ཡུལ་སྡེ་དར་རྒྱས་གཏོང་མཁན་གྱི་སྣེ་ཁྲིད་པ།

ཀུན་དགས་བསྒྱུར།        2022-06-01

ཡུལ་སྡེ་དར་རྒྱས་གཏོང་མཁན་གྱི་སྣེ་ཁྲིད་པ།

ཡུལ་མིའི་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ།

2021ལོའི་སྤྱི་ཟླ7པར་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེས་གསར་པའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གནས་གཏན་འཁེལ་གྱི་རོགས་སྐྱོར་འབོད་སྐུལ་དང་ལེན་བྱས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་འབྲེལ། རེས་སྐོར་གསར་པའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་དམིགས་འཛུགས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གྱི་བླང་བྱ་དང་བསྟུན་ནས་ཧོང་ཀྲི་དང་ཀྲོའུ་ཧུང་ཝུའེ་གཉིས་གསེར་རྟ་རྫོང་སྦོ་མདའ་གྲོང་རྡལ་སྐྱིད་སྐེད་དང་ཤོར་དགུ་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོར་བཏང་།ཁོ་གཉིས་ཀས་ཟླ་བ9ཡི་རིང་ལ་དཀའ་སྤྱད་འབད་བརྩོན་དང་ལས་ཀ་དོན་འཁྱོལ་བྱས་མཐར་ས་གནས་དེ་གའི་ཡུལ་མི་ཚོའི་བསྔགས་བརྗོད་ཐོབ།

ཆ་སྒྲིག་མཉམ་སྐྲུན་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རོགས་བྱས་ཤིང་།སྦོ་མདའ་གྲོང་རྡལ་གྱི་ཏང་ཨུའི་སློབ་སྟོན་འོག། གྲོང་སྡེའི་བཅའ་སྡོད་ལས་དོན་ཁྲོད་ཏང་འཛུགས་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་པ་དང།སྨན་ཁང་གི་ཏང་ཀྲི་པུའུ་ཡིས་ཆ་སྒྲིག་མཉམ་སྐྲུན་བྱེད་པའི་ལེགས་ཆ་བཏོན་ནས་ཏང་འཛུགས་སྐྱོང་གི་འབྲེལ་གཏུག་སྤེལ་རེས་ལས་སྟེགས་བཏོད་ཡོད། གྲོང་སྡེ་དང་དུད་ཚང་སོ་སོར་སོང་ནས་དགོས་མཁོར་བརྟག་ཞིབ་དང་སྲིད་ཇུས་དྲིལ་བསྒྲགས་བཅས་བྱས་ནས་དྲིན་གཟོའི་འདུ་ཤེས་དང་ཕྱུག་འགྱུར་གྱི་འདུ་ཤེས་མི་སེམས་སུ་འཇུག་པར་སྐུལ་འདེད་བཏང་ནས་རིམས་འགོག་དང་མེ་ཟོན་སོགས་ཐོལ་བྱུང་འཕྲལ་སྡོམ་ལས་དོན་ཡག་པོ་བསྒྲུབས་ཡོད། རིམས་འགོག་སྨན་ཁབ་རྒྱག་པ་དང་།གྲོང་སྡེའི་བཀོད་པར་བཅོས་སྒྲིག་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བརྟན་དུ་གཏོང་བ་དང་ཆབས་ཅིག། ཏང་འཛུགས་སྐྱོང་གི་རིག་གནས་ཁོར་ཡུག་ཧུར་ཐག་བཏོད་དེ་སྦོ་མདའ་གྲོང་རྡལ་གྱི་དྲིལ་བསྒྲགས་ལས་སྟེགས་གསེར་རྟ་སྦོ་མདའ་སྐད་འཕྲིན་སྤྱི་རྟགས་བཙུགས་ནས་དུས་བཀག་ལྟར་སྦོ་མདའ་གྲོང་རྡལ་གྱི་ཏང་འཛུགས་སྐྱོང་དང་སྲིད་དོན་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཡོད། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་སྨན་ཁང་གི་ཏང་རྩ་འཛུགས་འཛུགས་སྐྱོང་གི་རོགས་སྐྱོར་མ་དངུལ་སྒོར་ཁྲི21བརྩོན་ལེན་བྱས་ཏེ་གྲོང་རྡལ་དང་གྲོང་སྡེའི་ཏང་འཛུགས་སྐྱོང་གི་རིག་གནས་གྱང་བསྐྲུན་རྒྱུར་སྤྱད་པས་སྦོ་མདའ་གྲོང་རྡལ་ཏང་འཛུགས་སྐྱོང་གི་མིང་བྱང་ལྟ་བུར་གྱུར་ཡོད།

ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པའི་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་མི་ཧོང་ཀྲི་ཡིས་སྦོ་མདའ་གྲོང་རྡལ་དུ་ལས་དོན་སྤེལ་རིང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཡག་པོ་བྱས་བྱུང་།སྔོན་འགྲོའི་བརྟག་ཞིབ་བྱས་པར་བརྒྱུད་གྲོང་སྡེའི་གནས་ཚུལ་དང་དམངས་ཀྱི་འདོད་ཚུལ་ཟུང་འབྲེལ་བྱས་ནས་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པའི་ཏང་ཨུ་དང་།གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་ཡུལ་བབ་དང་བསྟུན་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་དམངས་འཚོར་ཕན་པ་དང་ཐོན་ལས་ལ་བསྐུལ་བའི་ལས་གཞི་རབ་དང་རིམ་པ་སྤེལ་བས་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་མཐོན་པོ་དང་ཁས་ལེན་གང་ལེགས་བྱས་བྱུང་། གྲོང་སྡེར་བཅའ་སྡོད་བྱས་ནས་ལོ་གཅིག་ལ་ཉེ་བས་ཡུལ་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ལ་ནང་མི་ཚོས་ཀྱང་ངའི་ལས་ཀར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ད་ཆ་ང་ལ་དེ་བས་སྒུལ་ཤུགས་འཕེལ་བྱུང་ཞེས་བཤད།

ཆུ་འཐག་བསྐྲུན་ནས་གྲོང་སྡེ་རིམ་པའི་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་།ཐོན་ལས་འདེགས་སྐྱོར་དང་རྨང་བརྟན་དམངས་ཕྱུག་གི་བསམ་ཕྱོགས་ལ་དམིགས་པ་དང་།གྲོང་སྡེའི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་འཚམ་མཐུན་གྱི་ཐོན་ལས་འཕེལ་རྒྱས་ལས་གཞི་འཚོལ་ཞིབ་བྱས་ཤིང་། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པས་སྐྱིད་སྐེད་དང་ཤོར་དགུ་གྲོང་སྡེའི་ཆུ་འཐག་ལས་གཞིར་རོགས་སྐྱོར་མ་དངུལ་སྒོར་ཁྲི20སྤྲད་ཡོད། ཆུ་འཐག་ཐོན་རྫས་ཀྱི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་སྟེ་གྲོང་སྡེའི་ཐོན་ལས་འབབ་འཕར་གྱི་ལམ་བུ་བཏོད་ཡོད།

