ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་བཏང་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འབུལ་དགོས།༼༡༽

        2017-08-29

  

  སྤྱི་ཟླ8པའི་ཚེས22ཉིན། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བླང་བྱའི་ཐོག་གཅིག་གྱུར་ཧུར་ཐག་བྱེད་ཅིང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་གདིང་ཟབ་བྱེད་པ་དང་། དཀར་མཛེས་ཁུལ་གྱི་འཐབ་ཇུས་ཀྱི་གནས་ས་ཡང་དག་པ་འཚོལ་ཐུབ་པ་དང་། རྒྱུན་ཆད་མེད་པར་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་ཞིང་། དུས་བབ་ལ་ངོས་འཛིན་གདིང་ཟབ་བྱེད་ཅིང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། འཐབ་ཇུས་ཆེན་པོ་དྲུག་ལག་ལེན་གཏོང་བ་དེས་ཐབས་ལམ་གལ་ཆེན་དུ་བྱས་ཤིང་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་བཏང་བས་ཐོབ་པའི་དངོས་ཡོད་གྲུབ་འབྲས་ཀྱིས་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏོང་བའི་བྱ་གཞག་ཆེན་པོ་ལ་དཀར་མཛེས་ཁུལ་གྱི་ནུས་ཤུགས་འབུལ་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་སུ་ཞུགས་ཡོད།

   ལིའུ་ཁྲེང་མིང་གིས་བསྟན་དོན། གྲོས་ཚོགས་ཐོག་གྲོས་བསྡུར་བྱས་པར་བརྒྱུད་ནས་ཚང་མར་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏིག་བྱས་ཤིང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དམིགས་འབེན་གཅིག་དང་། གནད་འགག་གཉིས། དོན་ཆེན་གསུམ། འཐབ་ཇུས་ཆེན་པོ་དྲུག་བཅས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་གཞི་རྩའི་ཐོག་ནས་དུས་ཚོད་ཕྱེད་བརྒལ་དང་ལས་འགན་ཕྱེད་གྲུབ་ཡོང་བ་དང་།  ལས་ཀ་ཁག་རྒྱུན་བསྲིངས་ནས་ནུས་ཤུགས་ཡོད་པ་དང་གོ་སྒྲིག་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་ལོ་འཁོར་གྱི་དམིགས་འབེན་ལས་འགན་ཡོངས་སུ་འགྲུབ་པར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ཡོད་པའི་གཅིག་གྱུར་གྱི་ངོས་འཛིན་བྱུང་ཡོད།  ཁུལ་ཨུའི《ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་གདིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་སྐོར་གྱི་གཏན་འབེབས》ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་མཐར་ཕྱིན་བཏང་བ་དང་། ཁྱོན་ཡོངས་ནས་ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན། ལྷག་པར་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་རང་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་བཅས་ལག་བསྟར་བྱས་པ་གསལ་པོར་མངོན་ཡོད་ཅིང་། དེ་ནི་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཡུན་རིང་བདེ་འགོད་ཡོང་བ། སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་ཆེད་དཀར་མཛེས་ཁུལ་གྱི་ནུས་ཤུགས་འབུལ་བའི་ངོ་བོའི་བླང་བྱ་དང་འགན་སྲུང་གལ་ཆེན་ཡིན་པའི་གཅིག་གྱུར་གྱི་ངོས་འཛིན་བྱུང་ཡོད།  ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་གཏོང་བའི་ལས་ཀའི་འཆར་འགོད་ལྔའི་བརྗོད་དོན་མངོན་གསལ་དོད་ཅིང་ལས་འགན་ཁ་གསལ་ལ། བྱེད་ཐབས་དོན་ལ་གནས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དང་ལྷག་པར་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་རང་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་དཀར་མཛེས་ཁུལ་དོན་འཁྱོལ་ཐུབ་ཅིང་གྲུབ་འབྲས་འཐོབ་པར་ཁག་ཐེག་བྱེད་ཆེད་ཁ་ཕྱོགས་གསལ་པོར་བསྟན་ཡོད་པ་དང་བྱེད་ཐབས་གསལ་པོར་བཟོས་ཡོད་པས། རྒྱུན་ཆད་མེད་པར་དཀར་མཛེས་བོད་ཁུལ་ལ་ཁུ་སིམ་མེར་ཁྲོད་དུ་རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་གྲུབ་འབྲས་སྲ་བརྟན་གཏོང་བར་ཕན་ཞིང་། དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ཤིང་ཡུན་རིང་བདེ་འགོད་ཡོང་བར་ཕན་པ་རེད།

