ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ཐད་ལ་རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་གཅིག་གྱུར་འཆར་འགོད་ཀྱིས་ཉེན་མེད་དང་འཕེལ་རྒྱས་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2021-04-26

སྤྱི་ཟླ4པའི་ཚེས20ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཆེད་དོན་བཅོས་སྒྲིག་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན། ཁུལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཞའོ་ཡིའུ་ཚའེ་ཡིས་ཁུལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཆེད་དོན་བཅོས་སྒྲིག་མགོ་ཁྲིད་ཚོ་ཆུང་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས11པ་འཚོགས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་རིམས་བབ་འགོག་ཟོན། ཉེན་མེད་ཐོན་སྐྱེད་བཅས་ཀྱི་ལས་ཀར་ཡང་བསྐྱར་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་ཕྱིན་ཆད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཚད་མཐོན་པོ་དང་རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཉེན་མེད་དང་འཕེལ་རྒྱས་ཀྱི་ལས་ཀར་གཅིག་གྱུར་འཆར་འགོད་བྱས་ནས་དམ་འཛིན་ཡག་པོ་བྱས་ཤིང་བློ་བརྟན་འགྱུར་མེད་ཀྱིས་བདེ་འཇགས་ཀྱི་གནས་བབ་ཆེན་པོ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

ཞའོ་ཡིའུ་ཚའེ་ཡིས་གཅིག་ནི་ནགས་སྲུང་མེ་ཟོན་དོ་དམ་ནན་པོ་དང་ཆད་པ་ནན་མོ་གཅད་དགོས་པ་དང་། གཉིས་ནི་མུ་མཐུད་ནས་རིམས་བབ་འགོག་ཟོན་ཡག་པོ་བྱ་དགོས། གསུམ་ནི་ཉེན་མེད་ཐོན་སྐྱེད་དོགས་ཟོན་ཆེན་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དཀར་མཛེས་ཁུལ་གྱི་སྐུལ་སློང་སྙན་སེང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རྒྱ་རིགས་དང་བོད་རིགས་ཨ་མ་གཅིག་གི་བུ་མོ།
  • དོ་སྣང་ཆེ་བའི་རྩོམ།