ཀྲུའུ་ཧུང་ཝུའེ་ཡིས་གྲོང་སྡེའི་བཅའ་སྡོད་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་མུ་མཐུད་དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་བཞིན་ཡོད་ལ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་བསྒྲུབས་པ་དང་།ས་གནས་དེ་གའི་མང་ཚོགས་ལ་ཉེན་ཚབས་དང་དཀའ་ངལ་སེལ་རོགས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་།བདེ་སྐྱིད་ཚོར་སེམས་བཅས་ཟམ་མི་ཆད་པར་ཇེ་དྲག་ཏུ་བཏང་ནས་གསར་གཏོད་གསུམ་གྱི་དཔེ་སྟོན་རྫོང་དང་དེ་བཞིན་ཡུལ་སྡེ་དར་རྒྱས་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཞལ་འདེབས་རོགས་སྐྱོར་བྱས་ནས་གཞི་རིམ་ཕྱུག་འགྱུར་ཡོང་བར་བྱས།ཧུར་བརྩོན་ཆེན་པོས་འབྲེལ་ལམ་བཙུགས་ཏེ་ཆ་སྒྲིག་རོགས་སྐྱོར་བྱས་ཤིང་།སྐྱིད་སྐེད་དང་ཤོར་དགུ་གྲོང་སྡེའི་དུད་ཚང36གི་ཆ་སྒྲིག་དུད་ཚང་ཁྲི4.32བརྩོན་ལེན་བྱས་ནས་སློབ་གསོའི་ཐད་ནས་སྒོར་ཁྲི4.2རོགས་སྐྱོར་བྱས། 2021ལོར་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པས་ཉོ་སྒྲུབ་བྱས་པའི་མཐོ་སྒང་གི་ཞོག་ཁོག་དང་བོད་ཕག་གི་ཤ་བསྲེགས་མ་ལ་སྒོར་ཁྲི3.9ཞལ་འདེབས་ཕུལ་བ་དང་།གསེར་རྟ་རྫོང་མི་དམངས་སྨན་ཁང་ཆ་འཕྲིན་ཅན་གྱི་དྲྭ་རྒྱའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིར་སྒོར་ཁྲི1.5དང་།སྦོ་མདའ་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འཕྲོད་བསྟེན་རིམས་འགོག་སོགས་ཀྱི་ཐད་མ་དངུལ་སྒོར་ཁྲི8བཏང་ཡོད། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གྲོང་སྡེའི་ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་བཏོན་ནས་གྲོང་མིས་ས་མཐོའི་ཁྱད་ཆོས་ཞིང་ལས་ཐོན་རྫས་འདེབས་འཛུགས་ནང་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱས་ཏེ་ཉེ་སར་དང་ཁ་གཏད་ལས་གཉེར་སོགས་བྱས་ནས་ཡོང་འབབ་མང་དུ་བཏང་སྟེ་སྲིད་ཇུས་དང་ཐོན་ལས་ཀྱི་ཁེ་ཕན་ཐོབ་པར་བྱས།

ཡུལ་མི་ཚོས་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པའི་རུ་མི་གྲོང་སྡེར་བཅའ་སྡོད་བྱས་པ་ནས་བཟུང་ཐོན་ལས་རོགས་སྐྱོར་དང་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཐད་རྒྱབ་སྐྱོར་རོགས་རམ་བྱས་བྱུང་།ཆུ་འཐག་བསྐྲུན་པ་བརྒྱུད་ང་ཚོའི་གྲོང་སྡེས་ཆུ་འཐག་རྩམ་པ་ཐུམ་སྒྲིལ་རྒྱག་རྩིས་ཡོད། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པ་དང་གསེར་རྟ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ང་ཚོའི་གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་མངགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

ད་སྔའི་བར་སྐྱིད་སྐེད་དང་ཤོར་དགུ་གྲོང་སྡེའི་ཆུ་འཐག་ལས་གཞི་ལས་འགོ་ཚུགས་ཡོད།(གྲོང་རྡལ་གྲོང་ཨུས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་པ་དང་གྲོང་སྡེ་ཁག་གིས་དུད་ཚང་རེར་ངལ་རྩོལ་མི་ལག་རེ་བཏོན་ནས་བསྐྲུན་པ)སྔོན་དཔག་བྱས་ན་ཟླ་བ་བཞི་པར་ལས་མཇུག་འགྲིལ་རྒྱུ་ཡིན་ཞིང་།རིག་གནས་གྱང་སྐྲུན་རྒྱུའི་ཐད་ཡུལ་དངོས་སུ་རྟོག་ཞིབ་བྱས་ཟིན་པས་ད་ཆ་ཇུས་འགོད་བྱེད་བཞིན་ཡོད་པས་སྔོན་དཔག་བྱས་ན་ཟླ་བ་བཞི་པའི་ཟླ་མཇུག་ཏུ་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པའི་མིང་ཐོ།
  • ལེ་ཚན་རྗེས་མ།:གྲོང་ཁྱེར་མཛེས་རྒྱན་སྤྲས།། འཚོ་བ་སྔར་ལས་སྐྱིད།།
  • དོ་སྣང་ཆེ་བའི་རྩོམ།