ངེས་པར་དུ་ཤེས་དགོས་པའི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ།

        2021-02-04

ངེས་པར་དུ་ཤེས་དགོས་པའི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ།

གཅིག  ཅི་ཞིག་ལ་ཚོགས་ཆེན་གཉིས་ཟེར་བ་རེད།

     ལན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་གཉིས་ཀྱི་བསྡུས་མིང་ལ་ཟེར་བ་རེད།

གཉིས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོ་དེ་ནམ་འཚོགས་པ་རེད།

   ལན། སྤྱི་ལོ1949ལོའི་ཟླ་བ9པའི་ཚེས30ཉིན་ལ་འཚོགས་པ་རེད།

གསུམ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དེ་ནམ་འཚོགས་པ་རེད།

ལན། 1954ལོའི་ཟླ་བ་དགུ་པར་འཚོགས་པ་རེད།

བཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་གཉིས་ནམ་ཙམ་ལ་དུས་མཉམ་དུ་འཚོགས་པ་རེད།

  ལན། 1959ལོ་ནས་བཟུང་དུས་མཉམ་དུ་འཚོགས་སྲོལ་ཆགས་ཡོད།

ལྔ། ཚོགས་ཆེན་གཉིས་ཀྱི་སྐབས་རེ་ལ་ལོ་དུ་ཡོད་པ་རེད།

ལན། ལོ་ལྔ་རེ་ལ་ཚོགས་ཆེན་གཉིས་ཀྱི་སྐབས་རེ་ཟེར་བ་དང་། ལོ་རེའི་ཚོགས་འདུ་ལ་སྐབས་ག་གེ་མོའི་གྲོས་ཚོགས་ཐེངས་ག་གེ་མོ་ཞེས་ཟེར་བ་དང་། འཚོག་ཡུན་ཧ་ལམ་ཉིན༡༠ནས་བཅོ་ལྔའི་བར་ཡིན་པ་རེད།

དྲུག ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནམ་ཡིན་པ་རེད།

    ལན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནི་ལོ་རེའི་སྤྱི་ཟླ་གསུམ་པའི་ནང་ཡིན་པ་དང་། ས་གནས་ཀྱི་ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལས་སྔ་ཞིང་། སྤྱིར་བཏང་སྤྱི་ཟླ་དང་པོའི་ནང་ཡིན་པ་རེད།

བདུན། འཐུས་མི་དང་ཨུ་ཡོན་གཉིས་ཇི་ལྟར་བདམ་དགོས་པ་རེད་དམ།

      ལན། དམངས་ཆེན་འཐུས་མི་ནི་འཁྲོལ་ཡོད་འདེམས་བསྐོ་དང་མིང་བཀོད་མེད་པའི་འདེམས་ཤོག་འཕངས་ནས་བདམ་དགོས་ཤིང་། འཐུས་མིའི་འོས་མིར་འདེམས་ཤོག་འཕེན་མཁན་འདེམས་མིས་འཕངས་པའི་འདེམས་ཤོག་གི་ཕྱེད་ཀ་ལས་བརྒལ་བ་ཡིན་ན་གཞི་ནས་བདམ་ཐོན་བྱ་ཆོག་པ་རེད། སྲིད་གྲོས་ཨུ་ཡོན་ཡིན་ན་ཐོག་མར་མིང་བཏོན་ནས་འོས་སྦྱོར་བྱས་རྗེས། གྲོས་མོལ་བྱས་ནས་མིང་ཐོ་གཏན་འཁེལ་བྱ་དགོས། དེ་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་གྲོས་འཆམ་བྱུང་རྗེས། ཡོངས་བསྒྲགས་བྱས་ན་ཆོག་པ་རེད།

བརྒྱད།  གྲོས་གཞི་དང་གྲོས་འཆར་གྱི་ཁྱད་པར་གང་ཡིན།

  ལན། གྲོས་གཞི་ནི་དམངས་ཆེན་འཐུས་མིས་ཆེད་དུ་སྤྱད་རྒྱུ་ཡིན་ཞིང་། དམངས་ཆེན་གྱིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་བཅའ་ཁྲིམས་ཀྱི་གཅུན་འདོམས་ནུས་པ་ཡོད་པ་རེད། གྲོས་འཆར་ནི་སྲིད་གྲོས་ཨུ་ཡོན་གྱི་ཆེད་དུ་སྤྱད་རྒྱུ་ཡིན་ཞིང་། སྲིད་ཞུགས་སྲིད་གླེང་དང་གནད་དོན་གལ་ཆེན་ལ་གྲོས་འཆར་འདོན་དགོས་པ་རེད།

