གྲངས་གཞིའི་ལག་རྩལ་གྱིས་ཏུན་ཧོང་གི་བཀའ་བསྟན་བཞུགས་གནས་ཡང་བསྐྱར་མངོན་དུ་བཅུག།

ཡེ་ཤེས་ཀྱིས་བསྒྱུར།        2022-06-21

ཞིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་སྤྱི་ཟླ6པའི་ཚེས15ཉིན་གློག་འཕྲིན་འབྱོར་གསལ། གྲངས་གཞིའི་ལག་རྩལ་གྱིས་རྒྱབ་སྐྱོར་བྱས་འོག་ཏུན་ཧོང་གི་བཀའ་བསྟན་བཞུགས་གནས་དང་དེ་བཞིན་རིག་གནས་དངོས་རྫས་ཁྲི་དྲུག་ཙམ་ཡང་བསྐྱར་མི་ཚོའི་མིག་ལམ་དུ་མངོན་རྒྱུ་རེད།

སྤྱི་ཟླ6པའི་ཚེས15ཉིན་ཏུན་ཧོང་ཞིབ་འཇུག་ཁང་གིས་ཐེང་ཞུན་མཉམ་འགུལ་རོལ་རྩེད་དང་མཉམ་ལས་བྱས་ནས“རིག་གནས་ཤུལ་བཞག་གི་གྲངས་གཞིའི་གསར་གཏོད་ལག་རྩལ་མཉམ་འབྲེལ་ཚོད་ལྟ་ཁང”བཙུགས་ཏེ་ཐུན་མོང་དུ་རིག་གནས་ཤུལ་བཞག་འགྲེམས་སྟོན་གྱི་ལག་རྩལ་གསར་པ་དང་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས་པ་རེད། “གྲངས་གཞིའི་བཀའ་བསྟན་བཞུགས་གནས”ནི་ཚོད་ལྟ་ཁང་གི་ཚན་པ་དང་པོའི་ལས་གཞིའི་ཡ་གྱལ་ཞིག་རེད།

1900ལོར་ཏུན་ཧོང་གི་བཀའ་བསྟན་བཞུགས་གནས་ཀྱི་བྲག་ཕུག་ནང་ངོ་མཚར་ཁྱད་འཕགས་ཀྱི་རྣམ་པ་བྱུང་ཡོ། སྨི་གྲུ་བཞི་མ7ཡང་མེད་པའི་བྲག་ཕུག་ནང་དུས་རབས4པ་ནས11པའི་བར་གྱི་རིག་གནས་དངོས་རྫས་ཁྲི6ཙམ་རྙེད་ཡོད་པ་རེད། “རྒྱལ་སྤྱིའི་མངོན་ཤེས”ཞེས་མཚན་སྙན་ཡོད་པའི་ཏུན་ཧོང་རིག་པ་ནི་རྒྱ་ཡིག་དང་བོད་ཡིག། ཐུ་བྷོད་ཡི་གེ་སོགས་ཀྱི་ཐོག་ནས་བྲིས་པའི་ནང་བསྟན་གསུང་རབས་དང་སྤྱི་ཚོགས་ཀྱི་ཡིག་རིགས་རྣམས་ཞིབ་འཇུག་གི་དཔྱད་གཞིའི་ཡིག་རིགས་གལ་ཆེན་ཡིན་པ་རེད།

ཚོད་ལྟ་ཁང་གིས་གྲངས་གཞིའི་མཚེ་སྐྱེས་རང་བ་ཞིན་གྱི་ལག་རྩལ་བྱེད་ཐབས་སྤྱད་དེ1:1གི་བསྡུར་ཚད་ཐོག་ནས་ཏུན་ཧོང་གི་བཀའ་བསྟན་བཞུགས་གནས་ཀྱི་བྲག་ཕུག་སྔ་རྒྱུན་རང་ལོག་བྱེད་པ་དང་ཆབས་ཅིག། ཕྱི་རྒྱལ་དུ་ཤོར་བ་དང་ཡང་ན་རྟེན་རྫས་བཤམས་མཛོད་ཁང་དུ་བཞག་པའི་ཚད་ལྡན་ཡིག་ཆ་བྲག་ཕུག་ནང་ཡང་བསྐྱར་མངོན་དུ་འཇུག་རྒྱུ་རེད། ཏུན་ཧོང་ཞིབ་འཇུག་ཁང་གིས་ཉར་ཚགས་བྱས་པའི་ཨང་རྟགས001ཅན་གྱི་ཚད་ལྡན་ཡིག་ཆ《འོས་ལངས་དམག་གིས་དཔོན་ཁང་ཆང་གཅོད་ཀྱི་ལོ་རྒྱུས》ནི་ཆེས་ཐོག་མར་ཡང་བསྐྱར་དུ་མངོན་པའི་ནང་དོན་རེད།

