རང་ཁུལ་ཏང་གི་འཐུས་མི་ཚོས་གྲོས་ཞིབ་འདི་འདྲ་བྱས་འདུག།

ཡེ་མགོན་གྱིས་བསྒྱུར་ཞུས་བྱས།        2022-05-31

     སི་ཁྲོན་ཉིན་རེའི་ཚགས་པར་ནས་སྤྱི་ཟླ5པའི་ཚེས30ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རང་ཁུལ་འཐུས་ཚབ་ཚོགས་པའི་འཐུས་མི་ཚོས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཅིག་པའི་སྙན་སེང་ནི་དར་ཆ་གསལ་སྟོན་དང་དམིགས་ཡུལ་གསལ་པོ། ལོ་རྒྱུས་ཀྱི་ལས་འགན་ཁ་གསལ་བཅས་ཡིན་པས་ཞིང་ཆེན་ཏང་ཨུས“གཏན་འཁེལ་གཉིས”ལ་ལྷག་བསམ་ཟོལ་མེད་ཀྱིས་བརྩི་བཀུར་གང་ལེགས་དང“སྲུང་སྐྱོང་གཉིས”ལག་ལེན་མཐའ་གཅིག་ཏུ་བསྟར་བའི་ཆབ་སྲིད་ཀྱི་རང་རྟོགས་གང་ལེགས་མཚོན་ཡོད་ལ། ཞིང་ཆེན་ཏང་ཨུས་ལོ་རྒྱུས་དང་འབྱུང་འགྱུར་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ་བཅས་ཀྱི་རྒྱལ་སྐྱོང་གི་བརྩེ་སེམས་གང་ལེགས་མཚོན་ཡོད། ཞིང་ཆེན་ཏང་ཨུས་ལས་སྒྲུབ་མཁས་ཤིང་གྲུབ་འབྲས་ལེགས་ཐོབ་ཀྱི་སྲིད་སྐྱོང་གི་བློ་གྲོས་གང་ལེགས་ཀྱང་མཚོན་ཡོད་པ་རེད། འདས་པའི་ལོ་ལྔའི་ནང་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་ནན་པོ་བློ་ལ་བརྟན་པོར་བཅངས་ནས་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་སྤྲོད་ཀྱི་སྦྱངས་འབྲས་ཟིན་ཐོ་ཕུལ་ཡོད་པ་རེད། འབྱུང་འགྱུར་ལོ་ལྔའི་ནང་ཞིང་ཆེན་ཏང་ཨུས“རྒྱལ་ཁབ་ཀྱི་དོན་ཆེན་དང་ཇུས་ཆེན”གྱི་མཐོ་ཚད་ཐོག་ནས“ཞིང་ཆེན་གྱི་དོན་ཆེན”ཇུས་འགོད་བྱས་ཏེ། དུས་རབས་དང་བསྟུན་པའི་སི་ཁྲོན་གྱི་ལེ་ཚན་གསར་པ་བརྩམས་པ་ནི་ཀྲུང་དབྱང་གི་སྙིང་དོན་དང་རྦད་དེ་མཐུན་ཞིང་།སི་ཁྲོན་གྱི་དོན་དངོས་དང་འཚམ་ཞིང་། མི་དམངས་ཀྱི་རེ་སྒུག་མངོན་ཡོད། དེ་ནི་དྲང་བདེན་བརྟན་སྲུང་གསར་གཏོད་དང་སྔ་འཛིན་ཕྱི་གཏོད་ཀྱི་ལས་ཀའི་ཕྱོགས་སྟོན་ཡིན་ལ། ཁ་ཕྱོགས་གསལ་སྟོན་དང་མི་སེམས་ལ་སྐུལ་མ་ཐེབས་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཡང་ཡིན་པས་ང་ཚོས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་བླང་རྒྱུར་ཁྲིད་སྟོན་ཐུབ་ངེས་རེད་ཅེས་མགྲིན་གཅིག་ཏུ་ངོས་འཛིན་བྱས་པ་རེད།

