ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

སྐལ་ཐུབ་དང་། ཀུན་དགའ། ཨོ་རྒྱན། ཡེ་ཤེས་བཅས་ཀྱིས།        2021-02-04

ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

ཚོགས་ཆེན་གྱི་ཚོགས་ར།

 

  སྤྱི་ཟླ2ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་དེ་རྒྱལ་གླུའི་ཁྲོད་དུ་དར་མདོར་འཚོག་འགོ་བཙུགས་པ་རེད།     ཐེངས་འདིའི་གྲོས་ཚོགས་ནང་ཞུགས་དགོས་པའི་ཨུ་ཡོན278ཡིན་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན242ཡོད་པས་སྲིད་གྲོས་ཀྱི་སྒྲིག་ཡིག་དང་མཐུན་པ་རེད།

 

ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་པོ་གཞོན་པ། ཏང་ཙུའུ་ཡི་ཁོངས་མི།ཁུལ་དབུལ་སྐྱོར་ཐོན་འབྱེད་ཅུས་ཀྱི་ཅུས་ཀྲང་དབྱང་ཆིང་ཧྭས་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ཞུ་བཞིན་པ།

 

ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཨ་རྒྱས་བུ་ཕྲུག་གིས་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་འཆར་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་ཞུ་བཞིན་པ།

 

   ཐེངས་འདིའི་ཚོགས་ཆེན་གྱི་གྲོས་རིམ་ལ་ཁག་གསུམ་ཡོད་དེ། སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་འབྱུང་བ་དང་། སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་དོན་སྙན་སྒྲོན་ལ་ཉན་འཇོག་བྱེད་པ། སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་འཆར་ལས་དོན་གནས་ཚུལ་གྱི་སྙན་སྒྲོན་ལ་ཉན་འཇོག་བྱེད་པ་བཅས་སོ།། 

 

ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

 ཚོགས་ཆེན་མ་འཚོག་པའི་སྔོན་ལ་ཨུ་ཡོན་ཚོས་ཁ་ཤུབས་གྱོན་ནས་ཚོགས་རར་སྐྱོད་བཞིན་པ། 

 

 ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ཚོགས་ཆེན་འཚོག་མགོ་བཙུགས་རྗེས། ཨུ་ཡོན་ཚོས་རིག་པ་བསྒྲིམས་ནས་སྙན་སྒྲོན་ལ་ཉན་འཇོག་བྱེད་བཞིན་པ། 

  

  ཚོགས་ཆེན་ཐོག་དོན་ཆེན་འདི་དག་གླེང་ཡོད་དེ།

  ཏོག་གསར་གློ་རིམས་ཀྱི་རིམས་བབ་འགོག་ཟོན་ཁྲོད་དུ་ཧུར་ཐག་ཞུགས་ནས་རིམས་འགོག་དངོས་རྫས་སྒོར་ཁྲི900རི་བ་མཐུན་སྦྱོར་བྱས་ཤིང་། ཞལ་འདེབས་སྒོར་ཁྲི700ལྷག་ཕུལ་ཡོད། ཁེ་ལས126དང་མང་ཚོགས་དུད་ཚང1000ལ་བཅར་འདྲི་དང་འཚམས་འདྲི་བྱས་ནས་དཀའ་གནད347ཐག་གཅོད་བྱས་ཡོད། 

    ཏང་སྲིད་ཀྱི་དོན་ཆེན་དང་དམངས་འཚོའི་དོན་དངོས། སྤྱི་ཚོགས་བཅོས་སྐྱོང་ཀྱི་དཀའ་ངལ་གནད་དོན་བཅས་ལ་དམིགས་ནས་གྲོས་འཆར300བཏོན་ཡོད། 

དབུལ་ཐར་འགག་སྒྲོལ་གྱི་རོགས་སྐྱོར་བྱེད་ཐབས་ལག་ལེན་བསྟར་ནས་སྤྱི་ཚོགས་ཀྱི་མ་དངུལ་སྒོར་ཁྲི194མཐུན་སྦྱོར་བྱས་ཤིང་། དབུལ་སྐྱོར་ཐོན་ལས54འཕེལ་རྒྱས་བཏང་ཡོད། 

  ཨུ་ཡོན་གྱི་གྲོས་འཆར173སྒྲུབ་གཉེར་བྱས་ཡོད། དེའི་ཁྲོད་དུ་སྤྱི་ཚོགས་ཀྱི་དོ་ཁུར་ཆེ་བ10དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གདེང་འཇོག་གང་ལེགས་ཐོབ་ཅིང་འབྲེལ་ཡོད་མགོ་ཁྲིད་ཀྱི་མཆན་བཀོད་གནང་བ30ཡོད། 

  མི་རིགས་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྐྱོན་བྲལ་རྒྱུན་སྲིང་འཕེལ་རྒྱས་ཡོང་བའི་སྒྲུབ་གཞིར་དམིགས་ནས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་ཕྱི་ནང་དུ་རྟོག་ཞིབ་དང་སློབ་སྦྱོང་ཐེངས5བྱས་ཤིང་། ཞིང་ཆེན་ཕྱི་ནང་གི་རྟོག་ཞིབ་ཚོགས་པ50ལ་སྣེ་ལེན་བྱས་ཡོད། 

