གྲོང་ཁྱེར་མཛེས་རྒྱན་སྤྲས།། འཚོ་བ་སྔར་ལས་སྐྱིད།།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-06-01

བྲག་མགོ་རྫོང་གིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར10ལྷག་བཏང་ནས་གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བཀོད་བྱ་རྩིས་ཡོད།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ལག་བསྟར་བྱ་ཆེད། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་གཏན་འབེབས་བྱས་པའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལྟར། བྲག་འགོ་རྫོང་གིས“1234567”

གྱི་འཕེལ་རྒྱས་གནས་བབ་ལ་དམིགས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་སྟེ“དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་ཞི་མཐུན་དཔེ་སྟོན་གསར་པ་དང་འཕེལ་རྒྱས་ཀྱི་ཚད་གཞི་གསར་པ། འབྱུང་འཕྲོད་ཀྱི་ཁྱིམ་གཞིས་གསར་པ། དམངས་འཚོའི་ཚད་གཞི་མཐོ་བ། ཡུལ་སྐོར་ས་ཚུགས་གསར་པ”བཅས་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱས་ཏེ་འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་འཆར་འགོད་དང་ཇུས་འགོད་བྱས་ནས“གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་གྲོང་ཁུལ་གྱི་ནུས་པ་ཆེ་རུ་གཏང་རྒྱུ”ཡིས་གཙོ་བོར་བྱས་པའི་གྲོང་ཁྱེར་གྱི་བསྒྱུར་བཀོད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་།

གྲོང་ཁྱེར་གྱི་གཞུང་ལམ་དྲ་བ་ནི་གྲོང་ཁྱེར་གྱི་ཁྲག་རྒྱུན་ལྟ་བུ་ཡིན་ལ། གཞུང་ལམ་དྲ་བ་ཤར་གཏོང་ཐུབ་པ་བྱ་རྒྱུ་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། ཉེ་ཆར། བྲག་འགོ་རྫོང་གྲོང་གི་འགྱིག་སྣུམ་གཞུང་ལམ་སྒྱུར་བཀོད་ལས་གྲྭའི་ཨར་སྐྲུན་བྱ་ཡུལ་དུ་ལས་སྒྲུབ་མི་སྣས་གོ་རིམ་ལྡན་པའི་ངང་རྩད་ཞིབ་ཐིག་ལེན་དང་སྔོག་འདོན། ཨར་འདིང་སོགས་ཀྱི་ཨར་སྐྲུན་ལས་དོན་སྤེལ་བཞིན་ཡོད་པ་དང་། འགྱིག་སྣུམ་ལམ་བསྒྱུར་རིམ་སྤོར་བྱས་རྗེས་ཀྱི་བགྲོད་ལམ་ནི་མིག་ལ་མཛེས་པར་མ་ཟད་འདྲེད་འགོག་ཐུབ་ལ་ཐལ་རྡུལ་ཉུང་བ་དང་འཛེར་སྒྲ་འགོག་ཐུབ་པ་རེད།

“རྫོང་གྲོང་གི་འགྱིག་སྣུམ་གཞུང་ལམ་སྒྱུར་བཀོད་ལས་གྲྭས་གྲོང་མི་འགྲོ་སྐྱོད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད། འགྲོ་ལམ་ཤར་བགྲོད་དང་བེད་སྤྱོད་ལས་ཆོད། རྫོང་གྲོང་གི་རྣམ་པ་བཅས་ཇེ་ལེགས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན” རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སླད་ཕྱིན་ལམ་ངོས་ལ་ལྷན་པ་རྒྱག་མི་དགོས་པའི་ཆེད། གཞུང་ལམ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་འབྲེལ་ཡོད་སྡེ་ཚན་གྱིས་ཆུ་འདོན་ཆུ་འབུད་དང་གློག་སྐུད། འཕྲིན་གཏོང་གློག་ཐག་སོགས་ཀྱི་མདོང་ལམ་འཛུགས་སྐྲུན་ལ་སྤྱི་ཡོངས་ནས་གཅིག་འདོམས་བྱས་ཏེ་འཛུགས་སྐྲུན་བསྐྱར་མ་བྱ་རྒྱུར་སྔོན་འགོག་བྱས་ཡོད།

མི་དམངས་ཀྱི་འཚོ་བ་དང་འཚོ་སྡོད་ཁོར་ཡུག་ཇེ་ལེགས་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་ཆེད། བྲག་འགོ་རྫོང་གིས་གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་ལ་ནུས་ཤུགས་ཡོད་རྒུས་བསྐུལ་བ་རེད། སྔོན་འགྲོའི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པའི་རྨང་གཞིའི་ཐོག། རྫོང་དེས་རྒྱལ་དབང་ས་ཆའི་སྤྱི་ཡོངས་འཆར་འགོད་དང་ཟུང་འབྲེལ་བྱས་ནས་ཤིས་མདོ་གྲོང་རྡལ་གྱི་གྲོང་སྡེ་དང་པོ་དང་གཉིས་པ། གསུམ་པ་བཅས་སུ་ཤུགས་ཡོད་རྒུས་མེ་ཟོན་བགྲོད་ལམ་གཤོང་བཅོས་ལས་དོན་སྤེལ་བ་དང་འབྲེལ། ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་སྡེ་གཏོད་རྒྱུའི་གོ་སྐབས་དམ་འཛིན་བྱས་ནས་ཚན་རིག་དང་མཐུན་པའི་མེ་ཟོན་བགྲོད་ལམ་གྱི་འཆར་འགོད་དང་ཇུས་འགོད་ལ་ཤུགས་བརྒྱབ། གྲོང་སྡེ3གྱི་གཞུང་ལམ་འགྲིམ་འགྲུལ་དང་། ཆུ་འདོན་ཆུ་འབུད། གློག་ཤུགས་འཕྲིན་གཏོང་། གད་སྙིགས་ཐག་གཅོད། གྲོང་ཁྱེར་སྔོ་བསྒྱུར། སྤྲོ་གསེང་ཐང་ཆེན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་བསྡུ་སྒྲིལ་བྱས་པ་རེད།

ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཧོ་ཧྲེང་ཁང་གིས་དེ་སྔ་ཤིས་མདོ་རུ་ཁག་དང་པོའི་མེ་ཟོན་བགྲོད་ལམ་གུ་དོག་པས་མེ་ཟོན་རླངས་འཁོར་ཐར་དཀའ་རྐྱེན་ཚང་མས་ཐོལ་བྱུང་གནས་ཚུལ་འབྱུང་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག། ད་ཆ་མེ་ཟོན་བགྲོད་ལམ་ཤར་གཏོང་ཐུབ་ནས་ཚང་མའི་སེམས་ཁྲལ་བསལ་བས་རྫོང་ཨུ་དང་རྫོང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

རྒྱ་ཆེའི་གྲོང་མིའི་བསམ་པའི་རིག་གནས་དང་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱ་ཆེད། རྫོང་དེས་ནུས་ཤུགས་ཡོད་རྒུས་རིག་གནས་སྤྲོ་གསེང་ཐང་ཆེན་དང་ཁྱད་ཆོས་རིག་གནས་ཡུལ་སྐོར་ཁྲོམ་གཞུང་འཛུགས་སྐྲུན་བྱ་རྒྱུ་རེད། བྲག་འགོ་རྫོང་གིས་ཧོར་ཐང་ཆེན་པོ་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ནས་གསར་བརྗེའི་རིག་གནས་དང“ནོར་གསུམ”རིག་གནས། སོ་ནམ་རིག་གནས་བཅས་སྙིང་དོན་བྱས་པའི་རིག་གནས་སྤྲོ་གསེང་ཐང་ཆེན་བསྐྲུན་ཏེ་གྲོང་མི་ཚོར་སྤྲོ་གསེང་ཁྲོད་ནས་རིག་གནས་ལ་མྱོང་རོལ་བྱེད་དུ་འཇུག་རྒྱུ་རེད།

སྐྱེས་ཁམས་ཀྱི་མཐིལ་ཚད་དང་རྨོ་ཞིང་གི་མཐིལ་ཚད་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་བྲག་འགོ་རྫོང་གིས་རྒྱལ་དབང་ས་ཆ་དང་བེད་མེད་ས་ཆ་སོགས་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་བསྡུ་རུབ་ཧུར་ཐག་བྱས་པ་དང་འབྲེལ་གསར་སྤེལ་དང་བེད་སྤྱོད་མགྱོགས་སུ་བཏང་བ་རེད། “ས་སྟོང་ཐོག་ཁང་དུ་བསྒྱུར་བས”གྲོང་ཁྱེར་གྱི་ཐོན་ཁུངས་དཀོན་པའི་བེད་སྤྱོད་ལས་ཕྱོད་ནུས་ལྡན་ངང་ཆེ་རུ་བཏང་བ་དང་ལས་གཞི་དོན་འཁྱོལ་བྱེད་རྒྱ་ཆེ་རུ་བཏང་བར་མ་ཟད། འཕར་ཚད་རིན་ཐང་སྔར་ལས་མང་བ་བཏོད་དེ་གྲོང་ཁྱེར་གྱི་གསོན་ཤུགས་རྒྱས་པར་བྱས་པ་དང་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་བསྐུལ་བ་རེད། ད་སྔར་འབྲེལ་ཡོད་སྡེ་ཚན་གྱིས་ས་ཆ་སུས་འཇོན་དེ་འགུག་དང་ཕྱིར་འཚོང་བྱེད་པ། སྒོ་འགེལ་ལམ་ལུགས་བཅས་ཀྱི་རྣམ་པ་སྤྱད་ནས་གསར་སྤེལ་ཁེ་ལས་ནང་འདྲེན་བྱས་པ་དང་། རྫོང་གི་ཚལ་ཁྲོམ་དང་བཤས་རའི་ལས་གཞིའི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལས་འགོ་ཚུགས། 2023ལོར་ལས་མཇུག་འགྲིལ་ནས་བེད་སྤྱོད་གཏོང་རྩིས་ཡོད་པ་རེད།ས་རྟོགས་བྱུང་བར་གཞིགས་ན།ད་སྔར་བྲག་འགོ་རྫོང་གིས་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ལས་གཞི་ཁག29ལག་ལེན་བསྟར་རྩིས་ཡོད། མ་དངུལ་བསྡོམས་འབོར་སྒོར་ཁྲི98959བཏང་ནས་ལས་གཞི་ཚང་མ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།།




  • ལེ་ཚན་སྔོན་མ།:ཡུལ་སྡེ་དར་རྒྱས་གཏོང་མཁན་གྱི་སྣེ་ཁྲིད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།