དགུ། སྲིད་གྲོས་ཀྱི་གྲོས་འཆར་དང་དམངས་ཆེན་གྱི་གྲོས་གཞི་གཉིས་ཀྱི་ཁྱད་པར་གཙོ་བོ་གང་ཡིན།

ལན། སྲིད་གྲོས་ཀྱི་གྲོས་འཆར་དང་དམངས་ཆེན་གྱི་གྲོས་གཞི་གཉིས་ཀྱི་ཁྱད་པར་གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་མཚོན་ཆོག་སྟེ། དང་པོ་ངོ་བོ་མི་འདྲ་སྟེ། མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཡིན་པས་དམངས་ཆེན་འཐུས་མིའི་གྲོས་གཞི་དེར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་བཅའ་ཁྲིམས་ཀྱི་གཅུན་འདོམས་ནུས་པ་དང་ལྟ་སྐུལ་ནུས་པ་ཡོད་ཅིང་སྒྲུབ་གཉེར་ལས་ཁུངས་ཀྱིས་ངེས་པར་དུ་ལག་ལེན་བྱ་དགོས། མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཡིན་ཞིང་དེའི་འགན་ནུས་ལྟར་སྲིད་ཞུགས་སྲིད་གླེང་དང་གནད་དོན་གལ་ཆེན་ལ་གྲོས་འཆར་འདོན་པ་ལས་བཅའ་ཁྲིམས་ཀྱི་གཅུན་འདོམས་ནུས་པ་མེད་པ་རེད།     གཉིས་པ་བྱུང་བའི་བརྒྱུད་རིམ་དང་ཐག་གཅོད་བྱེད་ཐབས་མི་འདྲ་བ་སྟེ། དམངས་ཆེན་གྱི་གྲོས་གཞི་ནི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ལས་ཁུངས་སམ་འཐུས་ཚབ་ཚོགས་པ་ཞིག་གམ། ཡང་ན་ཁྲིམས་འབེབས་ཀྱི་མི་གྲངས་ངེས་ཅན་ཞིག་ལ་ཟིན་པའི་འཐུས་མིས་འདོན་དགོས་ཤིང་། མི་དམངས་འཐུས་མི་ཚོགས་ཆེན་ནམ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱས་རྗེས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་ཡིན་པ་དང་། སྲིད་གྲོས་ཀྱི་གྲོས་འཆར་ནི་སྲིད་གྲོས་སུ་ཞུགས་པའི་ཏང་ཤོག་ཁག་དང་། མི་དམངས་ཚོགས་པ། ཆེད་དོན་ཨུ་ཡོན་ལྷན་ཁང་། ཨུ་ཡོན་མི་སྒེར་དང་ཡང་ན་ཨུ་ཡོན་གྱི་མིང་མཉམ་དུ་བཀོད་ནས་བཏོན་པ་དང་། དེ་ནས་སྲིད་གྲོས་ཀྱི་ལས་དོན་སྒྲིག་གཞི་སྟེ་གྲོས་འཆར་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ངམ་གྲོས་འཆར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་ནས་ཐོ་འགོད་བྱ་དགོས།  གསུམ་པ་ནང་དོན་མི་འདྲ་བ་སྟེ། དམངས་ཆེན་གྲོས་གཞི་ནི་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་དབང་གི་ཁྱབ་ཁོངས་ནང་ཚུད་ཡིན་དགོས་ལ། སྲིད་གྲོས་གྲོས་འཆར་གྱི་ནང་དོན་ཁྱབ་ཁོངས་ནི་ཅུང་རྒྱ་ཆེན་པོ་ཡིན་པ་རེད།

 བཅུ། འཐུས་མི་དང་ཨུ་ཡོན་ཚོས་གྲོས་གཞི་དང་གྲོས་འཆར་འདོན་པར་ཕུད་ད་དུང་ལས་ཀ་གཞན་དག་གང་ཞིག་བསྒྲུབ་དགོས་པ་རེད་དམ།

