དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་དམངས་གཙོ་རིང་ལུགས་རྙིང་པའི་གསར་བརྗེའི་ཁྱད་པར།

        2021-03-24

དམངས་གཙོ་རིང་ལུགས་གསར་བརྗེ་གཉིས་ཀ་འདི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ཡིན་ཞིང་། དེའི་ཁྱད་པར་ནི།

མགོ་ཁྲིད་ཀྱི་ནུས་པ། དམངས་གཙོ་རིང་ལུགས་རྙིང་པའི་གསར་བརྗེའི་མགོ་ཁྲིད་ནི་འབྱོར་ལྡན་གྲལ་རིམ་ཡིན་པ་དང་། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་མགོ་ཁྲིད་ནི་འབྱོར་མེད་གྲལ་རིམ་ཡིན་པ་རེད།

ཁྲིད་སྟོན་བསམ་བློ། དམངས་གཙོ་རིང་ལུགས་རྙིང་པའི་གསར་བརྗེ་ནི་འབྱོར་ལྡན་གྲལ་རིམ་གྱི་འདྲ་མཉམ་དང་རང་མོས་བསམ་བློ།དམངས་གཙོ་སྤྱི་མཐུན་གྱི་ལྟ་ཚུལ་ཡིན་པ་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ནི་མར་ཁེ་སི་རིང་ལུགས་ཡིན་པ་རེད།

གསར་བརྗེའི་མདུན་ལམ། དམངས་གཙོ་རིང་ལུགས་རྙིང་པའི་གསར་བརྗེ་ནི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་སྤྱི་མཐུན་འཛུགས་སྐྱོང་བྱས་པ་དང་། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ནི་དམངས་གཙོ་གསར་བརྗེའི་ལས་འགན་གྲུབ་རྗེས་ད་རུང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་འཇུག་དགོས་པ་རེད།

གསར་བརྗེའི་འཕེལ་རྒྱས་དང་མང་ཚོགས་སྐུལ་སློང་བྱས་པའི་ཟབ་ཚད་དང་རྒྱ་ཆེ་ཚད་མི་འདྲ་བ་རེད།

མཇུག་འབྲས་མི་འདྲ་བ། དམངས་གཙོ་རིང་ལུགས་རྙིང་པའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པའི་ངོས་གཅིག་ཡོད་མོད། འོན་ཀྱང་མཐའ་གཏུག་གྲུབ་འབྲས་འདི་གཡོ་ལེན་ཤོར་ནས་གསར་བརྗེའི་ལས་འགན་གྲུབ་མེད་ལ། སྤྱི་ཚོགས་ཀྱི་ངོ་བོ་འགྱུར་ལྡོག་གཏོང་ཐུབ་མེད་པར་བརྟེན། དོན་སྙིང་འདི་དངོས་གནས་ཐོག་ཕམ་ཁ་ཁུར་བ་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལ་རྒྱལ་ཁ་འཐོབ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱིས་གྲ་སྒྲིག་བྱེད་དགོས་ངེས་སུ་གྱུར་པ་རེད། སྤྱི་ཚོགས་རིང་ལུགས་ནི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ལྡོག་མེད་མཇུག་འབྲས་རེད།

འཛིན་ཁོངས་ཀྱི་གསར་བརྗེ་མི་འདྲ་བ། དམངས་གཙོ་རིང་ལུགས་རྙིང་པའི་གསར་བརྗེ་ནི་འཛམ་གླིང་གི་འབྱོར་ལྡན་གྲལ་རིམ་གསར་བརྗེའི་གྲུབ་ཆ་ཞིག་ཡིན་པ་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ནི་སྤྱི་ཟླ་བཅུ་པའི་གསར་བརྗེའི་རྗེས་སུ་བྱུང་ཡོད་པར་བརྟེན། འབྱོར་མེད་གྲལ་རིམ་གྱི་འཛམ་གླིང་གི་གསར་བརྗེའི་གྲུབ་ཆ་ཞིག་ཡིན་པ་རེད། །

(ཡེ་ཤེས་མགོན་པོས་བསྒྱུར། )


  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་སློབ་མའི་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་བཏང་།
  • ལེ་ཚན་རྗེས་མ།:ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡༡
  • དོ་སྣང་ཆེ་བའི་རྩོམ།