ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཞིབ་འཇུག་སློབ་གླིང་གིས་ཞིང་ལས་ཚན་རྩལ་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ཡི་གེ་འགོད་པའི་མཛད་སྒོ་སྤེལ།

ལྷ་འཛོམས་ཀྱིས་བསྒྱུར།        2021-02-01

ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཞིབ་འཇུག་སློབ་གླིང་གིས་ཞིང་ལས་ཚན་རྩལ་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ཡི་གེ་འགོད་པའི་མཛད་སྒོ་སྤེལ།

     སྤྱི་ཟླ་དང་པོའི་ཚེས25ཉིན་ལ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་སློབ་གླིང་། སི་ཁྲོན་ཞིང་ཆེན་ཞིང་ལས་སློབ་ཆེན་བཅས་ཀྱིས་ཞིང་ལས་ཚན་རྩལ་མཉམ་ལས་སྐོར་གྱི་གྲོས་མཐུན་འཇོག་པའི་མཛད་སྒོ་དེ་ཁྲེང་ཏུའུ་རུ་སྤེལ་བ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་། སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རྩལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། སློབ་གླིང་གི་དབུ་ཞུགས་ཚན་རིག་པ་ལུའི་ཧུ་མིང་། སི་ཁྲོན་ཞིང་ལས་སློབ་ཆེན་གྱི་མགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དགེ་རྒན་ཆེ་མོ་བ་ཝུའུ་ཏེ། སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གླིང་མགོ་གཙོ་མུའུ་ཅིན་ཏོན་བཅས་གྲོས་མཐུན་ཡི་གེ་འཇོག་པའི་མཛད་སྒོའི་ནང་ཞུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་གྲོས་མཐུན་འཇོག་པའི་མཛད་སྒོའི་གཙོ་འགན་བཞེས་པ་དང་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་གིས་ཤིས་ཚིག་ཕུལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2008ལོའི་ཟླ་བ8པ་དང2011ལོའི་ཟླ་བ12པར་རང་ཁུལ་དང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་སི་ཁྲོན་ཞིང་ལས་སློབ་ཆེན་གྱིས་ཁག་བགོས་ནས་སློབ་གླིང་དང་ཁུལ། སློབ་གྲྭ་དང་ཁུལ་བར་ཞིང་ལས་ཚན་རྩལ་མཉམ་ལས་གྲོས་མཐུན་བཞག་པ་ནས་བཟུང་། སྐབས་རིམ་བྱུང་གི་ཁུལ་ཨུ་དང་སྲིད་གཞུང་། ཞིང་ཆེན་ཞིང་ལས་ཚན་རྩལ་གླིང་། སི་ཁྲོན་ཞིང་ལས་སློབ་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན་གཙོས་ཐུགས་ཁུར་གནང་འོག རྒྱ་ཆེ་བའི་ཚན་རྩལ་ཞིབ་འཇུག་ཁང་དང་ཆེད་རམས་པ། མཁས་དབང་བཅས་ཀྱིས་མཉམ་དུ་འབད་བརྩོན་ཧུར་ཐག་བྱས་ཤིང་། ཁུལ་དང་སློབ་གླིང་། ཁུལ་དང་སློབ་ཆེན་མཉམ་ལས་བྱས་པར་བརྒྱུད། ཚན་རྩལ་གྱི་དཀའ་འགག་འབོར་ཆེན་ཞིག་འགག་སྒྲོལ་ཐུབ་ཅིང་། ཚན་རྩལ་གྲུབ་འབྲས་འབོར་ཆེན་ཞིག་ཐོབ་ཡོད། ཚན་རྩལ་ཤེས་ལྡན་མི་སྣ་ཚན་འབོར་གཅིག་གསོ་སྐྱོང་ཐུབ་ཅིང་། རང་ཁུལ་གྱི་ཞིང་ལས་ཚན་རྩལ་གསར་སྐྲུན་དང་ཞབས་འདེགས་ནུས་པ་མངོན་གསལ་དུ་ཆེ་རུ་ཕྱིན་ཞིང་། རང་ཁུལ་གྱིས་ཤིན་ཏུ་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ཆེན་པོ་ལས་རྒྱལ་ཁ་ཐོབ་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཚན་རྩལ་གྱི་རྒྱབ་སྐྱོར་སྲ་ཞིང་བརྟན་པ་འདོན་སྤྲོད་བྱས་ཡོད།།

  • ལེ་ཚན་སྔོན་མ།:མེ་མ་ཤོར་གོང་གི་མེ་རགས། རང་ཁུལ་གྱི་མེ་འགོག་གྲབས་སྦྱོང་།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་སེར་ཤུལ་རྫོང་དུ་འཚམས་འདྲི་དང་རིམས་བབ་འགོག་ཟོན་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་།
  • དོ་སྣང་ཆེ་བའི་རྩོམ།