ཞའོ་ཡིའུ་ཚའེ་ཡིས་སེར་ཤུལ་རྫོང་དུ་འཚམས་འདྲི་དང་རིམས་བབ་འགོག་ཟོན་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-02-01

    སྤྱི་ཟླ་དང་པོའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་སེར་ཤུལ་རྫོང་དུ་ཕེབས་ནས་དཔྱིད་གསར་དུས་ཆེན་དང་བོད་ལོ་སར་གྱི་འཚམས་འདྲི་བྱེད་སྒོ་སྤེལ་བ་དང་། ཁོང་གིས་རྫོང་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་ཀ་སྣ་ཚོགས་ཀྱི་ཁྲོད་དུ་ཧུར་ཐག་ཞུགས་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དང་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་ལས་ཀར་བྱས་རྗེས་གསར་པ་ཧུར་ཐག་འབུལ་དགོས་ཞེས་ཐུགས་རེ་གནང་བ་རེད།

    ཞའོ་ཡིའུ་ཚའེ་སེར་ཤུལ་རྫོང་གི་གཞི་རིམ་གྱི་ལས་ཡུལ་དང་པོར་ཕེབས་ནས་ཏོག་གསར་གློ་རིམས་ཀྱི་རིམས་བབ་འགོག་ཟོན་ལས་ཀར་ལྟ་སྐུལ་ཞིབ་བཤེར་དང་། ལས་ཡུལ་དང་པོའི་ལས་སྒྲུབ་མི་སྣར་འཚམས་འདྲི་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རིམས་བབ་འགོག་ཟོན་ལས་ཀའི་སྐོར་གྱི་རབ་དང་རིམ་པའི་བཀོད་སྒྲིག་ལག་བསྟར་གཏོང་བ་དང་། གནད་དོན་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས། ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏང་རྒྱུ། ལྷོད་གཡེང་གི་བསམ་བློ་སེལ་ཐབས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རིམས་བབ་འགོག་ཟོན་དོ་དམ་ཡག་པོ་བཅས་བྱས་ནས། རྒྱུན་གཏན་ཅན་གྱི་འགོག་ཟོན་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཞིབ་འཇུག་སློབ་གླིང་གིས་ཞིང་ལས་ཚན་རྩལ་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ཡི་གེ་འགོད་པའི་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཁྱག་ཉར་འདྲེན་འཚོང་ཟས་རིགས་སྐོར་གྱི་རིམས་ཟོན་བྱེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།