ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་ཨུ་ཡོན་ཚོ་ལ་འཚམས་འདྲི་ཞུ།

ངེད་གསར་འགོད་པས།        2021-02-04

ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་ཨུ་ཡོན་ཚོ་ལ་འཚམས་འདྲི་ཞུ།

   སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་མ་འཚོག་གོང་། ཚེས2ཉིན་གྱི་ཕྱི་དྲོར་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡི་མངགས་བཅོལ་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་ཡིས་འཚམས་འདྲི་རུ་ཁག་གི་སྣེ་ཁྲིད་དེ་ཨུ་ཡོན་གྱི་བཞུགས་གནས་སུ་ཚོགས་ཞུགས་སྲིད་གྲོས་ཨུ་ཡོན་ཚང་མར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།  

     ཧྥེང་ཧྥ་ཀུའེ་དང་བཅས་པ་ཨུ་ཡོན་གྱི་ཁྲོད་དུ་ཕེབས་ནས་ཚང་མར་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་། སྤྲོ་སེམས་ཆེན་པོས་འཚམས་འདྲི་ཞུས་ཤིང་། ཕན་ཚུན་ཁ་བཏགས་ཕུལ་རེས་བྱས་ཐོག ཁུལ་ཨུ་དང་། ཁུལ་མི་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ལོ་གཅིག་རིང་ཚང་མས་རང་ཉིད་ཀྱི་ལས་གནས་ལ་གཞི་ཚུགས་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། རིམས་བབ་ཀྱི་དམག་འཐབ་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་ཨུ་ཡོན་ཚོ་ལ་འཚམས་འདྲི་ཞུ།

 

    ཧྥེང་ཧྥ་ཀུའེ་ཡིས་འདི་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”མཇུག་འགྲིལ་ཕྱོགས་སྡོམ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཚུགས་ལོ་ཡིན་ལ་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྒོ་ཀུན་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་མགོ་བཙུགས་ལོ་དང་པོའང་ཡིན། ཐེངས་འདིའི་ཚོགས་ཆེན་ཡག་པོ་འཚོག་པར་མཛེས་སྡུག་སྐྱེ་ཁམས་དང་ཞི་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་རྒྱུར་གོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད། 

    ཧྥེང་ཧྥ་ཀུའེ་ཡིས་ཨུ་ཡོན་རྣམ་པས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་ཡོད་པས་འགན་འཁྲི་ལྕི་ལ་གཟི་བརྗིད་ལྡན་པ་ཡིན། ཚང་མས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འགན་འཁྲི་འཁུར་ཤུགས་ཆེ་བའི་རྣམ་འགྱུར་ཐོག་ནས་འགན་ནུས་ནན་ཏན་བསྒྲུབས་ཏེ་སྙན་སྒྲོན་ཁག་གྲོས་བསྡུར་དང་གྲོས་ཞིབ་ཡག་པོ་བྱས་ནས་ལས་དོན་གཙོ་བོ་ལ་དམིགས་ཏེ་ཡང་དག་པའི་ཐབས་ཇུས་མང་ཙམ་འདོན་པ་དང་། སྤུས་ཚད་མཐོ་བའི་ཐབས་ཇུས་ཀྱིས་དཀར་མཛེས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་། ཨུ་ཡོན་ཚོགས་ཆུང་ཁག་གི་བཀོད་སྒྲིག་ལྟར་རང་རེའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་འགན་གཙང་སྒྲུབ་དང་། དམངས་གཙོའི་དབང་ཆ་ཡག་པོ་སྤྱོད་པ། འདེམས་བསྐོའི་ལས་འགན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱ་དགོས་པ་དང་། རིམས་བབ་འགོག་ཟོན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཚོགས་ཆེན་བདེ་འཇགས་ཡོང་བར་འགན་ལེན་དང་བརྩི་སྲུང་ནན་པོ་ཞུ་དགོས། ཚོགས་ཆེན་གྱི་སྒྲིག་ཁྲིམས་དང་ཚོགས་སྲོལ་ཡག་པོ་སྲུང་བ་དང་། ཁུལ་ཡོངས་ཀྱི་སྤྱོད་གཙང་ལུགས་དྲང་གི་ཆབ་སྲིད་སྐྱེ་ཁམས་མུ་མཐུད་དེ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་ད་ཐེངས་ཀྱི་ཚོགས་འདུ་དེ་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འགྱུར་ཐུབ་པ་བྱ་དགོས་ཞེས་གསུངས་པ་རེད། 

   ཨུ་ཡོན་རྣམ་པས་ཕྲག་ཐོག་ཏུ་བབས་པའི་གཟི་བརྗིད་ཀྱི་འགན་འཁྲི་ལག་ལེན་ཡག་པོ་བསྟར་བ་དང་། སེམས་ཤུགས་ཐམས་ཅད་ཚོགས་འདུའི་གྲོས་རིམ་ཁག་ནང་བཏོན་ནས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁུལ་མགོ་ཁྲིད་ཧྲུའུ་ཏ་ཁྲུན་དང་། ཏེང་ལི་ཅུན། ཝང་ཡུས་ཆུང་། ཧོ་ཁང་ལིན། དབྱང་ཆིང་ཧྭ། རྡོ་རྗེ་བཀྲ་ཤིས། སུན་ཧྥེ། ཨ་རྒྱས་བུ་ཕྲུག  ཀུང་ཅན་ཀྲུང་། སྐུ་བཅར་ཡོན་ཏན་རྒྱ་མཚོ་བཅས་འཚམས་འདྲིར་ཞུགས་པ་རེད།།

  • ལེ་ཚན་སྔོན་མ།:ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
  • ལེ་ཚན་རྗེས་མ།:ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་དམངས་ཆེན་འཐུས་མིར་འཚམས་འདྲི་ཞུ།
  • དོ་སྣང་ཆེ་བའི་རྩོམ།