རང་ཁུལ་གྱིས་མིང་འདོན་ལས་བྱེད་པའི་བསྐོ་འཐེན་ལས་དོན་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2017-10-02

     ལས་བྱེད་པའི་མི་དོན་ལམ་ལུགས་ཀྱི་བསྒྱུར་བཅོས་ཟབ་སྤེལ་དང་མིང་འདོན་བསྐོ་འཐེན་ལས་དོན་གྱི་ལས་ཆོད་དང་སྤུས་ཚད་མཐོ་རུ་གཏང་ཆེད། ཉེ་ཆར། རང་ཁུལ་གྱིས《མིང་འདོན་ལས་བྱེད་པའི་བསྐོ་འཐེན་ལས་དོན་བྱ་ཐབས﹙ཚོད་ལྟའི་ལག་བསྟར﹚》བཏོན་ཞིང་མིང་འདོན་བསྐོ་འཐེན་གྱི་ཁྱབ་ཁོངས་དང་འབྲེལ་གཏུག་གི་ལམ་སྲོལ་འཁོར་སྐྱོད་བརྒྱུད་རིམ། སྒྲུབ་པའི་དུས་བཀག ཞིབ་བཤེར་གྱི་དགོས་འདུན། འགན་འཁྲི་བདའ་འདེད་སོགས་ཕྱོགས་དྲུག་གི་ཐད་ལ་ཚད་ལྡན་བཟོས་ཡོད་ཅིང་། གཅིག་ནི་བསྐོ་འཐེན་བྱ་རྒྱུ་དང་མིང་འདོན་བྱེད་ཁོངས་ཚད་ལྡན་བྱས་པ་དང་། གཉིས་ནི་མིང་འདོན་བསྐོ་འཐེན་དང་གྲོས་མོལ་བྱེད་སྟངས་ཚད་ལྡན་བཟོས་པ། གསུམ་ནི་མིང་འདོན་བསྐོ་འཐེན་གྱི་འཁོར་སྐྱོད་བརྒྱུད་རིམ་ཚད་ལྡན་བྱས་པ། བཞི་ནི་མིང་འདོན་བསྐོ་འཐེན་གྱི་སྒྲུབ་པའི་དུས་བཀག་ཚད་ལྡན་བཟོས་པ། ལྔ་ནི་དཔྱད་ཡིག་ཞིབ་བཤེར་གཏན་འབེབས་བྱས་པ། དྲུག་ནི་མིང་འདོན་བསྐོ་འཐེན་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་ལས་དོན་སྐུལ་འདེད་ཚོགས་འདུ་ལི་ཐང་དུ་འཚོགས།
  • ལེ་ཚན་རྗེས་མ།:ཞིང་ཆེན་གྱི་མང་ཚོགས་ཚོགས་པའི་བཅོས་བསྒྱུར་བཀོད་སྒྲིག་ལྟ་བཤེར་རྟོག་ཞིབ་ཚོ་ཆུང་གིས་རང་ཁུལ་དུ་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།