སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པ་ཁྲེང་ཏུའུ་རུ་འཚོག

ཐུབ་བསྟན་དང་བདེ་ཆེན་གྱིས་བྲིས།        2022-05-27

    སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པ་ཁྲེང་ཏུའུ་རུ་འཚོག

     སྤྱི་ཟླ5པའི་ཚེས27ཉིན་ལ། སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཁྲེང་ཏུའུ་རུ་འཚོག་འགོ་བཙུགས་པ་རེད། 

     སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གྲོས་རིམ་ཁག་ལྔ་ཡོད་དེ། 

     གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་སྙན་སེང་ལ་ཉན་འཇོག་དང་ཞིབ་དཔྱད་བྱ་རྒྱུ། 

     གཉིས་ནི་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ལས་དོན་སྙན་སེང་ལ་ཞིབ་དཔྱད་བྱ་རྒྱུ། 

སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པ་ཁྲེང་ཏུའུ་རུ་འཚོག

     གསུམ་ནི་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པ་འདེམས་བསྐོ་བྱ་རྒྱུ། 

     བཞི་ནི་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པ་འདེམས་བསྐོ་བྱ་རྒྱུ། 

     ལྔ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཐེངས་ཉི་ཤུ་པར་ཞུགས་མཁན་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་འདེམས་བསྐོ་བྱ་རྒྱུ་བཅས་སོ།། 

སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པ་ཁྲེང་ཏུའུ་རུ་འཚོག

     ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་ཞུ་བའི་འགག་རྩའི་དུས་སྐབས་སུ་འཚོག་པའི་ཚོགས་འདུ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཚོགས་ཆེན་གྱིས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོང་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཞིང་།ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཚུན་གྱི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་འབྱུང་འགྱུར་ལོ་ལྔ་དང་ཐ་ན་དུས་སྐབས་དེ་བས་རིང་བའི་འཕེལ་རྒྱས་ལ་རྒྱུད་རིམ་ལྡན་པའི་ཇུས་འགོད་བྱ་རྒྱུ་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་གསར་པ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་གསར་པ་འདེམས་བསྐོ་བྱ་རྒྱུ་དང་།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་མཁན་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་འདེམས་བསྐོ་བྱ་རྒྱུ་རེད།

  • ལེ་ཚན་སྔོན་མ།:རྡོ་རའི་ནང་གི་མེ་ཏོག་རྐང་རེ།། མི་ཉག་ཡུལ་གྱི་རྒྱན་དུ་འཁྲུངས་ཡོད།།
  • ལེ་ཚན་རྗེས་མ།:ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་བྱེད་ཐབས།
  • དོ་སྣང་ཆེ་བའི་རྩོམ།