སློབ་མ110བཅས་བསྡུ་རྒྱུ་རེད།


དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པས་ད་ལོར་སློབ་མ795བསྡུ་རྒྱུ།

སློབ་ཁྲིད་བྱེད་མཁན་ཚོགས་པ་སྟེ།

ཀྲེ་ཅང་ཞིང་ཆེན་ཧོང་ཀྲོའུ་གྲོང་ཁྱེར་གྱིས་དགེ་རྒན་ཚན་འབོར་ཞིག་རོགས་སྐྱོར་ལ་མངག་རྒྱུ་དང་།

ཁྲེང་ཏུའུ་སློབ་འབྲིང་བདུན་པས་དགེ་རྒན་ཚན་འབོར་ཞིག་རྒྱབ་སྐྱོར་ལ་མངག་རྒྱུ།

དགེ་རྒན་རྒན་གྲས་བཟང་པོ་ཚན་འབོར་ཞིག་ཕྱིར་གདན་འདྲེན་ཞུ་རྒྱུ་བཅས་སོ།།


དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པས་ད་ལོར་སློབ་མ795བསྡུ་རྒྱུ།

  སློབ་གྲྭའི་ཆ་རྐྱེན།

   སློབ་རར་སློབ་ཁྲིད་བྱ་ཡུལ་དང་འཚོ་བ་བྱ་ཡུལ། ལུས་རྩལ་བྱ་ཡུལ་བཅས་བགོས་ཡོད་ཅིང་། དཔེ་ཀློག་ཐང་ཆེན་དང་མེ་ཏོག་ཡིང་ཧྭ་ལམ་ཆེན། ལུས་རྩལ་ར་བ་ཚད་དང་ལྡན་པ། ཆར་རླུང་གཡོལ་བའི་ལུས་སྦྱོང་ཐང་བཅས་བསྐྲུན་ཡོད། ད་དུང་རྐྱལ་ལམ་བཞི་ཡོད་པའི་ཁང་པའི་ནང་རོལ་གྱི་དྲོད་བརྟན་རྐྱལ་རྫིང་ཞིག་བསྐྲུན་ཡོད་ལ། རང་བྱུང་ཚ་ཆུའི་ཆུ་རྐྱལ་རྫིང་བུ་ཡོད་པའི་ཁར་རྐྱལ་རྩལ་སློབ་ཚན་བཀོད་སྒྲིག་བྱས་ཡོད་པའི་ཁུལ་ཡོངས་ཀྱི་སློབ་གྲྭ་ཁོ་ན་དེ་ཡིན།

   ཧོང་ཀྲོའུ་ཐོག་ཁང་གི་སྟེང་ཐོག་ཏུ་ལག་གྲུག་ཐང་དང་སྒྲོ་བཟེད་ཐང་། འཕང་འཕེན་སྤོ་ལོའི་ཐང་བཅས་ཚད་དང་ལྡན་པ་བསྐྲུན་ཡོད།

   སློབ་ཁྲིད་ཐོག་ཁང་དང་པོའི་ནང་དུ་སྒྲིག་ཆས་ཡོ་བྱད་ཁག་ཆ་ཚང་བའི་རོལ་དབྱངས་ཁང་དང་ཞབས་བྲོ་ཁང་། མཛེས་རྩལ་ཁང་། དངོས་ཁམས་དང་རྫས་འགྱུར། སྐྱེ་ཁམས་ཚོད་ལྟ་ཁང་། སེམས་ཁམས་འདྲི་རྨེད་ཁང་སོགས་ཡོད།

    སློབ་མའི་སྡོད་ཁང་དུ་ཆུ་དྲོད་དང་། ཁ་ངོ་འཁྲུ་ས་དང་ཆབ་ཁང་། ལུས་འཁྲུད་ཁང་། ཅ་ལག་གསོག་སྒྲོམ། ལྷམ་སྒྲོམ་བཅས་སྒྲིག་སྦྱོར་བྱས་ཡོད། ད་དུང་ཆུ་ཚོད24རིང་ལ་ཆུ་ཚན་ཡོད།

    སློབ་གྲྭས་ད་དུང་ཆུ་གློག་རླངས་གསུམ་རིག་ལྡན་ཅན་གྱི་དོ་དམ་བྱེད་ཐབས་སྤྱད་དེ་འབྱུང་རྩ་ནས་ནུས་བསྲི་འབུད་ཉུང་གང་ཐུབ་ཐུབ་བྱས་ནས་གཅིག་བསྡུས་ཀྱིས་དྲོད་མཁོ་འདོན་བྱས་ཡོད།

   སློབ་གྲྭར་འོད་ཐག་ཀྲའོ་ཁྲི་ཁྲིད་ཡོད་ལ། ཡན་ལག་ཀྲའོ་སྟོང་སློབ་ཁང་དུ་འདྲེན་པ་དང་། ཆ་འཕྲིན་མེད་སའི་ས་མེད་པའི་འབྲེལ་དྲྭ་དང་རིག་ལྡན་སློབ་གྲྭ་ཟུང་སྦྱོར་གྱི་བཀོད་བབ་ཆགས་ཡོད།


དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པས་ད་ལོར་སློབ་མ795བསྡུ་རྒྱུ།

   སློབ་མ་བསྡུ་བའི་ཁ་པར། དར་མདོ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་སློབ་གསོ་ཁང་།  སློབ་འབྲིང་།  0836-2835063

   དར་མདོ་གྲོང་ཁྱེར་སློབ་བསྡུ་གཞུང་ལས་ཁང་། 0836-2831077


  • ལེ་ཚན་སྔོན་མ།:བོད་སྨན་གྱིས་ཏོག་གསར་ནད་ལ་ཕན་ནུས་ཆེན་པོ་ཐོན་འདུག།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་དུ་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།