ཐེང་ཞུན་ཞིན་ཝུན་ཁྲོང་ཞིབ་འཇུག་ཁང་གི་ལག་བསྟར་མགོ་འཛིན་ལི་ཧང་གིས་ང་ཚོའི་བཀའ་བསྟན་བཞུགས་གནས་ཀྱི་ཚད་ལྡན་ཡིག་ཆ་དང་དེའི་ནང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་ལ་ཟུང་འབྲེལ་བྱས་ནས་བེད་སྤྱོད་གཏོང་མཁན་རིག་གནས་ཀྱི་ངང་ཚུལ་ཁྲོད་དུ་བསྐྱོད་ནས་ལོ་རྒྱུས་མི་སྣ་དང་ཕན་ཚུན་མཉམ་འགུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

ཏུན་ཧོང་ཞིབ་འཇུག་ཁང་གི་མགོ་གཙོ་སུའུ་པའོ་མིང་གིས་དྲྭ་ཐོག་རྩིས་རྒྱག་དང་མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་གསར་པས་རིག་གནས་ཤུལ་བཞག་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་མཁོ་འདོན་བྱས་ཡོད། རིག་གཞུང་གི་ལེགས་ཆ་དང་ལག་རྩལ་གྱི་ལེགས་ཆ་ཟུང་འབྲེལ་བྱས་ཚེ་སྤྱི་ཚོགས་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པའི་གསར་གཏོད་བརྩམས་ཆོས་དེ་བས་ལེགས་པའི་སྒོ་ནས་འདོན་ཐུབ་པ་རེད་ཅེས་བཤད་པ་རེད།

ཏུན་ཧོང་ཞིབ་འཇུག་ཁང་རིག་དངོས་གྲངས་གཞི་ཅན་ཞིབ་འཇུག་སུའོ་ཡི་མགོ་གཙོ་ཡུས་ཐེན་ཞིའུ་ཡིས་གྲངས་གཞི་ལག་རྩལ་གྱིས་ཡུལ་དུས་ཀྱི་དབྱེ་མཚམས་ལས་བརྒལ་ནས་མི་རྣམས་ཏུན་ཧོང་རྒྱུས་ལོན་བྱེད་ཐུབ་ཀྱི་ཡོད། མུའོ་ཀའོ་བྲག་ཕུག་གིས་ལོ་ལྟར་ཡུལ་སྐོར་བ་མི་ཁྲི200ལྷག་ཙམ་ལ་སྣེ་ལེན་ཞུ་གི་ཡོད་མོད། འོན་ཀྱང་དྲྭ་སྦྲེལ་ཐོག་ནང་དོན་དེ་དག་ལ་དུས་ཚོད་ཐུང་ངུའི་ནང་ལྟ་ཚད་ཁྲི་སྟོང་ལ་ཟིན་གྱི་ཡོད་པས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏང་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ཡོད་པ་རེདཅེས་བཤད། །


  • ལེ་ཚན་སྔོན་མ།:གློག་འཁྱུག་གནམ་གཤིས་སྐབས་ཐོག་གཡོལ་བྱེད་སྟངས་ཀྱི་དྲན་སྐུལ།
  • ལེ་ཚན་རྗེས་མ།:བོད་སྨན་གྱིས་ཏོག་གསར་ནད་ལ་ཕན་ནུས་ཆེན་པོ་ཐོན་འདུག།
  • དོ་སྣང་ཆེ་བའི་རྩོམ།