  ལིའུ་ཁྲེང་མིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདུན་པའི་ཚེས་ཉེར་དྲུག་ཉིན་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་བྱང་ཆུབ་པར་བླངས་ཏེ་ཆབ་སྲིད་ཀྱི་རང་རྟོགས་ཆེས་མཐོ་བས་སློབ་སྦྱོང་ལག་ལེན་བྱ་རྒྱུ་དམ་འཛིན་བྱས་ཤིང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བླང་བྱ་ཐོག་གཅིག་གྱུར་ཡོང་བར་བྱ་དགོས།  གཅིག་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་གྲུབ་འབྲས་འཕྱུགས་མེད་ངང་ཁོང་དུ་ཆུད་པར་བྱ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱིས་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ“གདེང་ཚོད་བཞི”སྲ་བརྟན་དུ་གཏང་རྒྱུ་དང་། ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་ཅིང་། རྒྱལ་ཁབ་དང་མི་རིགས་བདེ་འཇགས་ཡིན་ན། གཞི་ནས་ཚང་མ་བདེ་མོ་ཡོང་བའི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་འདུ་འགྲིལ་གང་ལེགས་བྱས་ཏེ་དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་དང་ཡུན་རིང་བདེ་འགོད་ཡོང་བར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་པའི་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ་ང་ཚོའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བརྗོད་སྙིང་འཕྱུགས་མེད་ངང་ཁོང་དུ་ཆུད་པར་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་ཞིང་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པས་སྤྱི་འདོམས་བྱེད་ཅིང་། ཁྱོན་ཡོངས་ནས་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁུལ་ཨུའི“དམིགས་འབེན་གཅིག་དང་གནད་འགག་གཉིས། དོན་ཆེན་གསུམ་དང་འཐབ་ཇུས་ཆེན་པོ་དྲུག”གི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་མྱུར་མགྱོགས་ཀྱིས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དཀར་མཛེས་ཁུལ་གྱི་ནུས་ཤུགས་འདོན་དགོས། གསུམ་ནི་རང་རྒྱལ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་བླང་བྱ་གལ་ཆེན་འཕྱུགས་མེད་ངང་ཁོང་དུ་ཆུད་པར་བྱ་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། དཀར་མཛེས་ཁུལ་གྱི་འགལ་བ་ཆེན་པོ་གཉིས་ཡུན་རིང་མཉམ་གནས་ཡོད་པ་དང་མི་འདང་སའི་ཞན་ཆ་ཆེན་པོ་ལྔ་ཕན་ཚུན་བསྣོག་འདྲེས་སུ་ཡོད་པའི་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག  དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་གོང་འཕེལ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དང་ལས་ཀའི་ལག་ལེན་དུ་བསྒྱུར་བར་སྐུལ་འདེད་གཏང་དགོས། བཞི་ནི་ལག་ལེན་གྱི་རྨང་གཞིའི་ཐོག་གཞུང་ལུགས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་ཕོད་པའི་བླང་བྱ་གལ་ཆེན་འཕྱུགས་མེད་ངང་ཁོང་དུ་ཆུད་པར་བྱ་དགོས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་ལེགས་སྐྱོང་བྱ་བའི་ཐོག་མར་གཞག་པ་དང་། འཕེལ་རྒྱས་གཏོང་བཞིན་པའི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་གསར་པར་མཛུབ་ཁྲིད་བྱ་རྒྱུར་རྒྱུན་འཁྱོངས་བྱས་ནས་ཏན་ཏིག་གིས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དཀར་མཛེས་ཁུལ་དུ་དོན་འཁྱོལ་ཡག་པོ་བྱ་དགོས། ལྔ་ནི“ལོ་བརྒྱ་ཐམ་པ་གཉིས” ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་འཕྱུགས་མེད་ངང་ཁོང་དུ་ཆུད་པར་བྱ་དགོས། “ལོ་བརྒྱ་ཐམ་པ་གཉིས” ཀྱི་འབད་འཐབ་དམིགས་འབེན་དང་འཐབ་ཇུས་བཀོད་སྒྲིག་ལ་ཤེས་རྟོགས་ཟབ་མོ་བྱེད་ཅིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་པའི་སྐབས་སུ་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་ཚེ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཝང་ཏུང་མིང་ཧྲུའུ་ཅི་དཀར་མཛེས་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་བའི་སྐབས་ཀྱི་མཛའ་བརྩེའི་མངལ་བཅོལ་སེམས་ལ་བཞག་སྟེ“འཐབ་ཇུས་ཆེན་པོ་དྲུག” ལག་བསྟར་གཏིང་ཟབ་གཏོང་ཞིང་། ནུས་ཤུགས་ཡོད་དགུས་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་བཏང་སྟེ་སེམས་ཤུགས་གཅིག་སྒྲིལ་གྱིས་དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་དུ་སླེབས་པ་དང་ཡུན་རིང་བདེ་འགོད་ཡོང་བ་བྱ་དགོས། དྲུག་ནི་གཡོ་འགུལ་སྤུ་ཙམ་མེད་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་བླང་བྱ་གལ་ཆེན་འཕྱུགས་མེད་ངང་ཁོང་དུ་ཆུད་པར་བྱ་དགོས། ཐོག་མཐའ་བར་གསུམ་དུ་ཏང་ནན་པོས་བསྐྱང་རྒྱུ་ལྷོད་དུ་མི་གཏོང་བ་དང་ཏང་དོ་དམ་དང་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱུན་ཆད་མེད་པར་དཀར་མཛེས་ཁུལ་གྱི་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་སྲ་བརྟན་དང་གོང་འཕེལ་བཏང་སྟེ་མཛེས་སྡུག་སྐྱེ་ཁམས་དང་། འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་ཁག་ཐེག་བྱ་དགོས།