   ལན། ལོ་རེའི་ཚོགས་ཆེན་གཉིས་ལ་སྙན་སེང་ཆེན་པོ་དྲུག་ཁྱབ་བསྒྲགས་བྱ་དགོས་ཤིང་། དམངས་ཆེན་འཐུས་མིས་སྙན་སེང་ལ་གྲོས་ཞིབ་བྱ་དགོས་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་གཙོ་བོར་གྲོས་བསྡུར་བྱ་དགོས་པ་རེད། སྙན་སེང་ཆེན་པོ་དྲུག་ནི། སྲིད་གཞུང་ལས་ཀའི་སྙན་སེང་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་དང་ལག་བསྟར་སྙན་སེང་། ནོར་སྲིད་སྔོན་རྩིས་སྙན་སེང་།  དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་སེང་། མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་སེང་། མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སེང་བཅས་རེད།།  

  བཅུ་གཅིག། ཚོགས་ཆེན་གཉིས་དོན་ཆེན་ཡིན་ཟེར་དོན་གང་ཡིན།

  ལན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྒྲིག་བཟོ་དང་དག་བཅོས་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་འདེམས་བསྐོ་བྱ་རྒྱུ་སོགས་རྒྱལ་ཁབ་ཀྱི་དོན་ཆེན་ཚང་མ་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་གྲོས་བསྡུར་བྱ་དགོས་པ་དང་། ཚོགས་ཆེན་གཉིས་ཀྱི་ཐོག་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིམ་པ་ཁག་གི་གྲོས་འགོ་མང་པོ་དང་འབྲེལ་ཡོད་ཡོད་ཅིང་། རྒྱ་ཆེ་བའི་འདེམས་དམངས་ཀྱིས་བསམ་འཆར་དང་རེ་འདུན་བཤད་པའི་གོ་སྐབས་བཟང་ཤོས་ཡིན་པ་རེད། ལོ་རེའི་ཚོགས་ཆེན་གཉིས་ཀྱི་དུས་སུ། སྲིད་གཞུང་གིས་འདས་པའི་ལོ་གཅིག་གི་ལས་ཀར་ཕྱིར་མིག་བལྟས་པ་དང་དེ་ནས་ལོ་རྗེས་མའི་སྲིད་ཇུས་གལ་ཆེན་སྙན་སེང་ཞུ་རྒྱུ་རེད། སྲིད་ཇུས་དེ་དག་གིས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཅིང་མི་མང་གི་རེ་སྒུག་མཚོན་ཡོད་པ་རེད།

  བཅུ་གཉིས།  རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཅིའི་ཕྱིར་ཟླ་བ3པར་འཚོགས་པ་རེད།

   ལན། ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནི་ཉམས་མྱོང་ཕྱོགས་བསྡོམས་དང་རྒྱུན་སྲོལ་ལ་བརྩི་སྲུང་བྱས་པའི་རྨང་གཞིའི་ཐོག་གཏན་འཁེལ་བྱས་པ་རེད།

   རྒྱལ་ཡོངས་དམངས་ཆེན་གྱི་འགན་འཁྲི་གལ་ཆེན་ཞིག་ནི་ལས་ཀའི་སྙན་སེང་དང་སྔོན་རྩིས་ལ་ཆོག་མཆན་གནང་རྒྱུ་དེ་ཡིན་ཞིང་། ལོ་རེའི་དུས་ཚིགས་གཅིག་གི་སྔོན་རྩིས་གཏོང་སྒོ་ཅུང་མང་ཞིང་ལོ་ཧྲིལ་པོའི་གཏོང་སྒོའི་གསུམ་ཆ་གཅིག་ཡིན་པས་རྒྱལ་ཡོངས་དམངས་ཆེན་གྱིས་སྔོན་རྩིས་ལ་ཆོག་མཆན་གནང་ཚེ་ཕྱི་འགྱངས་དེ་ཙམ་བྱེད་མི་རུང་བ་རེད། ནོར་སྲིད་ཀྱི་ལོ་འཁོར་ནི་རང་བྱུང་ལོ་འཁོར་ལ་བརྟེན་ནས་བརྩིས་པ་ཡིན་ཞིང་། གལ་ཏེ་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་སྔ་དྲགས་ན། འབྲེལ་ཡོད་དན་གྲངས་བསྡོམས་རྩིས་བརྒྱབ་མི་ཐུབ་ཅིང་། སྔ་ལོའི་གནས་ཚུལ་ལ་གཞིགས་ནས་སྔོན་རྩིས་གཏན་འབེབས་བྱ་དགོས་པས་ཡང་དག་པ་འོང་ཐུབ་ཀྱི་མེད། ཟླ་བ3པར་འཚོག་པ་ཡིན་ན། བསྡོམས་རྩིས་དང་ཕྱོགས་བསྡོམས་བྱེད་པར་དུས་ཚོད་འདང་ངེས་ཡོད་པ་རེད། དེ་མིན་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དང་འབྲེལ་བ་ཡོད་ཅིང་། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ནི་ཟླ་བ་དང་པོའི་ཟླ་མཇུག་དང་ཟླ་བ་གཉིས་པའི་འགོར་ཡིན་ཞིང་། ལོ་སར་རྗེས། འཐུས་མི་དང་ཨུ་ཡོན་རྣམས་ལ་གྲ་སྒྲིག་གི་དུས་ཚོད་བཞག་པའི་རྒྱུ་མཚན་ལ་ཡང་བསམ་བློ་བཏང་ཡོད་པ་རེད།

