ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ལས་ཀའི་བཀོད་གཏོང་ཚོགས་འདུའི་ཐོག་འགོག་ཟོན་གནད་དུ་སྨིན་པ་དང་སྤྱི་འདོམས་ནུས་ལྡན་བྱ་དགོས་ཞེས་གསུངས།

ཡེ་ཤེས་མགོན་པོས་བསྒྱུར།        2022-06-20

སྤྱི་ཟླ6པའི་ཚེས13ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན།ཁུལ་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་གཙོ་ཧྥུང་ཧྥ་ཀུའེ་ཡིས་གཙོ་འགན་བཞེས་ནས་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་སྙིང་དོན་མགྱོགས་མྱུར་དུ་ལག་བསྟར་བྱས་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་མཛད་པ་རེད། ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི“བྱེད་མི་ཆོག་པ་དགུའི”བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཅིང་།འགོག་ཟོན་སྲིད་ཇུས་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ཏེ་ངེས་པར་དུ་འགོག་ཟོན་གནད་དུ་སྨིན་པ་དང་།ནད་ཡམས་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱ་དགོས་ཞེས་གསུངས།

ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུའི་རིམས་ཚུལ་འགོག་ཟོན་བྱེད་ཕྱོགས་སྲིད་ཇུས་ཆ་ཚང་ལ་འཕྱུགས་པ་མེད་པར་ལག་བསྟར་བྱས་ཏེ་རིམས་འགོག་བྱེད་ཐབས་ཆད་ལུས་མེད་པར་ལག་བསྟར་བྱས་ནས་གོང་རིམ་གྱི་སྲིད་ཇུས་དང་གཅིག་གྱུར་ཡོང་བ།རང་ཁུལ་གྱི་གནས་ཚུལ་དངོས་དང་མཐུན་ཞིང་མི་གཤིས་རང་བཞིན་མཚོན་པར་འགན་ལེན་བྱས་ནས་འགོག་ཟོན་སྲིད་ཇུས་གཏན་འཁེལ་དང་ལག་ལེན་བྱེད་སྐབས“གཅིག་དཔེ་བརྒྱ་འགེལ”དང“རིམ་པ་བཞིན་འགན་་སྣོན་པ”། “རང་ཐག་རང་གཅོད་བྱེད་པ”སོགས་གཏན་ནས་བྱེད་མི་ཆོག། ཁུལ་དུ་ཡོང་སའི་འབབ་ཚུགས་དང་པོར་ལྟ་སྐུལ་ནན་པོ་བྱ་དགོས། ཁུལ་ནང་གི་སི་ཁྲོན་དུ་ལོག་སའི་འབབ་ཚུགས་དང་པོ19ཡིས་ས་ཁུལ་དང་རིགས་འབྱེད་དེ“སི་ཁྲོན་དུ་ལོག་ན་དཔྱད་བཤེར་བྱེད་དགོས་པའི” བླང་བྱ་ལག་བསྟར་གནད་དུ་སྨིན་པ་བྱས་ནས་རང་ཁུལ་གྱི་ཕྱི་ནང་དུ་འགྲོ་འོང་བྱེད་མཁན་མི་སྣའི་ཡོང་ཁུངས་དང་།གནས་སྡོད་ས་གནས། གང་དུ་འགྲོ་ཕྱོགས་སོགས་ཀྱི་ཆ་འཕྲིན་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ཏེ་ཆ་འཕྲིན་རྩིས་ཁྲ་བཟོས་ནས་ཉེན་ཁ་ཡོད་པའི་མི་སྣ་དོ་དམ་ཆད་ལུས་གཏན་ནས་མི་འབྱུང་བར་བྱ་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ནས་ཁུལ་ནང་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོའི་བར་གྱི་ས་མཚམས་སུ་ལུགས་དང་མི་མཐུན་པའི་རིམས་ནད་འགོག་ཟོན་གྱི“འགག་སྒོ”མཐའ་གཅིག་ཏུ་མེད་པ་བཟོས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཐོགས་མེད་བདེ་བགྲོད་དང་ཐོན་སྐྱེད་མཁོ་སྤྲོད་རྒྱུན་མི་ཆད་པ།འཚོ་བའི་འགན་སྲུང་རྒྱུན་མི་ཆད་པར་འགན་ལེན་བྱ་དགོས། མཐའ་གཞུག་གི་གནད་ཚུགས་བརྟན་སྲུང་བྱ་དགོས། པེ་ཅིང་ཆང་ཁང་དུ་རིམས་ཚུལ་གཅིག་འདུས་བྱུང་བའི་བསླབ་བྱ་དང་ལེན་བྱས་ནས་ཆང་ཁང་དང་ཉལ་ཁང་།ཇ་ཁང་སོགས་མཐའ་གཞུག་གི་གནད་ཚུགས་ལ་ལྟ་སྐུལ་ནན་པོ་བྱས་པ་དང་ཆབས་ཅིག། བདེ་ཐང་ཨང་རྟགས་བཤེར་བ་དང་ཁ་ཤུབས་རྒྱག་པ། དྲོད་འཇལ་དུག་སེལ་སོགས་རྒྱུན་རྣམ་ཅན་གྱི་འགོག་ཟོན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་དུས་ཐོག་ཏུ་ཞིབ་བཤེར་དང་ཆད་སྐོང་ཁ་གསབ་བྱས་ནས་སྤྱི་ཁུལ་དུ་རིམས་ནད་མཆེད་པའི་ཉེན་ཁ་ནན་འགོག་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། “རྒྱལ་ཁབ་ཀྱི་དོན་ཚན33དང”“ཞིང་ཆེན་གྱི་དོན་ཚན30” །“ཁུལ་གྱི་དོན་ཚན36”སོགས་དཔལ་འབྱོར་བརྟན་པོར་འཕར་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།སྲིད་ཇུས་ཀྱི་ཁེ་ཕན་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་ཏན་ཏིག་བསྒྱུར་ནས་རིམས་ཚུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆེས་དམའ་ཤོས་སུ་གཏོང་གང་ཐུབ་བྱ་དགོས།

ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ནེ་ཞིན་དང་།ཁུལ་སྲིད་གཞུང་གི་དྲུང་ཆེན།ཁུལ་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་སྡེ་ཚན་གྱི་འགན་འཁུར་བ་བཅས་ཚོགས་ར་གཙོ་བོར་ཞུགས་ཡོད། རྫོང(གྲོང་ཁྱེར)སོ་སོའི་བཀོད་འདོམས་པུའུ་དང་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་ཡན་ལག་ཚོགས་རར་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་སོ་སོར་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་པོ་འཕྱུར།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་ནང་བསྟན་མཐུན་ཚོགས་ཀྱི་འཐུས་ཚབ་མི་སྣ་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།