   ལིའུ་ཁྲེང་མིང་གིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བྱེད་ཅིང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ་རྒྱུན་ཆད་མེད་པར་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏང་དགོས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་མཛེས་སྡུག་དར་རྒྱས་འཆམ་མཐུན་བཅས་ཀྱི་སི་ཁྲོན་གྱི་དམིགས་འདུན་གཏན་འཁེལ་བྱས་ཤིང་ཕྱོགས་ཡོངས་ནས་དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་ལས་འགན་ཁག་ལ་བཀོད་སྒྲིག་བྱས་པས་རང་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་པ་རེད། ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བསམ་ཕྱོགས་ལག་བསྟར་ནན་ཏིག་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་བཏོན་པའི་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་སྤྱིའི་བླང་བྱ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཤིང་། ཞིང་ཆེན་ཏང་ཨུས་འཕོ་འགྱུར་བྱུང་མེད་པ་ལྔ་དང་ཁ་ཚ་དགོས་གཏུག་ལྔ་ཡི་དུས་བབ་བརྡ་གཅོད་བྱས་པའི་ནང་དོན་སེམས་ལ་བརྟན་པོར་ངེས་དགོས། དཀར་མཛེས་ཁུལ་བརྟན་བརླིང་ཡོང་དགོས་ན་ཐོག་མར་ཁམས་ཁུལ་བརྟན་འཇགས་ཡོང་དགོས་པའི་འཐབ་ཇུས་ཀྱི་གོ་གནས་སུ་ཆགས་པར་ངོས་འཛིན་གསལ་པོར་བྱ་དགོས། དངོས་པོའི་རྨང་གཞི་ནི་ཡུན་རིང་བདེ་འགོད་ཡོང་བའི་འདེགས་སྐྱོར་གལ་ཆེན་དང་དམངས་སེམས་རྨང་གཞི་ནི་ཡུན་རིང་བདེ་འགོད་ཡོང་བའི་ངོ་བོའི་བླང་བྱ། བསམ་བློའི་རྨང་གཞི་ནི་ཡུན་རིང་བདེ་འགོད་ཡོང་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས། ཁྲིམས་སྐྱོང་རྨང་གཞི་ནི་ཡུན་རིང་བདེ་འགོད་ཡོང་བའི་འགན་སྲུང་གལ་ཆེན། རྩ་འཛུགས་རྨང་གཞི་ནི་ཡུན་རིང་བདེ་འགོད་ཡོང་བའི་རྩ་བའི་ཁག་ཐེག་བཅས་ཡིན་པར་ངོས་འཛིན་གདིང་ཟབ་མོ་བྱ་དགོས། རྨང་གཞི་ཆེན་པོ་ལྔ་སྲ་བརྟན་གཏོང་བ་དེ་ཡུན་རིང་བདེ་འགོད་ཡོང་བའི་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ལས་འགན་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལོ་བརྒྱའི་ཇུས་ཆེན་གཉེར་བ་དང་ཡུན་རིང་པོའི་འཆར་གཞི་གཞག་པ། ཚན་རིག་དང་མཐུན་པའི་ལས་ཀ་བཀོད་སྒྲིག་བྱེད་པ། ཕན་ནུས་ཡོད་པའི་སྒོ་ནས་ནུས་ཤུགས་ལ་གཅིག་གྱུར་འཆར་འགོད་བྱེད་ཅིང་། འབད་བརྩོན་ལྷོད་མེད་བྱས་ཤིང་། རྨང་གཞི་ཆེན་པོ་ལྔས་ཁུལ་ཡོངས་ཀྱི་ལས་ཀ་ཁག་ལ་སྤྱི་འདོམས་བྱེད་པ་དང་། རྡོག་རྩ་གཅིག་བསྒྲིལ་གྱིས་ལས་ཀ་མཉམ་སྒྲུབ་བྱས་ནས་དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དང་ཡུན་རིང་བདེ་འགོད་ཡོང་བར་བྱ་དགོས། 


  • ལེ་ཚན་སྔོན་མ།:ཁུལ་ཨུའི་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གིས་ཆེད་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟླ་བ7པའི་ཚེས26ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས།
  • ལེ་ཚན་རྗེས་མ།:ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་བཏང་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འབ
  • དོ་སྣང་ཆེ་བའི་རྩོམ།