      འཐུས་མི་ཚོས་མ་གྲོས་རང་མཐུན་ངང་བཤད་དོན། སྙན་སེང་ནང་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འགོད་དང་། དཔལ་འབྱོར་དང་སྤྱི་ཚོགས་ འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་འབྲེལ་བ་ཡོད་པའི་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་ནི་ཞིང་ཆེན་ཏང་ཨུས་བོད་འབྲེལ་ས་ཁུལ་ལ་རེ་བ་ཆེན་པོ་བཅོལ་བ་ཞིག་ཡིན་ཞིང་། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་འཕྲད་པ་རེད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་སྙན་སེང་གི་སྙིང་དོན་སློབ་སྦྱོང་ཡག་པོ་དང་དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ཏེ། ལས་ཀར་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཐུབ་པ། དཔའ་ངར་ཆེར་བསྐྱེད་བཅས་ཀྱིས་ཞིང་ཆེན་ཏང་ཨུས“ཆབ་སྲིད་ལ་དང་དོད་དང་འཕེལ་རྒྱས་དམ་དུ་འཛིན་པ། དམངས་འཚོར་ཕན་པ། བདེ་འཇགས་འགན་ལེན”བཅས་ཀྱི་སྤྱི་ཡོངས་ཀྱི་ལས་ཀའི་བསམ་ཕྱོགས་ལྟར་གོ་སྐབས་དམ་འཛིན་གྱིས་བབ་བསྟུན་ཡར་སྐྱེད་དང་། འཕྲེད་རྒྱུག་རི་བོ་ཆེན་པོའི་གཏམ་རྒྱུད་ངོ་མཚར་བ་གསར་པ་ཧུར་ཐག་བྲིས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། བློ་བརྟན་འགྱུར་མེད་ངང་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་བྱས་ཏེ། རྒྱལ་ཡོངས་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གསར་འཛུགས་གང་ཐུབ་བྱ་དགོས། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་ཅིང་། འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱས་ཏེ། མ་བསྐུལ་དང་ལེན་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རིག་གནས་མ་ལག་ཏུ་འདྲེས་པར་བྱ་དགོས། བློ་བརྟན་འགྱུར་མེད་ངང་མཉམ་དུ་ཕྱུག་པོར་ཡོང་བར་བསྐུལ་བ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་ཡུལ་སྡེ་དར་རྒྱས་ཡོང་བ་སྦྲེལ་མཐུད་གོ་ཆོད་པོ་བྱ་རྒྱུ་ཡག་པོ་བསྒྲུབས་ཏེ། ཞིང་ལས་སྟོབས་དང་ལྡན་ལ། ཞིང་སྡེ་མཛེས་པ། ཞིང་པ་ཕྱུག་པ་བཅས་ཡོང་བར་སྐུལ་སྤེལ་གཏང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཀྱི་གཞི་རྩ་སྲུང་སྐྱོང་བྱེད་ཅིང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བསྐྲུན་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གསར་འཛུགས་བྱ་དགོས། བློ་བརྟན་འགྱུར་མེད་ངང་རིག་གནས་ཀྱིས་ཁུལ་སྟོབས་ལྡན་དུ་གཏོང་བར་བསྐུལ་ཅིང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བས་གཞི་སྟེགས་བྱེད་པ་དང་། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་དགོས། བློ་བརྟན་འགྱུར་མེད་ངང་ཏང་ནན་སྐྱོང་ཁྱོན་ཡོངས་ནས་བྱེད་པ་དང་། གཞི་རིམ་རྩ་འཛུགས་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། བརྟན་བརླིང་དང་འཕེལ་རྒྱས་ལ་འགན་སྲུང་སྲ་ཞིང་བརྟན་པ་ཞིག་བྱ་དགོས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་ཀྲུང་ཧྭའི་ཤེས་དཔལ་ཁུངས་འཚོལ་སྐོར་གྱི་གསུང་བཤད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།