རྟའུ་རྫོང་གིས་སློབ་མའི་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་བཏང་།

        2021-03-24

ཉེ་ཆར་རྟའུ་རྫོང་གི་སློབ་གྲྭ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་གསར་བརྗེའི་གླུ་གཞས་ལེན་པ་སོགས་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་བསྐྱར་དྲན་བྱས་པར་བརྒྱུད་སློབ་མ་ཚོར་གཏམ་རྒྱུད་ཁྲོད་ནས་གསར་བརྗེའི་སྙིང་སྟོབས་མྱོང་ཚོར་ཐུབ་པ་དང་སློབ་མའི་རྒྱལ་གཅེས་ཀྱི་བརྩེ་སེམས་སྔར་བས་ཟབ་ཏུ་བཏང་ཡོད།

རྟའུ་རྫོང་སློབ་འབྲིང་དང་པོའི་དགེ་རྒན་ཁྲེན་མིན་གྱིས་མང་འཕྲིན་སྟེགས་ལམ་བརྒྱུད་ནས་སློབ་མ་ཚོར《ཏང་གི་ལོ་རྒྱུས་གཏམ་རྒྱུད》ཀྱི་བརྙན་ལམ་བསྟན་ཏེ་བརྙན་རིས་དང་འགྲེལ་བཤད་རེ་རེ་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་དང་།འཕེལ་རྒྱས།སྟོབས་ཆེར་བཅས་ཕྱིན་ཚུལ་ལ་ཕྱིར་དྲན་བྱེད་དུ་བཅུག་པ་དང་། སྐབས་དེ་དུས་ཀྱི་ལོ་རྒྱུས་ཁྲོད་ཐོན་པའི་གཞོན་ནུ་སེམས་ཤུགས་ཅན་དང་ཁོ་ཚོའི་དཔའ་བོའི་བྱས་རྗེས་ཤེས་རྟོགས་ཐུབ་པ་བྱས་ཡོད། སློབ་མ་ཚོས་ད་དུང་དཔའ་བོའི་གཏམ་རྒྱུད་བརྗོད་པ་དང་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་པར་བརྒྱུད་མེས་རྒྱལ་དང་ཏང་།དཔའ་བོ་བཅས་ལ་བཅངས་པའི་རང་ཉིད་ཀྱི་དགའ་ཞེན་སྔར་བས་མཚོན་པར་བྱས་ཡོད།

དགེ་རྒན་ཁྲེན་མིན་གྱིས་ང་ཚོས་གསར་བརྗེའི་དྲན་ཤེས་བསླངས་ཏེ་སློབ་མས་རང་ཉིད་ཀྱི་སྐད་ཆ་དང་མྱོང་ཚོར་ལ་བརྟེན་ནས་གསར་བརྗེའི་གཏམ་རྒྱུད་ཤེས་རྟོགས་དང་ཏང་གི་ལོ་རྒྱུས་མྱོང་ཚོར་ཐུབ་པ་བྱས་ནས་སློབ་མས་ད་ལྟའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་ཡིད་སྨོན་ཆེ་རུ་གཏོང་གིན་ཡོད་ཅེས་བཤད།། (ཀུན་དགས་བསྒྱུར།)


  • ལེ་ཚན་སྔོན་མ།: རོང་བྲག་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་ གསོར་སྐུལ་འདེད་ཏན་ཏིག་བཏང་།
  • ལེ་ཚན་རྗེས་མ།:དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་དམངས་གཙོ་རིང་ལུགས་རྙིང་པའི་གསར་བརྗེའི་ཁྱད་པར།
  • དོ་སྣང་ཆེ་བའི་རྩོམ།