ཞིང་ཆེན་གྱི་མང་ཚོགས་ཚོགས་པའི་བཅོས་བསྒྱུར་བཀོད་སྒྲིག་ལྟ་བཤེར་རྟོག་ཞིབ་ཚོ་ཆུང་གིས་རང་ཁུལ་དུ་བརྟག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2017-10-02

     ཉེ་ཆར། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ཝང་ཝན་ཁུན་གྱིས་ཞིང་ཆེན་གྱི་མང་ཚོགས་ཚོགས་པའི་བཅོས་བསྒྱུར་བཀོད་སྒྲིག་ལྟར་བཤེར་རྟོག་ཞིབ་ཚོ་ཆུང་སྣེ་ཁྲིད་བྱས་ཏེ། རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་དུ་ཕྱིན་ནས་རང་ཁུལ་གྱིས་མང་ཚོགས་ཚོགས་པའི་བཅོས་བསྒྱུར་ལས་ཀར་བརྟག་ཞིབ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ། ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ལྷན་གྱི་ཧྲུའུ་ཅི་སྐལ་བཟང་གིས་བརྟག་ཞིབ་བྱེད་སར་ཕེབས་རོགས་གནང་བ་རེད།

     བརྟག་ཞིབ་ཚོ་ཆུང་གིས་སྔོན་རྗེས་སུ་རང་ཁུལ་གྱི་ལྕགས་ཟམ་རྫོང་གི་ལྕགས་ཟམ་གྲོང་རྡལ་གྱི་བོད་ཁུལ་མང་ཚོགས་ཚོགས་པའི་ཞབས་ཞུའི་ལྟེ་གནས་དང་། དར་མདོ་གྲོང་ཁྱེར་གཡག་རྭ་ཤང་གི་ཟམ་གསུམ་པའི་གྲོང་སྡེ། ཁུལ་གསར་གཏོད་ལས་སྒྲུབ་ལྟེ་གནས་སོགས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱེད་ཅིང་། འབྲེལ་ཡོད་གནས་ཚུལ་འདྲི་རྩད་དང་སྙན་སེང་ལ་གསན་འཇོག་བྱས་པར་བརྒྱུད། རང་ཁུལ་གྱི་མང་ཚོགས་ཚོགས་པའི་བཅོས་བསྒྱུར་ལས་ཀར་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།

      བརྟག་ཞིབ་ཚོ་ཆུང་གིས་རང་ཁུལ་གྱི་མང་ཚོགས་ཚོགས་པའི་བཅོས་བསྒྱུར་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད། ཝང་ཝན་ཁུན་གྱིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚད་མཐོན་པོའི་མཐོང་ཆེན་བྱས་འོག དཀར་མཛེས་ཁུལ་གྱི་མང་ཚོགས་ཚོགས་པའི་བཅོས་བསྒྱུར་ལས་ཀའི་ཐད་ཆབ་སྲིད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་གཅིག་གྱུར་བྱས་པར་བརྟེན། བཅོས་བསྒྱུར་དོན་འཁྱོལ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་ཉམས་མྱོང་དང་བྱེད་ཐབས་ཡག་པོ་ཡོད་པ་རེད་ཅེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་མིང་འདོན་ལས་བྱེད་པའི་བསྐོ་འཐེན་ལས་དོན་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་།
  • ལེ་ཚན་རྗེས་མ།:2017ལོའི་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་རོལ་དབྱངས་དུས་ཆེན།
  • དོ་སྣང་ཆེ་བའི་རྩོམ།