བཅུ་གསུམ། ཐེངས(“次”)དང་ སྐབས  (“届”)ཞེས་པའི་དབྱེ་བ་ཅི་འདྲ་རེད།

ལན། འདིར་གྲོས་ཚོགས་ལ་ཆེད་དུ་དམིགས་པའི“次”( ཐེངས)དང་ “届” (སྐབས) གཉིས་ཀྱི་དབྱེ་བ་དང་དོགས་སེལ་བཤད་པ་སྟེ། གཉིས་ཀ་ཚད་ཚིག་ཡིན་པ་འདྲ་མོད། འོན་ཀྱང་“次”( ཐེངས)ནི་གྲོས་ཚོགས་སྤྱི་དང་བྱེ་བྲག་ལ་འཇུག་ཆོག་ལ། དཔེར་ན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཞེས་པ་དང་། བསྡུས་ན་ཀྲུང་གུང་ངམ་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཟེར་ཆོག་ཅིང་།  ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གྲོས་ཚོགས་ཐེངས་བཞི་པ་ཞེས་པ་ལྟ་བུ། བསྡུས་ན་ཀྲུང་གུང་ཐེངས་བཅུ་དགུ་པའི་གྲོས་ཚོགས་ཐེངས་བཞི་པ་ཞེས་ཟེར་ཆོག  (སྐབས)ཞེས་པ་ནི་དུས་ཚོད་གཏན་འཁེལ་ཡིན་པའི་གྲོས་ཚོགས་ལ་སྤྱད་དགོས་ཤིང་། དཔེར་ན་སྐབས་བཅུ་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞེས་པ་ལྟ་བུ། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ག་གེ་མོའི་ཐོག་བདམ་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ག་གེ་མོ་ཡིན་ཞིང་།  དཔེར་ན་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་བདམ་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པ་ཞེས་ཟེར། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལོ་རེར་ཚང་འཛོམས་གྲོས་ཚོགས་ཐེངས་རེ་འཚོག་དགོས་ཤིང་། དཔེར་ན་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཞེས་པ་ལྟ་བུ་དང་། བསྡུས་ན་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཞེས་ཟེར་ཆོག ཡང་སྣང་འཇོག་བྱ་དགོས་པའི་དམིགས་བསལ་གྱི་གནད་དོན་ཞིག་ནི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་གཉིས་ཀྱི་“次”( ཐེངས)དང་ “届” (སྐབས)ཀྱི་གོ་དོན་འདྲ་ཡང་། རྒྱ་ཡིག་གི་འགྲོས་འགྲོས་ལྟར་ན་བཞག་སའི་གནས་མི་འདྲ་བ་སྟེ། བརྗོད་སྟངས་ཡང་དག་པ་ནི་སྐབས་ག་གེ་མོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ག་གེ་མོ་ཞེས་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་ག་གེ་མོའི་གྲོས་ཚོགས་ཐེངས་ག་གེ་མོ་ཞེས་པ་དེ་ཡིན་ཞིང་། མ་གཞིར་བོད་སྐད་ཀྱི་འགྲོས་ལྟར་ན་ཁྱད་གཞི་བརྗོད་པའི་མིང་སྔོན་དང་ཁྱད་ཆོས་བརྗོད་པའི་མིང་རྗེས་ལ་གཞག་དགོས་པ་དཔེར་ན། དགེ་རྒན་དུས་ཆེན་ཐེངས30པ་ཞེས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཞེས་བརྗོད་དགོས་མོད། འདིར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མིང་བརྗོད་སྟངས་དམིགས་བསལ་བ་འདི་གཏན་འབེབས་རང་འགྲིག་ཏུ་ཆགས་ཟིན་པས་དེ་ག་རང་མ་བཞག་ཐབས་མེད་ཡིན་ལ། དེ་མིན་ཐམས་ཅད་བོད་སྐད་ཀྱི་འགྲོས་ལྟར་བསྒྱུར་དགོས་པ་ལས། ཐེངས30པའི་དགེ་རྒན་དུས་ཆེན་ཟེར་བ་དང་། ཨང་དང་པོའི་ནས་ནག་ཆང་ཟེར་བ་དང་། ཨང་དང་པོའི་རྟ་ཟེར་བ་སོགས་བོད་སྐད་ཀྱི་འགྲོས་དང་མི་མཐུན་པའི་ལོ་ཙཱ་བྱེད་སྟངས་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པ་འདི་ཚོའི་རྒྱུན་མ་བཅད་ན་བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་རིམ་བཞིན་ཉམས་འགྲོ་བ་ནི་ཐེ་ཚོམ་མི་དགོས་སོ།།

