ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་དམངས་ཆེན་འཐུས་མིར་འཚམས་འདྲི་ཞུ།

ཡེ་མགོན་གྱིས་བྲིས།        2021-02-04

   

ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་དམངས་ཆེན་འཐུས་མིར་འཚམས་འདྲི་ཞུ།


   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡི་བཀའ་མངག་ལྟར། སྤྱི་ཟླ2པའི་ཚེས2ཉིན་གྱི་ཕྱི་དྲོར།ཁུལ་གྱི་མགོ་ཁྲིད་ཧྲི་ཀང་དང་ཡའོ་པིང་།ཁྲེང་ཧོང་པའོ།དབྱང་ཀྲི་ཀུའེ།སངས་དགའ། ཝང་ཁྲེང་ཁང་།ཡའན་མིང་ཀོང་།ཧྥུང་ཅུན་ཧྥེང་བཅས་ཁུལ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་པ་སོ་སོའི་སྡོད་གནས་སུ་ཕེབས་ནས་འཐུས་མི་ཚོར་འཚམས་འདྲི་ཞུས་པ་རེད།

 

ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་དམངས་ཆེན་འཐུས་མིར་འཚམས་འདྲི་ཞུ།

 

     འདས་པའི་ལོ་གཅིག་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་གནང་འོག  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་ཕྱོགས་གཅིག་ཏུ་བཅངས། ནུས་ཤུགས་ཕྱོགས་གཅིག་ཏུ་བསྒྲིལ། རྡོག་རྩ་གཅིག་སྒྲིལ་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་བཏང་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་ཧྲི་ཀང་གིས་འཐུས་མི་ཚོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་བྱས་རྗེས་བཞག་པར་ཐུགས་རྗེ་ཆེན་ཞུས་པ་རེད།ཁོང་གིས་གསུངས་དོན། འཐུས་མི་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་གནས་ལས་དོན་ལ་གཞིགས་ནས་མང་ཚོགས་ལ་འབྲེལ་བ་དམ་པོ་བྱས་ཤིང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཏེ་རང་ཉིད་ཀྱི་ལས་གནས་ཐོག་སྙིང་རུས་བསྒྲིམས་ནས་ལས་དོན་བསྒྲུབས་ཏེ་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་རེད། 

     ཧྲི་ཀང་གིས་གསུངས་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་ཚུགས་པའི་ལོའང་ཡིན་པར་བརྟེན། འཕེལ་རྒྱས་གསར་པའི་དུས་རིམ་ལ་གཞི་ཚུགས་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་བྱས་པ།འཕེལ་རྒྱས་གསར་པའི་གནས་བབ་ལ་འབྲེལ་འདྲིས་བྱས་ཏེ་འབྱུང་འཕྲོད་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏང་རྒྱུ་ཡིས་བརྗོད་དོན་གཙོ་བོ་བྱས་ཤིང་། མཁོ་འདོན་ཕྱོགས་བཅོས་བསྒྱུར་གྱིས་གཙོ་གནད་བྱས་པ་དང་བཅོས་བསྒྱུར་གསར་གཏོད་བྱེད་པ་ཡིས་རྩ་བའི་སྒུལ་ཤུགས་བྱས་པ།སྤྱི་ཚོགས་བརྟན་བརླིང་གིས་སྔོན་འགྲོའི་ཆ་རྐྱེན་བྱ་དགོས། ཁུལ་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་སོ་སོར་གཞིགས་ནས "བརྟན་བརླིང་དྲུག"དང"འགན་སྲུང་དྲུག"གི་ལས་ཀ་ཡག་པོ་བསྒྲུབས་ཏེ་དཀར་མཛེས་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བ།མདུན་གྲལ་དུ་སྐྱོད་པར་འགན་ལེན་བྱས་པར་བརྟེན། མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱས་པར་འབད་བརྩོན་ལྷོད་མེད་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ100འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་དགོས།།

 

 

 

ཡེ་མགོན་གྱིས་བྲིས།

  • ལེ་ཚན་སྔོན་མ།:ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་ཨུ་ཡོན་ཚོ་ལ་འཚམས་འདྲི་ཞུ།
  • ལེ་ཚན་རྗེས་མ།:ངེས་པར་དུ་ཤེས་དགོས་པའི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ།
  • དོ་སྣང་ཆེ་བའི་རྩོམ།