  གྲོས་མོལ་བྱེད་སྒོ་གསར་གཏོད་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཡར་གདན་འདྲེན་ཞུ་བ་དང་མར་གཞི་རིམ་དུ་སྐྱོད་པ། ཚོགས་ར་དང་ཡུལ་དངོས། གཅིག་སྡུད་དང་ཁ་ཐོར། དྲྭ་ཐོག་དང་ལས་སྟེགས་བཅས་ཟུང་དུ་སྦྲེལ་བའི་བྱེད་ཐབས་བརྒྱུད་ནས་གྲོས་མོལ་དང་སྤེལ་རེས་གཞི་རིམ་དུ་ཁྱབ་པར་བྱས་ཡོད། 

  ལོ་རྒྱུས་དཔྱད་ཡིག《འབྲི་ཆུ་ནས་ཡོང་བ》དང་《གླག་རི་མའི་གྲོང་སྡེའི་ལོ་རྒྱུས》སོགས་པར་འགྲེམས་བྱས་ཏེ་ལོ་རྒྱུས་རིག་གནས་ལས་དོན་ཁྱད་ཆོས་མངོན་གསལ་དང་སྤུས་ཚད་མཐོར་འདེགས་བཏང་ཡོད། 

   བློས་འགེལ་ཆོག་པ་དང་རྗེས་སྙེག་ཐུབ་པ། ལས་ཀ་དོ་དན་སྒྲུབ་པ། འགན་ཁུར་ཐུབ་པ། སྤྱོད་པ་དྲང་བ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་དང་ལས་བྱེད་པའི་དཔུང་ཁག་གསར་འཛུགས་བྱས་ཡོད།

 ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད། 

 

 2021ལོར་ཁུལ་སྲིད་གྲོས་ཀྱིས་ལས་དོན་གཙོ་བོ་འདི་ཚོ་བསྒྲུབ་རྒྱུ་རེད།

 

  དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་ཨུ་ཡོན་གྱི་ཁྲོད་དུ་ཏང་བཙུགས་ནས་ལོ100འཁོར་བའི་དྲན་རྟེན་བྱེད་སྒོ་དང་ངས་མང་ཚོགས་ལ་དོན་དངོས་ཤིག་སྒྲུབ་ཅེས་པའི་བྱེད་སྒོ་སྤེལ་རྒྱུ། 

  ཇུས་འདོན་སྲིད་ཕན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ་ཕྱོགས་གཉིས་ལ་ཤུགས་བརྒྱབ་སྟེ་ཐབས་ཤུགས་མཉམ་འདོན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཆགས་པ་བྱ་དགོས། 

  རང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་འཐབ་ཇུས་ཆེན་པོ་དྲུག་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་ཏེ་སྤུས་ཚད་མཐོ་བའི་ཇུས་འདོན་ཁག་ཅིག་འགྲུབ་པར་བྱ་དགོས། 

  སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་ཡག་པོ་བྱ་རྒྱུར་དམིགས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་ཏེ་བདེ་ཐང་དཀར་མཛེས་འཛུགས་སྐྲུན་མགྱོགས་སུ་གཏོང་བ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་ཧུར་ཐག་བྱས་ནས་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་གཙོ་གནད་ཞིབ་འཇུག་བྱ་གཞིར་ཆེད་དོན་བརྟག་ཞིབ་གྲོས་མོལ་བྱས་ནས་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རོགས་བྱ་དགོས། 

  དབུལ་ཐརགྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞིང་སྡེ་འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་བ། ཞིང་འབྲོག་ཁུལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ཚད་མཐོན་པོས་ལས་ཞུགས་གང་ལེགས་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་ཆེད་དོན་ལྟ་ཞིབ་དང་ལྟ་སྐུལ་བྱས་ཏེ་ཏང་སྲིད་ཀྱིས་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏང་རྒྱུར་རོགས་རམ་བྱ་དགོས། 

   མི་སེར་གྱི་འཚོ་གནས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་“དོན་ཆེན་ཨང་དང་པོ་”དང་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་ཤུགས་རྐྱེན་ཐེབས་པའི་“འགག་རྩའི་དོན་ཆུང་”ཐག་གཅོད་ཡག་པོ་བྱེད་པར་སྐུལ་འདེད་གཏང་དགོས།  

   ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་སུ“ངས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་ཆེད་རང་ནུས་གང་ཡོད་འདོན་པའི”གཙོ་དོན་བྱེད་སྒོ་སྤེལ་བ་དང་།“གཞི་རིམ་དུ་བསྐྱོད་དེ་བྱམས་སེམས་འབུལ་བ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ”བཅས་ཀྱི་བྱེད་སྒོ་སྤེལ་ནས་ཏང་སྲིད་ལ་གཞོགས་འདེགས་ཀྱིས་དམངས་འཚོའི་དཀའ་གནད་སེལ་རོགས་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ།


ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

 ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
 

   གྲོས་འཆར་སྒྲུབ་གཉེར་བྱས་ཚུལ་འདི་འདྲ་རེད།

    སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་ལ་གྲོས་འཆར་ཁྱོན་བསྡོམས177འབྱོར་ཡོད་ཅིང་། དེའི་ཁྲོད་བརྒྱ་ཆ80ཙམ་བསྒྲུབས་ཐུབ་ཡོད་པ་རེད།

 

  • ལེ་ཚན་སྔོན་མ།:ཁུལ་ཚོགས་ཆེན་གཉིས་ལ་ཞུགས་མཁན་ཨུ་ཡོན་དང་འཐུས་མི་ཚོ་དར་མདོར་འབྱོར།
  • ལེ་ཚན་རྗེས་མ།:ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་ཨུ་ཡོན་ཚོ་ལ་འཚམས་འདྲི་ཞུ།
  • དོ་སྣང་ཆེ་བའི་རྩོམ།