བཅུ་བཞི། གྲོས་ཞིབ (“审议”)དང་གྲོས་བསྡུར (“讨论”)་གཉིས་ཀྱི་དབྱེ་བ་ཅི་འདྲ་རེད།

ལན། གྲོས་ཞིབ་ནི་ཡང་དག་ཡིན་མིན་དང་འོས་འཚམ་ཡིན་མིན་སོགས་ལ་ལྟ་རྟོག་དང་བསྡུར་ཞིང་བཤེར་བ་དང་། དཔྱད་བསྡུར་དང་གྲོས་མོལ་གྱི་སྒོ་ནས་ལེགས་ཉེས་སོགས་གཏན་འབེབས་བྱེད་པའི་དོན་ལ་གོ་ཞིང་། རྒྱལ་ཡོངས་དམངས་ཆེན་འཐུས་མིས་དབང་འགན་ལག་བསྟར་བྱ་དགོས་པས་སྲིད་གཞུང་ལས་དོན་སྙན་སེང་སོགས་ལ་གྲོས་ཞིབ་བྱེད་ཆོག་ཅིང་། གྲོས་བསྡུར་ནི་ལས་དོན་གྱི་སྐད་ཆ་གོ་སྡུར་བ་སྟེ། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྲིད་ཞུགས་སྲིད་གླེང་ཁྲོད་དུ་ཞུགས་དགོས་པས་སྲིད་གཞུང་ལས་དོན་སྙན་སེང་སོགས་ལ་གྲོས་བསྡུར་བྱེད་ཆོག་པ་རེད།

བཅོ་ལྔ། དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན(“人大常委会委员”)དང་དམངས་ཆེན་རྒྱུན་ཨུ(“人大常委”) གཉིས་ཀྱི་དབྱེ་བ་ཅི་འདྲ་རེད།

ལན། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཨུ་ཡོན་ཞེས་པ་ལས་རྒྱུན་ཨུ་ཞེས་པའི་གོ་གནས་མེད་ལ། ག་གེ་མོ་ནི་དམངས་ཆེན་རྒྱུན་ཨུ་རེད་ཅེས་པ་དང་ཡང་ན་དམངས་ཆེན་རྒྱུན་ཨུ་ག་གེ་མོ་ཞེས་པའི་བཤད་སྲོལ་ནི་ཡང་དག་པ་མིན་ཞིང་། ཡང་དག་པའི་བརྗོད་སྟངས་ནི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཞེས་ཟེར་དགོས་པ་རེད།

