གསེར་རྟ་རྫོང་སེ་ར་དགོན་པས་སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་བསུ་མ་ཞུ།

རྒྱ་ཐར་ཚེ་རིང་།        2022-05-30

   སྤྱི་ཟླ5པའི་ཚེས27ཉིན། གསེར་རྟ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཁྲིམས་འཛིན། མི་རིགས་ཆོས་ལུགས། ནང་བསྟན་མཐུན་ཚོགས་སོགས་འབྲེལ་ཡོད་སྡེ་ཚན་ལས་གྲུབ་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོ་ཆུང་གིས་གསེར་རྟ་རྫོང་སེ་ར་དགོན་པའི་དགེ་འདུན་པ་ཡོངས་ལ་ཆོས་ལུགས་ལས་དོན་གཅིག་སྡུད་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད། གསེར་རྟ་རྫོང་སེ་ར་དགོན་པ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས།

   ཚོགས་འདུ་རུ་ཀྲུང་དབྱང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཉེ་བའི་ལོ་ཤས་རིང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཆོས་ལུགས་དགོན་སྡེའི་དོ་དམ་ཞབས་ཞུའི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་དང་དར་སྤེལ་གཏོང་རྒྱུའི་ལས་དོན་དྲིལ་བསྒྲགས་བྱས་པར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གལ་ཆེན་དང་ནང་དོན་ཟབ་མོ་རྒྱས་བཤད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དགེ་འདུན་པ་ཚང་མའི་སེམས་ནང་ཟུག་པ་བྱས་ཡོད། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏང་རྒྱུ་དང་། ཡང་དག་པའི་ཆོས་ལུགས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་གསེར་རྟ་རྫོང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་དགོས་ཞེས་བསྟན། །

   ད་རེས་ཀྱི་ཆོས་ལུགས་ལས་དོན་གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བས། དུས་བབ་གསར་པའི་ཆོས་ལུགས་ལས་དོན་འོག་སེ་ར་དགོན་པའི་ཆོས་ལུགས་ཁྱབ་ཁོངས་ཀྱི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་རྣམ་པ་སྔར་བས་གོང་དུ་སྤེལ་ནས། སེ་ར་དགོན་པའི་དགེ་འདུན་པས་རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པ། རང་གིས་རང་ལ་གཅུན་སྡོམ་བྱེད་པ་བཅས་ཀྱི་རྣམ་པ་ཟབ་ཏུ་བཏང་ནས་སྒྲིག་བཀུར་ཁྲིམས་སྲུང་དང་རང་གཅུན་བློ་སྦྱོང་བྱེད་ཐུབ་པར་བྱས་ཡོད། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། གསེར་རྟ་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོང་བྱ་དགོས།

   གཞན་ཡང་སེ་ར་དགོན་པ་དོ་དམ་ཨུ་ལྷན་གྱིས་དྲིལ་བསྒྲགས་ལག་དེབ200དང་། ཟིན་བྲིས་དང་སྨྱུ་གུ། ཆར་གདུགས་སོགས161སྤྲད་པ་དང་། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་སེ་ར་དགོན་པའི་དགེ་འདུན་པ་ཚོར་འཚམས་འདྲི་ཞུས་པ་དང་འབྲེལ་འབྲས་དང་སྣུམ་སོགས་སྤྲད་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་མཁན་དགེ་འདུན་པ161ཡོད་པ་དང་ཁྱབ་ཚད་བརྒྱ་ཆའི94ལ་ཟིན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞུ་མཆིད་བརྩེ་བའི་མགུར།
  • ལེ་ཚན་རྗེས་མ།:ད་ལྟ་དཔྱི་ཚིགས་དང་པུས་ཚིགས་བརྗེས་ན་སྒོར་མོ་སྟོང་འགའ་ལས་མི་དགོས།
  • དོ་སྣང་ཆེ་བའི་རྩོམ།