ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།

སྐལ་ཐུབ་དང་ཨོ་རྒྱན། ཀུན་དགའ། ཡེ་ཤེས་བཅས་ཀྱིས།        2021-02-04

ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།

ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།

  ཚོགས་ཆེན་གྱི་ཚོགས་ར།

     སྤྱི་ཟླ2པའི་ཚེས3ཉིན།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་དེ་དར་མདོའི་ཟློས་གར་ཁང་དུ་འཚོག་མགོ་ཚུགས་པ་རེད།

     ཚོགས་འདུར་ཞུགས་དགོས་པའི་འཐུས་མི277ཡོད་ཅིང་། ཐེངས་འདིར་འཐུས་མི256ཞུགས་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།

ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།

ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་སྲིད་གཞུང་ལས་དོན་སྙན་སྒྲོག་བྱེད་བཞིན་པ།

     མགོ་ཚུགས་ཚོགས་ཆེན་ལ་གྲོས་རིམ་བདུན་ཡོད་དེ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་སྲིད་གཞུང་ལས་དོན་སྙན་སྒྲོན་ཞུ་བ་དང་། ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་གིས་དཀར་མཛེས་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་སྒྲིག་བཟོའི་གནས་ཚུལ་གྱི་གསལ་བཤད་ཞུ་བ།(ཡིག་ཐོག་ནས།)ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་གིས་དཀར་མཛེས་ཁུལ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2021ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་ཞུ་བ་དང་།(ཡིག་ཐོག་ནས།)ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཝུན་ཅན་གོ་ཡིས་དཀར་མཛེས་ཁུལ2020ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2021ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་ཞུ་བ། (ཡིག་ཐོག་ནས།) ཁུལ་དམངས་ཆེན་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཧྥུ་ལིན་གྱིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི〈དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》ལག་ལེན་བྱས་པའི་སྐོར་གྱི་ཁ་གསབ་གཏན་འབེབས〉བཟོ་བཅོས་རྒྱག་པའི་སྐོར་གྱི་གཏན་འབེབས(འཆར་ཟིན)》སྐོར་གསལ་བཤད་ཞུ་བ། (ཡིག་ཐོག་ནས།)   ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཧྥུ་པའོ་ཡིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ཞུ་བ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་འཛིན་ལིའོ་ཞུའེ་ཏུང་གིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ཞུ་བ་བཅས་སོ།

ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་མགོ་ཚུགས་ཚོགས་ཆེན་གཙོ་འགན་བཞེས་བཞིན་པ།

ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི།

      ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དུ་བྱ་རྒྱུ་གཡོ་བ་མེད་པ་བྱེད་ཅིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱ་རྒྱུ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱ་རྒྱུ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་འཛིན་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ། འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞུགས་ཤིང་། འབྱུང་འཕྲོད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུ་གཙོ་གནད་དུ་འཛིན་པ། བཅོས་བསྒྱུར་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་ཏེ། ཞིང་ཆེན་ཡོངས་ཀྱི“ཞིང་ལས་བརྟན་པོ་དང་། བཟོ་ལས་རྒྱ་སྐྱེད། འཛད་སྤྱོད་ལ་སྐུལ་འདེད། ནང་མཁོ་རྒྱ་སྐྱེད། ལས་གཞི་དམ་འཛིན། གསར་གཏོད་ལ་མཐོང་ཆེན། འཁོར་སྐྱོད་བདེ་བ། སྤུས་ཚད་མཐོར་འདེགས”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་དམིགས་པ་དང་། ཁུལ་ཨུའི“དམིགས་ཡུལ་གཅིག་ལ་དམིགས་པ་དང་འགག་རྩ་གཉིས་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ། གསུམ་འཛུགས་མཉམ་འགུལ་ལ་སྐུལ་འདེད་གཏོང་བ། དོན་ཆེན་བཞིར་དམ་འཛིན་བྱ་རྒྱུ། འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱ་རྒྱུ”བཅས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་གཞི་བཟུང་ནས། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་སྒྲུབ་པ་དང་།“འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱ་དགོས།

ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
དམངས་ཆེན་འཐུས་མི་ཚོས་ཁ་ཤུབས་བརྒྱབ་ནས་ཚོགས་རར་བསྐྱོད་བཞིན་པ།

ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ཚོགས་རའི་ཡུལ་དངོས།

སྔོན་དཔག་དམིགས་འབེན་གཙོ་བོ་ནི།

   ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ7འཕར་བ་དང་བརྒྱ་ཆ8འཕར་ཐབས་བྱ་རྒྱུ། བཟོ་ལས་ཀྱི་རིན་ཐང་འཕར་མ་བརྒྱ་ཆ10འཕར་བ་དང་བརྒྱ་ཆ11འཕར་ཐབས་བྱ་རྒྱུ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་བརྒྱ་ཆ11འཕར་བ་དང་བརྒྱ་ཆ12འཕར་ཐབས་བྱ་རྒྱུ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་ཚད་བརྒྱ་ཆ5འཕར་བ་དང་བརྒྱ་ཆ6འཕར་ཐབས་བྱ་རྒྱུ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་བརྒྱ་ཆ9འཕར་བ་དང་བརྒྱ་ཆ10འཕར་ཐབས་བྱ་རྒྱུ།  ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆ8འཕར་བ་དང་བརྒྱ་ཆ9འཕར་ཐབས་བྱ་རྒྱུ།  གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་མི་མི་རེས་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ8འཕར་བ་དང་བརྒྱ་ཆ9འཕར་ཐབས་བྱ་རྒྱུ།  ཞིང་སྡེའི་གཞིས་མི་མི་རེས་ཆ་སྙོམས་རེས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ10འཕར་བ་དང་བརྒྱ་ཆ11འཕར་ཐབས་བྱ་རྒྱུ་བཅས་རེད།

ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།

འཐུས་མི་ཚོས་རིག་པ་བསྒྲིམས་ནས་སྙན་སྒྲོན་ལ་ཉན་འཇོག་བྱེད་བཞིན་པ།

གོང་གི་དམིགས་འབེན་མངོན་འགྱུར་བྱེད་པར་གཤམ་གསལ་གྱི་ལས་དོན་ལ་གཙོ་གནད་དུ་དམ་འཛིན་ཡག་པོ་བྱ་དགོས་པ་སྟེ།

དང་པོ། ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བ་བྱས་ཏེ་འབྱུང་འཕྲོད་དེང་རབས་ཀྱི་ཐོན་ལས་མ་ལག་བསྐྲུན་དགོས།

གཉིས་པ། བཅོས་བསྒྱུར་སྒོ་འབྱེད་མངོན་གསལ་བྱས་ཏེ་འཁོར་སྐྱོད་གཉིས་ཀྱི་འཕེལ་རྒྱས་གསར་པའི་གནས་བབ་ལ་འདྲེས་པར་བྱ་དགོས།

གསུམ་པ། སྐྱེ་ཁམས་དམིགས་བཀར་མངོན་གསལ་དོད་པོ་བྱས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱ་དགོས།

བཞི་པ། ཡུལ་སྡེ་དར་རྒྱས་གཏང་རྒྱུའི་མངོན་གསལ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས།

ལྔ་པ། གྲོང་ཡུལ་རིམ་སྤོར་མངོན་གསལ་དོད་པོར་ཡོང་བ་བྱས་ཏེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏང་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་དགོས།

དྲུག་པ། དམངས་འཚོ་ལེགས་བཅོས་མངོན་གསལ་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏང་དགོས།

བདུན་པ། ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་དོན་མངོན་གསལ་བྱས་ནས་འཆམ་མཐུན་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པ་སྲ་བརྟན་གཏང་དགོས། 

བརྒྱད་པ། དམངས་ཀྱི་དོན་དུ་སྲིད་དོན་བརྩོན་གཉེར་བྱ་རྒྱུ་མངོན་གསལ་དོད་པོར་ཡོང་བ་བྱས་ནས་སྲིད་གཞུང་གི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུ་སྐུལ་སྤེལ་གཏང་དགོས།


ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་སྲིད་གཞུང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད། 

འཐུས་མི་ཚོ་ཚོགས་ར་ནས་ཕྱིར་འབུད་བཞིན་པ།

  • ལེ་ཚན་སྔོན་མ།:ངེས་པར་དུ་ཤེས་དགོས་པའི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ།
  • ལེ་ཚན་རྗེས་མ།:སྲིད་གྲོས་ཨུ་ཡོན་བཞི་པོས “ཨུ་ཡོན་བགྲོད་ལམ”བརྒྱུད་ནས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གླེང་།
  • དོ་སྣང་ཆེ་བའི་རྩོམ།