དབང་ཆ་(“权力”)དང་ཁེ་དབང་(“权利”) བར་གྱི་དབྱེ་བ་དང་དོགས་སེལ།

ལན། དབང་ཆ་ནི་ཆབ་སྲིད་དང་ཡང་ན་འགན་འཁྲིའི་ཁྱབ་ཁོངས་ནང་གི་དྲག་ཤུགས་ནམ་བཀོད་འདོམས་སྟོབས་ཤུགས་ངེས་ཅན་ཞིག་ལ་ཟེར་བ་ཡིན་ཞིང་། དམངས་ཆེན་འཐུས་མིས་བཅའ་ཁྲིམས་ཀྱིས་སྤྲད་པའི་དབང་ཆ་བེད་སྤྱོད་བྱས་པ་རེད། དབང་ཆ་ཞེས་པའི་ཐ་སྙད་དེ་དབང་ཆའི་ལས་ཁུངས་དང་དབང་ཆའི་སྡེ་ཚན་སོགས་དང་སྦྱར་ཆོག་པ་རེད། ཁེ་དབང་ཞེས་པ་ནི་མི་སྒེར་བྱེ་བྲག་བ་ལ་འཇུག་པ་སྟེ། དཔེར་ན་སྤྱི་འབངས་ཀྱི་ཁེ་དབང་ག་གེ་མོ་ལོངས་སུ་སྤྱོད་ཐུབ་ཡོད་ལྟ་བུ། 权力指的是政治上或职责范围内一定的强制力量或支配力量,人大代表行使的是法律赋予的“权力”。 “权力”可构成“权力机关”“权力部门”等词组。“权利”一般用于个别,如“享有公民应有的某某权利”。

བཅུ་དྲུག དམངས་ཆེན་(“人大”)དང་དམངས་ཆེན་རྒྱུན་ལས་ཨུ་ལྷན (“人大常委会”)གཉིས་ཀྱི་དབྱེ་བ་ཅི་འདྲ་རེད།

ལན། མི་དམངས་འཐུས་མི་ཚོགས་ཆེན་གྱི་བསྡུས་མིང་ལ་དམངས་ཆེན་ཞེས་ཟེར་ཆོག་ཅིང་། རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཡིན། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་གནས་ལས་ཁུངས་ཡིན་ཞིང་བསྡུས་ན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཞེས་ཟེར་ཆོག དེ་གཉིས་གཅིག་ཏུ་འཁྲུལ་རྒྱུ་མེད།人民代表大会(简称“人大”)是国家的权力机关,人民代表大会常务委员会(简称“人大常委会”)是人民代表大会的常设机关,二者不能混为一谈。

བཅུ་བདུན། ཟུར་ཞུགས་མི་སྣ(“列席人员”)དང་ཟུར་ཞུགས་འཐུས་མི་(“列席代表”) གཉིས་ཀྱི་དབྱེ་བ་ཅི་འདྲ་རེད།

   ལན། ད་ཆ་རང་རྒྱལ་བཅའ་ཁྲིམས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ལ་ཟུར་ཞུགས་འཐུས་མི་ཞེས་པའི་གཏན་འབེབས་དང་འབོད་སྲོལ་བྱས་མེད་པ་རེད། ཟུར་ཞུགས་མི་སྣ་ཞེས་པ་ནི་བཅའ་ཁྲིམས་དང་རྒྱུན་སྲོལ་ལྟར་གྲོས་ཚོགས་སུ་གདན་འདྲེན་ཞུས་ནས་ཟུར་ཞུགས་བྱེད་མཁན་གྱི་མི་སྣ་ལ་ཟེར་བ་ཡིན་ཞིང་། དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཐག་བཅད་ནས་གདན་འདྲེན་ཞུ་ཆོག་ལ་གྲ་སྒྲིག་ཚོགས་འདུའི་ཐོག་གྲོབ་ཞིབ་བྱས་ནས་གྲོས་འཆམ་བྱུང་མི་དགོས་པ་རེད། བཅའ་ཁྲིམས་ཀྱིས་ད་དུང་དམངས་ཆེན་འཐུས་མི་རྣམས་དམངས་ཆེན་དང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གྲོས་ཚོགས་སུ་ཟུར་ཞུགས་བྱེད་ཆོག་པ་དང་། དེ་ཡང་ཟུར་ཞུགས་མི་སྣའི་ཆ་ནས་ཟུར་ཞུགས་བྱས་པ་ལས་ཟུར་ཞུགས་འཐུས་མིའི་ཆ་ནས་ཟུར་ཞུགས་བྱེད་པ་མིན་པ་གཏན་འབེབས་བྱས་ཡོད།

 

  • ལེ་ཚན་སྔོན་མ།:ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་དམངས་ཆེན་འཐུས་མིར་འཚམས་འདྲི་ཞུ།
  • ལེ་ཚན་རྗེས་མ།:ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།